LibreOffice 25.2 Help
སེལ་འཐུ་འབད་ཡོད་པའི་དངོས་པོ་དེ་གི་བུར་གཞོང་དེ་བསྒྱུས་བཅོས་འབདཝ་ཨིན། LibreOffice དངོས་པོའི་དོན་ལུ་ text wrapགདམ་ཁ་ཚུ་གཏན་འབེབས་འབད་བའི་སྐབས་ལུ་ བུར་གཞོང་དེ་ལག་ལེན་འཐབ་དོ་ཡོདཔ་ཨིན།
བུར་གཞོང་དེ་གི་སྔོན་བལྟ་བཀྲམ་སྟོན་འབདཝ་ཨིན།
སེལ་འཐུ་འབད་ཡོད་པའི་དངོས་པོ་ལུ་ བུར་གཞོང་དེ་འཇུག་སྤྱོད་འབདཝ་ཨིན།
འཇུག་སྤྱོད་
སྲོལ་སྒྲིག་བུར་གཞོང་དེ་བཏོན་གཏངམ་ཨིན། ནཱ་ལུ་ཨེབ་གཏང་འབད་ཞིནམ་ལས་ལྔོན་བལྟའི་མངའ་ཁོངས་དེ་ལུ་ཨེབ་གཏང་འབད།
Workspace
ཁྱོད་ཀྱིས་བུར་གཞོང་སེལ་འཐུ་འབད་ཚུགས་ནིའི་དོན་ལུ་ སེལ་འཐུའི་ཐབས་ལམ་ལུ་བསྒྱུར་བཅོས་འབདཝ་ཨིན།
སེལ་འཐུ་
ཁྱོད་ཀྱིས་ དངོས་པོ་ལྔོན་བལྟ་དེ་ནང་ན་ལུ་འདྲུད་སའི་ བུར་གཞོང་གྲུ་བཞི་ནར་མོ་ཅིག་འབྲིཝ་ཨིན། གྲུ་བཞི་ཅིག་འབྲི་ནིའི་དོན་ལུ་ ཁྱོད་ཀྱིས་འདྲུད་པའི་སྐབས་ལུ་ སོར་ལྡེ་དེ་མར་འཆང་།
གྲུ་བཞི་ནར་མོ་
ཁྱོད་ཀྱིས་དངོས་པོའི་ལྔོན་བལྟ་དེ་འདྲུད་སའི་ སྒོང་དབྱིབས་བུར་གཞོང་ཅིག་འབིཉ་ཨིན། སྒོ་ཐིག་ཅིག་འབྲི་ནིའི་དོན་ལུ་ ཁྱོད་ཀྱིས་འདྲུད་པའི་སྐབས་ལུ་ སོར་ལྡེ་དེ་མར་འཆང་།
སྒོང་དབྱིབས་
དེ་གིས་ ཕྲང་སྟེ་ཡོད་པའི་གྲལ་ཐིག་ཆ་བགོས་ཡོད་པའི་ཁ་བསྡམ་ཡོད་མི་བུར་གཞོང་ཅིག་འབྲིཝ་ཨིན། ཁོད་ཀྱིས་ཟུར་མང་དབྱིབས་དེ་ག་སྟེ་ལུ་འགོ་བཙུགས་དགོ་མནོཝ་ཡོདཔ་ཨིན་ན་ དེ་ལུ་ཨེབ་གཏང་འབད་ཞིནམ་ལས་ གྲལ་ཐིག་ཆ་བགོས་ཅིག་འབྲི་ནིའི་དོན་ལུ་འདྲུད། གྲལ་ཐིག་ཆ་བགོས་དེ་གི་མཇུག་དེ་ངེས་འཛིན་འབད་ནིའི་དོན་ལུ་ ལོག་ཨེབ་གཏང་འབད་ཞིནམ་ལས་ ཟུར་མང་དབྱིབས་དེ་གི་གྲལ་ཐིག་ཆ་བགོས་ལྷག་ལུས་ངེས་འཛིན་འབད་ནིའི་དོན་ལུ་ འཕྲོ་མཐུད་དེ་ཨེབ་གཏང་འབད། ཟུར་མང་དབྱིབས་འབྲི་ནི་དེ་མཇུག་བསྡུ་ནིའི་དོན་ལུ་ ཐེངས་གཉིས་ཨེབ་གཏང་འབད། ཟུར་མང་དབྱིབས་དེ་ དབྱེ་རིམ་ ༤༥་ གི་གྲུ་ཟུར་ལུ་དམ་ནིའི་དོན་ལུ་ ཁྱོད་ཀཡིས་ཨེབ་གཏང་འབད་བའི་སྐབས་ལུ་ སོར་ལྡེ་དེ་མར་འཆང་།
ཟུར་མང་དབྱིབས་
ཁྱོད་ཀྱིས་བུར་གཞོང་གི་དབྱིབས་དེ་བསྒྱུར་བཅོས་འབད་བཅུགཔ་ཨིན། ནཱ་ལུ་ཨེབ་གཏང་འབད་ཞིནམ་ལས་ དེ་ལས་ བུར་གཞོང་གི་བཤད་བཟུང་དེ་ཚུ་འདྲུད།
དོན་ཚན་ཞུན་དག་འབད་
བུར་གཞོང་གི་དབྱིབས་དེ་བསྒྱུར་བཅོས་འབད་ནིའི་དོན་ལུ་ ཁྱོད་ཀྱིས་ བུར་གཞོང་དེ་གི་བཤེད་བཟུང་དེ་ཚུ་འདྲུད་བཅུགཔ་ཨིན།
དོན་ཚད་སྤོ་བཤུད་འབད་
ཁྱོད་ཀྱིས་ བུར་གཞོང་དེ་གི་དབྱིབས་དེ་བསྒྱུར་བཅོས་འབད་ནིའི་དོན་ལུ་ འདྲུད་ཚུགས་པའི་བཤེད་བཟུང་ཅིག་བཙུགསཔ་ཨིན།
དོན་ཚན་ཚུ་བཙུགས་
བུར་གཞོང་མཐའ་ཐིག་ནང་ལས་ ཡིག་ཚད་ཅིག་རྩ་བསྐྲད་གཏངམ་ཨིན།
དོན་ཚན་བཙུགས་
ཁྱོད་ཀྱིས་ཞུན་དག་འབད་ཚུགས་པའི་དངོས་པོའི་མཐའ་སྐོར་ཏེ་ བུར་གཞོང་ཅིག་རང་བཞིན་གྱིས་འབྲིཝ་ཨིན།
རང་བཞིན་བུར་ཞོང་
མཇུག་གི་བྱབ་དེ་རིམ་ལོག་འབདཝ་ཨིན།
འབད་བཤོལ་
མཇུག་གི་ འབད་བཤོལ་བརྡ་བཀོད་དེ་གི་བྱ་བ་དེ་རིམ་ལོག་འབདཝ་ཨིན།
ལོག་འབད་
དེ་གིས་ ཚོས་གཞི་གཅིག་པའི་བིཊི་མེཔ་གི་ཡན་ལག་ཚུ་སེལ་འཐུ་འབདཝ་ཨིན། ནཱ་ལུ་ཨེབ་གཏང་འབད་ཞིནམ་ལས་ དེ་ལས་ བིཊི་མེཔ་ནང་གི་ཚོས་གཞི་ཅིག་གུ་ཨེབ་གཏང་འབད། སེལ་འཐུ་འབད་ཡོད་པའི་ཚོས་གཞི་ཁྱབ་ཚད་དེ་ཡར་སེང་འབད་ནིའི་དོན་ལུ་ བཟོད་བསྲན་སྒྲོམ་དེ་གི་གནས་གོང་དེ་ཡར་སེང་འབད།
ཚོས་གཞི་ཕྲ་རིང་།
ཚོས་གཞི་འདེམས་བྱེད་དེ་གི་དོན་ལུ་ ཚོས་གཞི་བཟོད་བསྲན་དེ་ བརྒྱ་ཆ་སྦེ་ཐོ་བཀོད་འབད། ཚོས་གཞི་འདེམས་བྱེད་ཀྱིས་སེལ་འཐུ་འབད་དོ་ཡོད་མི་ ཚོས་གཞི་ཁྱབ་ཚད་དེ་སེལ་འཐུ་འབད་ནིའི་དོན་ལུ་ བརྒྱ་ཆ་མཐོ་སུ་ཡོད་མི་ཅིག་ཐོ་བཀོད་འབད།