LibreOffice 24.8 Help
སེལ་འཐུ་འབད་ཡོད་པའི་དོན་མཚམས་ ཡང་ན་ ཐིག་ཁྲམ་གྲལ་ཐིག་ཚུ་ཀ་ཁའི་གོ་རིམ་དང་བསྟུན་ཏེ་དབྱེ་གསལ་འབདཝ་ཨིནམ་དང་ ཡང་ན་ ཨང་ཡིག་གི་གོ་རིམ་དང་བསྟུན་ཏེ་དབྱེ་གསལ་འབདཝ་ཨིན།ཁྱོད་ཀྱིས་ དབྱེ་གསལ་ལྡེ་མིག་གསུམ་ཚུན་ཚོད་ལུ་ངེས་འཛིན་འབད་ཚུགས་ནི་ཨིན་པའི་ཁར་ལུ་ ཀ་ཁ་ཨང་ཡིག་དང་ཨང་ཡིག་དབྱེ་གསལ་ལྡེ་མིག་ཚུ་མཉམ་མཐུད་འབདཝ་ཨིན།
Specifies additional sorting criteria. You can also combine sort keys.
Enter the number of the table column that you want to use as a basis for sorting.
Select the sorting option that you want to use.
Sorts in ascending order, (for example, 1, 2, 3 or a, b, c).
Sorts in descending order (for example, 9, 8, 7 or z, y, x).
Sorts the columns in the table according to the current sort options.
ད་ལྟོའི་དབྱེ་སེལ་གདམ་ཁ་ཚུ་དང་འཁྲིལ་ཏེ་ གྲལ་ཐིག་ཚུ་ཐིག་ཁྲམ་ནང་ལུ་དང་ ཡང་ན་ དོན་མཚམས་ཚུ་སེལ་འཐུའི་ནང་ལུ་ དབྱེ་སེལ་འབདཝ་ཨིན།
དོན་མཚམས་ཚུ་ དཔར་བསྐྲུན་འབད་མ་བཏུབ་པའི་དོན་མཚམས་ཀྱི་རྟགས་ཚུ་གིས་སོ་སོ་ཁ་ཕྱེ་ཡོདཔ་ཨིན། ཁྱོད་ཀྱིས་དོནམ་མཚམས་ཚུ་དབྱེ་སེལ་འབད་བའི་སྐབས་ལུ་ མཆོང་ལྡེ་དང་ཡང་ན་ ཡིག་འབྲུ་ཚུ་གིས་ དབྱེ་བྱེད་བཟུམ་སྦེ་འབདཝ་ཨིན།
སེལ་འཐུའབད་ཡོད་པའི་དོན་མཚམས་ཚུ་ མཆོང་ལྡེ་གིས་སོ་སོ་ཁ་ཕྱེ་ཡོད་མི་ཐོ་ཡིག་དང་ཆ་མཉམ་པ་སྦེ་ཡོད་པ་ཅིན་ གདམ་ཁ་འདི་སེལ་འཐུ་འབད།
ཁྱོད་ཀྱིས་ སེལ་འཐུ་འབད་ཡོད་པའི་མངའ་ཁོངས་དེ་ནང་ལུ་དབྱེ་བྱེད་སྦེ་ལག་ལེན་འཐབ་དགོ་མནོ་མི་ཡིག་འབྲུ་དེ་ཐོ་བཀོད་འབད།དབྱེ་བྱེད་དེ་ལག་ལེན་འཐབ་པའི་ཐོག་ལས་LibreOfficeདེ་གིས་ སེལ་འཐུ་འབད་ཡོད་པའི་དོན་མཚམས་ནང་ལུ་ཡོད་མི་ དབྱེ་སེལ་འབད་ནིའི་ལྡེ་མིག་དེ་གི་གནས་ས་དེ་གཏན་འབེབས་བཟོ་ཚུགས།
ཁྱོད་ཀྱིས་ དབྱེ་བྱེད་སྦེ་ལག་ལེན་འཐབ་དགོ་མནོ་མི་ ཡིག་འབྲུ་དེ་སེལ་འཐུ་འབད་ཚུགས་པའི་ དམིགས་གསལ་ཡིག་འབྲུའི་ ཌའི་ལོག་ དེ་ཁ་ཕྱེཉ་ཨིན།
དབྱེ་སེལ་ལམ་ལུགས་ཚུ་ངེས་འཛིན་འབད་མི་ སྐད་ཡིག་དེ་སེལ་འཐུ་འབད།སྐད་ཡིག་ལ་ལོ་ཅིག་གིས་ དམིགས་གསལ་ཡིག་འབྲུ་ཚུ་ སྐད་ཡིག་གཞན་མི་དང་ཕྱདཔ་ད་ སོ་སོ་སྦེ་དབྱེ་སེལ་འབདཝ་ཨིན།
ཁྱོད་ཀྱིས་ཐིག་ཁྲམ་ཅིག་དབྱེ་སེལ་འབད་བའི་སྐབས་ལུ་ ཚུགས་ཡིག་དང་མགྱོགས་ཡིག་གི་བར་ན་ལུ་ ཁྱད་པར་སྟོནམ་ཨིན།
ཨེ་ཤི་ཡན་ སྐད་ཡིག་ཚུ་གི་དོན་ལུ་ སྣ་མང་གནས་རིམ་གོ་སྒྲིག་དེ་འཇུག་སྤྱོད་འབད་ནིའི་དོན་ལུ་ ཡི་གུའི་མཐུན་སྒྲིག་དེ་སེལ་འཐུ་འབད། སྣ་མང་གནས་རིམ་གོ་སྒྲིག་དེ་ནང་ལུ་ སྔོན་གྱི་རྣམ་པའི་ནང་ཡོད་མི་ཐོ་འགོད་ཚུ་ དང་པ་རང་རྣམ་པའི་ཡི་གུ་ཚུ་དང་གཅིག་ཁར་ག་བསྡུར་བརྐྱབ་ཨིནམ་དང་ དེ་ལས སྣང་མེད་སྦེ་བཞག་མི་ དབྱེ་བྱད་དེ་དང་གཅིག་ཁར་ག་བསྡུར་བརྐྱབ་ཨིན། རྣམ་པ་ཚུ་ཅོག་གཅིགཔ་ཡོད་པ་ཅིན་ རྣམ་པའི་དབྱེ་བྱད་དེ་ཚུ་ག་བསྡུར་བརྐྱབ་ཨིན། རྣམ་པ་དེ་ཚུ་ད་ལྟོ་ཡང་ཅོག་གཅིགཔ་ཡོད་པ་ཅིན་ རྣམ་པའི་ཡི་གུ་ཚུ་དང་ ཡིག་འབྲུའི་རྒྱ་ཚད་ ཇ་པ་ནིསི་ཀ་ནའི་ཁཡད་པར་ཚུ་ག་བསྡུར་བརྐྱབ་ཨིན།