དངོས་པོ་ཚུ་གནས་ས་བཟོ་དོ་

ཁྱོད་ཀྱིས་ཡིག་ཆ་ནང་གི་དངོས་པོ་ ཚད་རིས་ ཡང་ན་གཞི་ཁྲམ་ཅིག་གནས་ས་བཟོ་ནིའི་དོན་ལས་ཨེན་ཀོར་ལག་ལེན་འཐབ་བཏུབ། ཨེན་ཀོར་འབད་ཡོད་པའི་རྣམ་གྲངས་འདི་ས་གནས་གཅིག་ནང་ལུ་སྡོདཔ་ཨིན་ ཡང་ན་ ཁྱོད་ཀྱིས་ཡིག་ཆ་ལེགས་བཅོས་འབད་བའི་སྐབས་ སྤོ་བཤུད་འབདཝ་ཨིན། འོག་གི་ཨེན་ཀོར་འབད་ནིའི་གདམ་ཁ་ཚུ་འཐོབ་ཚུགསཔ་ཡོད་:

ཨེན་ཀོར་འབད་ནི།

ནུས་པ།

ཡིག་འབྲུ་སྦེ།

ད་ལྟོའི་ཚིག་ཡིག་ནང་ལུ་ཡིག་འབྲུ་སྦེ་སེལ་འཐུ་འབད་ཡོད་པའི་ཨེན་ཀོར་ཚུ། སེལ་འཐུ་འབད་ཡོད་པའི་རྣམ་གྲངས་ཀྱི་མཐོ་ཚད་འདི་ད་ལྟོའི་ཡིག་གཟུགས་ཀྱི་ཚད་ལས་སྦོམ་ཨིན་པ་ཅིན་ རྣམ་གྲངས་ཡོད་མི་གྲལ་ཐིག་འདི་གི་མཐོ་ཚད་འདི་ཡར་འཕེལ་འབདཝ་ཨིན།

གཟུགས་བརྙན་གཅིག་ཨེཆ་ཊི་ཨེམ་ཨེལ་ཤོག་ལེབ་གུ་ལུ་དབུས་སྒྲིག་འབད་ནིའི་དོན་ལས་ གཟུགས་བརྙན་འདི་བཙུགས་ "as character"སྦེ་ཨེན་ཀོར་འབད་ དེ་དོན་མཚམས་འདི་དབུས་སྒྲིག་འབད།

ཡིག་འབྲུ་ལུ་

སེལ་འཐུ་འབད་འབད་བའི་རྣམ་གྲངས་འདི་ཡིག་འབྲུ་ཅིག་ལུ་ཨེན་ཀོར་འབདཝ་ཨིན།

དོན་མཚམས་ལུ།

སེལ་འཐུ་འབད་འབད་བའི་རྣམ་གྲངས་འདི་ད་ལྟོའི་དོན་མཚམས་འདི་ལུ་ཨེན་ཀོར་འབདཝ་ཨིན།

ཤོག་ལེབ་ལུ།

སེལ་འཐུ་འབད་འབད་བའི་རྣམ་གྲངས་འདི་ད་ལྟོའི་ཤོག་ལེབ་ལུ་ཨེན་ཀོར་འབདཝ་ཨིན།

གཞི་ཁྲམ་ལུ།

སེལ་འཐུ་འབད་འབད་བའི་རྣམ་གྲངས་འདི་མཐའ་འཁོར་གྱི་གཞི་ཁྲམ་ལུ་ཨེན་ཀོར་འབདཝ་ཨིན།


ཁྱོད་ཀྱིས་དངོས་པོ་ ཚད་རིས་ ཡང་ན་ གཞི་ཁྲམ་ཅིག་བཙུགས་པའི་སྐབས་ ཨེན་ཀོར་ངོས་དཔར་ཅིག་ རྣམ་གྲངས་འདི་ཨེན་ཀོར་འབད་ཡོད་མི་ལུ་བྱུངམ་ཨིན། ཁྱོད་ཀྱིས་ཨེན་ཀོར་འབད་ཡོད་པའི་རྣམ་གྲངས་འདི་ རྣམ་གྲངས་འདི་གནས་ཁོངས་གཞན་མི་ཅིག་ནང་ལུ་འདྲུད་ཐོག་གནས་ས་བཟོ་ཚུགས། རྣམ་གྲངས་ཅིག་གི་ཨེན་ཀོར་འབད་ནིའི་གདམ་ཁ་འདི་བསྒྱུར་བཅོས་འབད་ནིའི་དོན་ལས་ རྣམ་གྲངས་འདི་གཡས་-ཨེབ་གཏང་ དེ་ལས་ ཨེན་ཀོར་ ཡན་ལག་དཀར་ཆག་ འདི་ལས་གདམ་ཁ་ཅིག་གདམ་ཁ་རྐྱབས།

Please support us!