LibreOffice 7.5 Help
LibreOffice རྩོམ་འབྲི་པ་ནང་ལུ་ ཁྱོད་ཀྱིས་ཚིག་ཡིག་ - ནང་ན་ཚད་རིས་ ཐིག་ཁྲམ་ཚུ་ དང་ས་སྒོ་ཚུ་ - རང་བཞིན་ཚིག་ཡིག་སྦེ་ཡོད་མི་ ཤུལ་ལས་ཁྱོད་ཀྱིས་ཚིག་ཡིག་འདི་གང་མགྱོགས་སྦེ་བཙུགས་ཚུགས་ནིའི་དོན་ལས་ གསོག་འཇོག་ཡང་འབད་ཚུགས། ཁྱོད་ལུ་དགོཔ་ཨིན་པ་ཅིན་ ཁྱོད་ཀྱིས་རྩ་སྒྲིག་འབད་ཡོད་པའི་ཚིག་ཡིག་ཡང་གསོག་འཇོག་འབད་ཚུགས།
ཁྱོད་ཀྱིས་རང་བཞིན་ཚིག་ཡིག་ཐོ་བཀོད་སྦེ་སྲུང་བཞག་འབད་དགོ་མནོ་མི་ ཚིག་ཡིག་ ཚད་རིས་ཚུ་དང་གཅིག་ཁར་འབད་མི་ཚིག་ཡིག་ ཐིག་ཁྲམ་ ཡང་ན་ས་སྒོ་འདི་སེལ་འཐུ་འབད། ཚད་རིས་འདི་ཡིག་འབྲུ་སྦེ་ཨེན་ཀོར་འབད་ཡོདཔ་ཨིན་པ་ཅིན་དང་ འདི་ཉུང་མཐའ་ཚིག་ཡིག་ཡིག་འབྲུ་གཅིག་གིས་ཀྲིག་ཀྲི་དང་རྗེས་སུ་འབྲང་སྟེ་ཡོདཔ་ཨིན་པ་ཅིན་རྐྱངམ་ཅིག་སྲུང་བཞག་འབད་བཏུབ།
གདམ་ཁ་རྐྱབས།
ཁྱོད་ཀྱིས་རང་བཞིན་ཚིག་ཡིག་གསོག་འཇོག་འབད་དགོ་མནོ་མི་དབྱེ་རིམ་འདི་སེལ་འཐུ་འབད།
ཡིག་འབྲུ་བཞི་ལས་རིང་མི་མིང་གཅིག་ཡིག་དཔར་རྐྱབས། འ་ནི་འདི་གིས་ཁྱོད་ལུ་ ཡིག་དཔར་རྐྱབས་པའི་སྐབས་བསམ་འཆར་བཀོད་མི་སྦེ་མིང་གི་དྲན་བསྐུལ་བཀྲམ་སྟོན་ རང་བཞིན་ཚིག་ཡིག་གདམ་ཁ་འདི་ལག་ལེན་འཐབ་བཅུགཔ་ཨིན། ཁྱོད་ལུ་དགོཔ་ཨིན་པ་ཅིན་ ཁྱོད་ཀྱིས་གྲོས་འཆར་བཀོད་ཡོད་མི་མགྱོགས་ཐབས་འདི་ལེགས་བཅོས་འབད་བཏུབ།
རང་བཞིན་ཚིག་ཡིག་ ཨེབ་རྟ་འདི་ཨེབ་གཏང་ དེ་ལས་ གསརཔ་གདམ་ཁ་རྐྱབས།
ཁ་བསྡམ་ ཨེབ་རྟ་འདི་ཨེབ་གཏང་།
ཁྱོད་ཀྱིས་རང་བཞིན་ཚིག་ཡིག་ཐོ་བཀོད་གཅིག་བཙུགས་དགོ་མནོ་མི་ ཁྱོད་རའི་ཡིག་ཆ་ནང་ལུ་ཨེབ་ཁཏག་།
Choose ཞུན་དག་འབད་ - རང་བཞིན་ཚིག་ཡིག་.
Select the AutoText that you want to insert, and then click
.རང་བཞིན་ཚིག་ཡིག་ཐོ་བཀོད་གཅིག་གི་དོན་ལུ་ཁྱོད་ཀྱིས་མགྱོགས་ཐབས་འདི་ཡིག་དཔར་ཡང་རྐྱབས་བཏུབ་ དེ་ལས་ F3 ཨེབ་ ཡང་ན་ བཙུགས་ནིའི་ ཕྲ་རིང་གུའི་ རང་བཞིན་ཚིག་ཡིག་ ངོས་དཔར་འདི་གི་ཤུལ་མའི་མདའ་རྟགས་འདི་ཨེབ་གཏང་ དེ་ལས་རང་བཞིན་ཚིགཡིག་ཐོ་བཀོད་གཅིག་གདམ་ཁ་རྐྱབས།
LibreOffice ཨང་རྩིས་མན་ངག་གཅིག་གང་མགྱོགས་སྦེ་ཐོ་བཀོད་འབད་ནིའི་དོན་ལས་ "FN" ཡིག་དཔར་རྐྱབས་ དེ་ལས་ F3 ཁྱོད་ཀྱིས་མན་ངག་གཅིག་ལས་ལྷག་སྟེ་བཙུགས་པ་ཅིན་ མན་ངག་ཚུ་འབྱུང་རིམ་ལྟར་ཨང་བཏགསཔ་ཨིན། དཔེ་གཟུགས་ཚིག་ཡིག་བཙུགས་ནིའི་དོན་ལས་ "DT" ཡིག་དཔར་རྐྱབས་ དེ་ལས་ F3 ཨེབ།
ལག་ཆས་ཚུ་ - མེཀ་ཀོརོསི་ - མེཀ་ཀོརོསི་འགོ་འདྲེན་འཐབ་ - LibreOffice གཞི་རིམ་གདམ་ཁ་རྐྱབས།
In the Macro from tree control, select Application Macros - Gimmicks - AutoText.
Select "Main" in the Existing macros in: AutoText list and then click Run. A list of the current AutoText entries is generated in a separate text document.
ཡིག་སྣོད་ - དཔར་བསྐྲུན་འབད་གདམ་ཁ་རྐྱབས།
ཁྱོད་ཀྱིས་རང་བཞིན་ཚིག་ཡིག་ཐོ་བཀོད་ཚུ་ཡོངས་འབྲེལ་གུའི་སྣོད་ཐོ་སོ་སོ་ཚུ་ནང་གསོག་འཇོག་འབད་ཚུགས།
དཔེར་ན་ ཁྱོད་ཀྱིས་ དབུས་ཀྱི་སར་བར་གུའི་ཁྱོད་རའི་ཚོང་སྡེ་གི་དོན་ལུ་ "read-only" རང་བཞིན་ཚིག་ཡིག་ཐོ་བཀོད་ཚུ་ དང་ ཉེ་གནས་སྣོད་ཐོ་ནང་ལུ་ལག་ལེན་པ་ངེས་འཛིན་འབད་ཡོད་པའི་རང་བཞིན་ཚིག་ཡིག་ཐོ་བཀོད་ཚུ་ གསོག་འཇོག་འབད་ཚུགས།
རང་བཞིན་ཚིག་ཡིག་སྣོད་ཐོ་ཚུ་གི་དོན་ལུ་འགྲུལ་ལམ་ཚུ་རིམ་སྒྲིག་འདི་ནང་ཞུན་དག་འབད་བཏུབ་ཨིན།
སྣོད་ཐོ་གཉིས་འདི་ནང་ཐོ་བཀོད་འབད་ཡོདཔ་ཨིན། ཐོ་བཀོད་དང་པ་འདི་ སར་བར་གཞི་བཙུགས་གུ་ལུ་ཡོདཔ་ཨིན་ དེ་ལས་ཐོ་བཀོད་གཉིས་པ་འདི་ལག་ལེན་པའི་སྣོད་ཐོ་ནང་ལུ་ཡོདཔ་ཨིན། སྣོད་ཐོ་གཉིས་ཆ་རང་ན་ མིང་གཅིག་པ་འབད་མི་རང་བཞིན་ཚིག་ཡིག་ཐོ་བཀོད་གཉིས་ཡོདཔ་ཨིན་པ་ཅིན་ ལག་ལེན་པའི་སྣོད་ཐོ་ནང་ལས་ཀྱི་ཐོ་བཀོད་འདི་ལག་ལེན་འཐབ་ཨིན།