ཐིག་ཁྲམ་སོ་སོ་ནང་ལུ་ཐིག་ཁྲམ་རྩིས་སྟོན་གྱི་གྲུབ་འབྲས་བཀྲམ་སྟོན་འབད་དོ།

ཁྱོད་ཀྱིས་ནང་ཐིག་ཚུ་གི་རྩ་སྟོན་འདི་ཐིག་ཁྲམ་གཅིག་ནང་ལག་ལེན་འཐབ་བཏུབ་ དེ་ལས་གྲུབ་འབྲས་འདི་ཐིག་ཁྲམ་སོ་སོ་གཅིག་ནང་བཀྲམ་སྟོན་འབད་བཏུབ།

  1. ཚིག་ཡིག་ཡིག་ཆ་གཅིག་ཁ་ཕྱེ་ སྣ་མང་ཀེར་ཐིག་ཚུ་དང་གྲལ་ཐིག་ཚུ་ཡོད་མི་ཐིག་ཁྲམ་གཅིག་བཙུགས་ དེ་ལས་ནང་ཐིག་གཅིག་ཡོད་མི་ཐིག་ཁྲམ་གཞན་མི་བཙུགས།

  2. ཐིག་ཁྲམ་སྦོམ་འདི་གི་ནང་ཐིག་ལ་ལུ་ནང་ལུ་ཨང་གྲངས་ཚུ་ཐོ་བཀོད་འབད།

  3. ནང་ཐིག་རྐྱང་པ་དེ་དང་གཅིག་ཁར་ཐིག་ཁྲམ་འདི་ནང་འོད་རྟགས་འདི་བཞག་ དེ་ལས་ F2 ཨེབ།

  4. In the Formula Bar, enter the function that you want to perform, for example, =SUM.

  5. ཨང་གྲངས་གཅིག་ཡོད་མི་ཐིག་ཁྲམ་སྦོམ་འདི་ནང་གི་ནང་ཐིག་གཅིག་ནང་ཨེབ་གཏང་ བསྡོམས་རྟགས་ (+) ཨེབ་ དེ་ལས་ཨང་གྲངས་གཅིག་ཡོད་མི་ནང་ཐིག་སོ་སོ་ནང་ཨེབ་གཏང་།

  6. ལོག་ལྡེ་ཨེབ།

དྲན་འཛིན་ངོས་དཔར།

ཁྱོད་ལུ་དགོ་པ་ཅིན་ ཁྱོད་ཀྱིས་ཐིག་ཁྲམ་འདི་ཚིག་ཡིག་སྤྱིར་བཏང་བཟུམ་སྦེ་བྱ་སྒྲིག་འབད་ནིའི་དོན་ལས་རྩ་སྒྲིག་འབད་ཚུགས། ཐིག་ཁྲམ་འདི་གཞི་ཁྲམ་གཅིག་ནང་ལུ་བཙུགས་ དེ་ལས་གཞི་ཁྲམ་འདི་ཡིག་འབྲུ་གཅིག་སྦེ་ཨེན་ཀོར་འབད། ཁྱོད་ཀྱིས་ཚིག་ཡིག་བཙུགས་པའི་སྐབས་ཡང་ན་བཏོན་གཏང་པའི་སྐབས་ གཞི་ཁྲམ་འདི་སྦོ་ལོག་ཁ་གི་ཚིག་ཡིག་འདི་ལུ་ཨེན་ཀོར་འབད་སྡོདཔ་ཨིན།


Please support us!