LibreOffice 24.8 Help
སེལ་འཐུ་འབད་ཡོད་པའི་ཐིག་ཁྲམ་དེ་གི་དོན་ལུ་ ཚད་དང་ གནས་ས་ བར་སྟོང་བཏོན་ནི་ དེ་ལས་ ཕྲང་སྒྲིུག་གདམ་ཁ་ཚུ་གསལ་བཀོད་འབདཝ་ཨིན།
ཐིག་ཁྲམ་དེ་གི་དོན་ལུ་ ནང་འཁོད་མིང་ཅིག་ཐོ་བཀོད་འབད། ཐིག་ཁྲམ་དེ་འགྲུལ་བསྐྱོདཔ་ནང་ལུ་མགྱོགས་པ་རང་ག་ཡོད་འཚོལ་ནིའི་དོན་ལུ་ ཁྱོད་ཀྱིས་མིང་འདི་ལག་ལེན་འཐབ་ཚུགས།
ཐིག་ཁྲམ་དེ་གི་རྒྱ་ཚད་ཐོ་བཀོད་འབད། ཕྲང་སྒྲིག་ མངའ་ཁོངས་ དེ་ནང་ལུ་ཡོད་མི་ རང་བཞིན་ གདམ་ཁ་དེ་སེལ་འཐུ་འབད་དེ་མེད་པ་ཅིན་རྐྱངམ་ཅིག་ ཞིབ་དཔྱད་སྒྲོམ་འདི་འཐོབ་ཚུགས།
ཐིག་ཁྲམ་གྱི་རྒྱ་ཚད་དེ་ ཤོག་ལེབ་ཀྱི་རྒྱ་ཚད་དེ་གི་བརྒཡ་ཆ་སྦེ་བཀྲམ་སྟོན་འབདཝ་ཨིན།
སེལ་འཐུ་འབད་ཡོད་པའི་ཐིག་ཁྲམ་དེ་གི་དོན་ལུ་ ཕྲང་སྒྲིག་གདམ་ཁ་དེ་གཞི་སྒྲིག་འབད།
ཐིག་ཁྲམ་དེ་ ཤོག་ལེབ་ས་སྟོང་གི་གཡོན་དང་གཡས་ལུ་ ཐད་སྙོམས་སྦེ་རྒྱ་བསྐྱེད་གཏངམ་ཨིན། འ་ནི་འདི་ ཨེཆ་ཊི་ཨེམ་ཨེལ་ཡིག་ཆ་ནང་ཐིག་ཁྲམ་ཚུ་གི་དོན་ལུ་ འོས་སྦྱོར་འབད་ཡོད་པའི་སྒྲིག་སྟངས་ཨིན།
ཐིག་ཁྲམ་དེ་གི་གཡོན་གྱི་མཐའམ་དེ་ གཡོན་གྱི་ཤོག་ལེབ་ཀྱི་ས་སྟོང་དེ་ལུ་ཕྲང་སྒྲིག་འབདཉ་ཨིན།
གིས་ ཐིག་ཁྲམ་དེ་གི་མཐའ་གཡོན་དེ་ ཁྱོད་ཀྱིས་ བར་སྟོང་ མངའ་ཁོངས་ དེ་ནང་ལུ་ཡོད་མི་ གཡོན་གྱི་སྒྲོམ་ དེ་ནང་ལུ་ཐོ་བཀོད་འབད་མི་ འགོ་མཚམས་ལུ་ཕྲང་སྒིག་འབདཝ་ཨིན།
ཐིག་ཁྲམ་གཡས་ཀྱི་མཐའམ་དེ་ ཤོག་ལེབ་ཀྱི་ས་སྟོང་གཡས་ལུ་ཕྲང་སྒྲིག་འབདཝ་ཨིན།
ཐིག་ཁྲམ་དེ་ ཤོག་ལེབ་གུ་ཐད་སྙོམས་སྦེ་དབུས་སྒྲིག་འབདཝ་ཨིན།
དེ་གིས་ ཁྱོད་ཀྱིས་ བར་སྟོང་བཏོན་ནིའི་མངའ་ཁོངས་ཀྱི་ནང་ལུ་ཡོད་མི་ གཡས་དང་ གཡོན་གྱི་ སྒྲོམ་ཚུ་ནང་ལུ་ཐོ་བཀོད་འབད་མི་གནས་གོང་དེ་ལུ་གཞི་བཞག་སྟེ་ ཐིག་ཁྲམ་དེ་ཐད་སྙོམས་སྦེ་ཕྲང་སྒྲིག་འབདཝ་ཨིན། LibreOffice ཐིག་ཁྲམ་གྱི་རྒྱ་ཚད་དེ་རང་བཞིན་གྱིས་རྩིས་སྟོན་འབདཝ་ཨིན། ཁྱོད་ཀྱིས་ ངོ་རྐྱང་ ཀེར་ཐིག་རྒྱ་ཚད་ཚུ་གསལ་བཀོད་འབད་དགོ་པ་ཅིན་ གདམ་ཁ་འདི་སེལ་འཐུ་འབད།.
ཁྱོད་ཀྱིས་ ཤོག་ལེབ་གཡོན་གྱི་ས་སྟོང་དང་ ཐིག་ཁྲམ་གྱི་མཐའམ་དེ་གི་བར་ན་ལུ་བཞག་ནི་གི་བར་སྟོང་གི་བསྡོམས་དེ་ཐོ་བཀོད་འབད། རང་བཞིན་ ཡང་ན་ གཡོན་གྱི་གདམ་ཁ་དེ་ ཕྲང་སྒྲིག་མངའ་ཁོངས་ནང་ལུ་སེལ་འཐུ་འབད་དེ་ཡོད་པ་ཅིན་ གདམ་ཁ་འདི་འཐོབ་མི་ཚུགས།
ཁྱོད་ཀྱིས་ ཤོག་ལེབ་གཡས་ཀྱི་ས་སྟོང་དང་ ཐིག་ཁྲམ་གྱི་མཐའམ་དེ་ལུ་བཞག་དགོ་མནོ་མི་ བར་སྟོང་གི་བསྡོམས་དེ་ཐོ་བཀོད་འབད། རང་བཞིན་ ཡང་ན་ གཡས་ཀྱི་གདམ་ཁ་དེ་ ཕྲང་སྒྲིག་མངའ་ཁོངས་ནང་ལུ་སེལ་འཐུ་འབད་དེ་ཡོད་པ་ཅིན་ གདམ་ཁ་འདི་འཐོབ་མི་ཚུགས།
ཁྱོད་ཀྱིས་ ཐིག་ཁྲམ་གྱི་སྤྱི་ཏོག་གི་མཐའམ་དང་ ཐིག་གྱི་ལྟག་ལུ་ཡོད་མི་ཚིག་ཡིག་དེ་གཉིས་ཀྱི་བར་ན་ལུ་བཞག་དགོ་མནོ་མི་ བར་སྟོང་གི་བསྡོམས་དེ་ཐོ་བཀོད་འབད།
ཁྱོད་ཀྱིས་ ཐིག་ཁྲམ་གྱི་གཤམགྱི་མཐའམ་དང་ ཐིག་གྱི་འོག་ལུ་ཡོད་མི་ཚིག་ཡིག་དེ་གཉིས་ཀྱི་བར་ན་ལུ་བཞག་དགོ་མནོ་མི་ བར་སྟོང་གི་བསྡོམས་དེ་ཐོ་བཀོད་འབད།
To insert a paragraph before a table at the beginning of a document, header or footer, place the cursor before any content in the first cell, and then press OptionAlt+Enter.