གནས་སྟངས་ཚུ་ངེས་འཛིན་འབད་དོ་

གནས་སྟངས་ཚུ་ ཁྱོད་ཀྱིས་ ཁྱོད་རའིཡིག་ཆའི་ནང་ལུ་ ས་ས་སྒོ་ཚུ་ དང་ དབྱེ་ཚན་ཚུ་གི་བཀྲམ་སྟོན་དེ་ཚད་འཛིན་འབད་ནི་ལུ་ལག་ལེན་འཐབ་ཚུགས་པའི་ གཏན་ཚིག་ཅན་གྱི་གསལ་བརྗོད་ཅིག་ཨིན། འོག་གི་དཔེ་ཚུ་གིས་ས་སྒོ་ལུ་འཇུག་སྤྱོད་འབད་དེ་ཡོད་རུང་ དེ་ཚུ་གིས་དབྱེ་ཚན་ཚུ་ལུ་ཡང་འཇུག་སྤྱོད་འབདཝ་ཨིན།

ཁྱོད་ཀྱིས་ འོག་གི་ས་སྒོའི་དབྱེ་བ་ཚུ་གི་དོན་ལུ་ གནས་སྟངས་ཚུ་ངེས་འཛིན་འབད་ཚུགས:

  1. གནས་སྟངས་དང་ལྡན་པའི་ཚིག་ཡིག: གནས་སྟངས་དེ་བདེན་པ་ཨིན་པ་ཅིན་ ཚིག་ཡིག་ ཀ པ་དེ་བཀྲམ་སྟོན་འབདཝ་ཨིནམ་དང་ ཡང་ན་ གནས་སྟངས་དེ་རྫུན་མ་ཨིན་པ་ཅིན་ ཚིག་ཡིག་ ཁ་ པ་ དེ་བཀྲམ་སྟོན་འབདཝ་ཨིན།

  2. སྦ་བཞག་ཡོད་པའི་ཚིག་ཡིག་: གནས་སྟངས་དེ་བདེན་པ་ཨིན་པ་ཅིན་ ས་སྒོ་དེ་གི་ནང་དོན་ཚུ་སྦ་བཞགཔ་ཨིན།

  3. སྦ་བཞག་ཡོད་པའི་དོན་མཚམས་:གནས་སྟངས་དེ་བདེན་པ་ཨིན་པ་ཅིན་ དོན་མཚམས་དེ་སྦ་བཞགཔ་ཨིན།

  4. དྲན་ཐོ་གང་རུང་དང་ ཤུལ་མམ་གྱི་དྲན་ཐོ: གནད་སྡུད་གཞི་རྟེན་དྲན་ཐོ་ཚུ་ལུ་ འཛུལ་སྤྱོད་ཚད་འཛིན་འབདཝ་ཨིན།

གནས་སྟངས་དེ་ངེས་འཛིན་འབད་ནི་གི་ཐབས་ལམ་འཇམ་ཤོས་རང་ གཏན་ཚིག་ཅན་གྱི་གསལ་བརྗོད་དེ་གནས་སྟངས་ སྒྲོམ་ནང་ལུ་ འོག་གི་གནས་གོང་ཚུ་ལག་ལེན་འཐབ་པའི་ཐོག་ལས་ ཐད་ཀར་དུ་ཡིག་དཔར་བརྐྱབ་ནི་ཨིན:

བདེན་པ།

གནས་སྟངས་འདི་ཨ་རྟག་རང་ཚངམ་སྦེ་ཡོད། ཁྱོད་ ༠ དང་མ་མཉམ་མི་གནས་གོང་གང་རུང་ཅིག་ གནས་སྟངས་དང་ལྡན་པའི་ཚིག་ཡིག་སྦེ་ཐོ་བཀོད་འབད་ཚུགས།

རྫུན་མ།

གནས་སྟངས་དེ་མ་ཚང་པས།་ཁྱོད་ཀྱིས་གནས་གོང་ ༠་ དེ་ཡང་ཐོ་བཀོད་འབད་ཚུགས།


note

ཁྱོད་ཀྱིས་གནས་སྟངས་ཀྱི་སྒྲོམ་དེ་སྟོངམ་སྦེ་བཞག་པ་ཅིན་ གནས་སྟངས་དེ་མ་ཚངས་སྦེ་གོ་དོན་ལེནམ་ཨིན།


ཁྱོད་ཀྱིས་གནས་སྟངས་ཅིག་ངེས་འཛིན་འབད་བའི་སྐབས་ལུ་ ག་བསྡུར་གྱི་བཀོལ་སྤྱོད་ཚུ་དང་ ཨང་རྩིས་དང་གནད་སྡུད་ཀྱི་ལས་འགན་ ཨང་ཡིག་རྩ་སྒྲིག་ བསྒྱུར་ཅན་ ་དེ་ལས་ མན་ངག་ངེས་འཛིན་འབད་ནིའི་དོན་ལུ་ ཆད་མེད་ཟེར་མི་ཚུ་ངེས་འཛིན་འབད་ནིའི་དོན་ལུ་ རྒྱུ་རྫས་ གཅིག་རང་ལག་ལེན་འཐབ།

ཁྱོད་ཀྱིས་གནས་སྟངས་ཅིག་ངེས་འཛིན་འབད་བའི་སྐབས་ལུ་ འོག་ལུ་ཡོད་མི་བསྒྱུར་ཅན་བཟུམ་ལག་ལེན་འཐབ་ཚུགས:

  1. སྔ་གོང་ངེས་འཛིན་འབད་ཡོད་པའི་LibreOffice ཡིག་ཆའི་རྒྱུ་དངོས་གུར་གནད་སྡུད་ཚུ་ལག་ལེན་འཐབ་མི་ བསྒྱུར་ཅན་ཚུ།

  2. "Set variable"ས་སྒོ་དང་གཅིག་ཁར་གསར་བསྐྲུན་འབད་ཡོད་པའི་སྲོལ་སྒྲིག་བསྒྱུར་ཅན་ཚུ།

  3. ལག་ལེན་པའི་གནད་སྡུད་ལུ་གཞི་བཞག་ཡོད་མི་བསྒྱ྄ར་ཅན་ཚུ་

  4. གནད་སྡུད་གཞི་རྟེན་ས་སྒོ་ཚུ་གི་ནང་དོན་དེ་ལུ་གཞི་བཞག་ཡོད་མི་བསྒྱུར་ཅན་ཚུ་

ཁྱོད་ཀྱིས་གནས་སྟངས་གསལ་བརྗོད་ནང་ལུ་ ཤོག་ལེབ་དང་ ལེའུའི་ཨང་གྲངས་བཟུམ་གྱི་ ནང་འཁོད་བསྒྱུར་ཅན་ཚུ་ལག་ལེན་འཐབ་མི་ཚུགས།

གནས་སྟངས་དང་འགྱུར་ཅན་ཚུ།

འོག་ལུ་ཡོད་མི་དཔེ་ཚུ་གིས་ "x": ཟེར་མི་བསྒྱུར་ཅན་ཅིག་ལག་ལེན་འཐབ་ཨིན།

ཨེགསི་ ==༡ ཡང་ན་ x ཨི་ ཀིཡུ་ ༡་

"x" འདི་ ༡་ དང་མཉམ་པ་སྦེ་ཡོད་པ་ཅིན་ གནས་སྟངས་དེ་བདེན་པ་ཨིན།

ཨེགསི་ != ༡ ཡང་ན་ x ཨེན་ཨི་ཀིཡུ་ ༡་

"x" འདི་ ༡ དང་མ་མཉམ་པ་ཅིན་ གནས་སྟངས་དེ་བདེན་པ་ཨིན།

སིན་ཨེགསི་ == ༠

"x" འདི་པཡི་གི་སྙོམས་གྲངས་ཨིན་པ་ཅིན་ གནས་སྟངས་དེ་བདེན་པ་ཨིན།


ག་བསྡུར་གྱི་བཀོལ་སྤྱོད་འདི་ཡིག་རྒྱུན་དང་གཅིག་ཁར་ལག་ལེན་འཐབ་ནིའི་དོན་ལུ་ ཨོ་པི་རནཌི་འདི་ འདྲེན་ཚིག་གི་རྟགས་གཉིས་ཀྱིས་བཅད་མཚམས་ནང་འོང་དགོཔ་ཨིན:

ཨེགསི་== "ABC" ཡང་ན་ x ཨི་ཀིཡུ་ "ABC"

བསྒྱུར་ཅན་"x"ནང་ལུ་"ABC" ཡིག་རྒྱུན་(བདེན་པ་) ཡང་ན་ (རྫུན་མ་)ཡོད་དང་མེད་ཞིབ་དཔྱད་འབདཝ་ཨིན།

ཨེགསི་== "" ཡང་ན་ x ཨི་ཀིཡུ་ ""

ཡང་ན་

!ཨེགསི་ ཡང་ན་ མེན་x

བསྒྱུར་ཅན་"x"ནང་ལུ་ཡིག་རྒྱུན་སྟོངམ་ཡོད་དང་མེད་ཞིབ་དཔྱད་འབདཝ་ཨིན།


note

"equal" ག་བསྡུར་གྱི་བཀོལ་སྤྱོད་དེ་ གནས་སྟངས་ཅིག་ནང་ལུ་ མཉམ་རྟགས་(==) གཉིས་ཀྱིས་ཁྱད་ཚབ་སྟོནམ་ཨིན། དཔེ་འབད་བ་ཅིན་ ཁྱོད་ཀྱིས་བསྒྱུར་ཅན་"x"དེ་ ༡ གི་གནས་གོང་དང་གཅིག་ཁར་ངེས་འཛིན་འབད་བ་ཅིན་ ཁྱོད་ཀྱིས་ གནས་སྟངས་དེ་ ཨེགསི་==༡ སྦེ་ཐོ་བཀོད་འབད་ཚུགས།


ལག་ལེན་པའི་གནད་སྡུད།

You can include user data when you define conditions. To change your user data, choose - LibreOffice - User data. User data must be entered in the form of strings. You can query the user data with "==" (EQ), "!=" (NEQ), or "!"(NOT).

འོག་ལུ་ཡོད་མི་ཐིག་ཁྲམ་དེ་གིས་ ལག་ལེན་པའི་གནད་སྡུད་བསྒྱུར་ཅན་ཚུ་དང་ དེ་ཚུ་གི་གོ་དོན་ཚུ་ཐོོ་འགོད་འབདཝ་ཨིན:

འགྱུར་ཅན།

གོ་དོན་

user_firstname

མིང་དང་པམ་

user_lastname

མིང་མཇུག་

user_initials

འགོ་ཐོག་ཚུ་

user_company

ཚོང་ལྡེ་

user_street

ཁྲོམ་ལམ་

user_country

རྒྱལ་ཁབ་

user_zipcode

གནས་ཨང་

user_city

གྲོང་ལྡེ་

user_title

མགོ་མིང་

user_position

གནས་ས་

user_tel_work

ཚོང་འབྲེལ་བརྒྱུད་འཕྲིན་ཨང་གྲངས་

user_tel_home

ཁྱིམ་གྱི་བརྒྱུད་འཕྲིན་ཨང་གྲངས་

user_fax

དཔར་འཕྲིན་ཨང་གྲངས་

user_email

Email address

user_state

མངའ་སྡེ་(ཐོན་རིམ་LibreOfficeཆ་མཉམ་ནང་ལུ་མེན་ )


དཔེ་འབད་བ་ཅིན་ ལག་ལེན་པའི་ནང་ལས་དམིགས་གསལ་འགོ་ཐོག་དང་གཅིག་ཁར་ "LM"བཟུམ་གྱི་དོན་མཚམས་དང་ ཚིག་ཡིག་ ཡང་ན་ ཅིག་སྦ་བཞག་ནིའི་དོན་ལུ་ གནས་སྟངས་དེ་ཐོ་བཀོད་འབད: ལག་ལེན་པའི་འགོ་ཐོག་=="LM"(_i)

གནས་སྟངས་དང་གནད་སྡུད་གཞི་རྟེན་ས་སྒོ་ཚུ་

གནད་སྡུད་གཞི་རྟེན་ཚུ་དང་ ཡང་ན་ གནད་སྡུད་གཞི་རྟེན་ས་སྒོ་ཚུ་གི་དོན་ལུ་ ཁྱོད་ཀྱིས་གནས་སྟངས་ཚུ་ངེས་འཛིན་འབད་ཚུགས། དཔེ་འབད་བ་ཅིན་ ཁྱོད་ཀྱིས་གནད་སྡུད་གཞི་རྟེན་ས་སྒོ་ཅིག་གི་ན་དོན་ཚུ་གནས་སྟངས་ནང་ལས་ཞིབ་དཔྱད་འབད་ཚུགས་ནི་ཨིནམ་དང་ ཡང་ན་ གནད་སྡུད་གཞི་རྟེན་ས་སྒོ་ཚུ་ གཏན་ཚིག་ཅན་གྱི་གསལ་བརྗོད་ནང་ལུ་ལག་ལེན་འཐབ། འོག་གི་ཐིག་ཁྲམ་དེ་གིས་ གནད་སྡུད་གཞི་རྟེན་ཚུ་གནས་སྟངས་ནང་ལུ་ལག་ལེན་འཐབ་ནིའི་སྐོར་ལས་ དོ་རུང་དཔེ་དག་པ་ཅིག་ཐོ་འགོད་འབདཝ་ཨིན:

དཔེ་

གོ་དོན་

གནད་སྡུད་གཞི་རྟེན། ཐིག་ཁྲམ། ཚོང་སྡེ་

གནད་སྡུད་གཞི་རྟེན། ཐིག་ཁྲམ། ཚོང་སྡེ་ ཨེན་ཨི་ཀིཡུ་ ""

གནད་སྡུད་གཞི་རྟེན། ཐིག་ཁྲམ། ཚོང་སྡེ་ != ""

ཚོང་ལྡེ་ས་སྒོ་འདི་སྟོངམ་མེད་པ་ཅིན་ གནས་སསྟངས་དེ་བདེན་པ་ཨིན། (དཔེ་དང་པམ་འདི་ནང་ལུ་ བཀོལ་སྤྱོད་དེ་དགོས་མཁོ་མེད།)

!གནད་སྡུད་གཞི་རྟེན། ཐིཁ་ཁྲམ། ཚོང་ལྡེ།

གནད་སྡུད་གཞི་རྟེན་འདི་མེན། ཐིག་ཁྲམ། ཚོང་ལྡེ།

གནད་སྡུད་གཞི་རྟེན། ཐིག་ཁྲམ། ཚོང་ལྡེ་ ཨི་ཀིཡུ་""

གནད་སྡུད་གཞི་རྟེན། ཐིག་ཁྲམ། ཚོང་ལྡེ་==""

Returns TRUE if the COMPANY field is empty.

གནད་སྡུད་གཞི་རྟེན། ཐིག་ཁྲམ། ཚོང་ལྡེ་==""

གནད་སྡུད་གཞི་རྟེན། ཐིག་ཁྲམ། ཚོང་སྡེ་ ཨེན་ཨི་ཀིཡུ་ ""

Returns TRUE if the current entry in the COMPANY field is not "Sun". (Exclamation sign represents a logical NOT.)

གནད་སྡུད་གཞི་རྟེན། ཐིག་ཁྲམ། མིང་དང་པམ་དང་གནད་སྡུད་གཞི་རྟེན། ཐིག་ཁྲམ། མིང་།

དྲན་འཛིན་ནང་ལུ་མིང་དང་པམ་འདི་དང་མཇུག་འདི་ཡོད་པ་ཅིན་ བདེན་པ་སྦེ་སླར་ལོགཔ་ཨིན།


note

NOT "!" མེན་མི་བུ་ལིན་དང་ "!=" (NEQ) དང་མ་མཉམ་མི་ག་བསྡུར་བཀོལ་སྤྱོད་དེ་གཉིས་ཀྱི་བར་ནའི་ ཁྱད་པར་དེ་དྲན་ཐོ་བཀོད།


ཁྱོད་ཀྱིས་གནས་སྟངས་ཅིག་ནང་གི་གནད་སྡུད་གཞི་རྟེན་ལུ་གཞི་བསྟུན་འབད་བའི་སྐབས་ལུ་ རྣམ་པའི་གནད་སྡུད་གཞི་རྟེན་གྱི་མིང་དེ་ལག་ལེན་འཐབ། ཐིག་ཁྲམ་གྱི་མིང་། ས་སྒོའི་མིང་། མིང་གང་རུང་ཅིག་ནང་ལུ་ (-) ཕབ་རྟགས་བཟུམ་གྱི་བཀོལ་སྤྱོད་ཡིག་འབྲུ་ཅིག་ཡོད་པ་ཅིན་ མིང་དེ་གྲུ་བཞི་སྦེ་ཡོད་མི་གུག་ཤད་ནང་ལུ་བཙུགས། དཔེ་འབད་བ་ཅིན་ གནད་སྡུད་གཞི་རྟེན་གྱི་མིང་། [Table-name] ས་སྒོའི་མིང་། ས་སྒོའི་མིང་ཚུ་གི་བར་ན་ལུ་བར་སྟོང་ལག་ལེན་འཐབ་ནི་མི་འོང་།

དཔེ་འབད་བ་ཅིན: གནད་སྡུད་གཞི་རྟེན་ས་སྒོ་ཅིག་སྦ་བཞག་ནི།

ཁྱོད་ཀྱིས་ས་སྒོ་སྟོངམ་ཅིག་སྦ་བཞག་མི་གནས་སྟངས་ཅིག་གསར་བསྐྲུན་འབད་དགོ་མནོ་དོ་འོང་ དཔེ་འབད་བ་ཅིན་ གནད་སྡུད་དྲན་འཛིན་ལ་ལོ་ཅིག་གི་དོན་ལུ་ ཚོང་སྡེ་ས་སྒོ་དེ་སྟོངམ་ཨིན་པ་ཅིན།

སྦ་བཞག་སྟེ་ཡོད་པའི་ དོན་མཚམས་སྒྲོམ་དེ་སེལ་འཐུ་འབད་ཞིནམ་ལས་ འོག་གི་གནས་སྟངས་དེ་ཡིག་དཔར་རྐྱབས: ཁ་བྱང་དེབ། ཁ་བྱང་། ཚོང་ལྡེ་ ཨི་ཀིཡུ་ ""

ཡང་ན་ འོག་གི་དེ་ཡིག་དཔར་རྐྱབས་

ཁ་བྱང་ཀི་དེབ་མེན། ཁ་བྱང་ཚུ། ཚོང་སྡེ།

ཚོང་སྡེའི་གནད་སྡུད་ས་སྒོ་དེ་སྟོངམ་ཨིན་པ་ཅིན་ གནས་སྟངས་དེ་བདེན་པ་ཨིན་པའི་ཁར་ དོན་མཚན་དེ་སྦ་བཞག་སྟེ་འོངམ་ཨིན།

note

To display hidden paragraphs on the screen, choose - LibreOffice Writer - View, and clear the Hidden paragraphs check box.


ས་སྒོའི་ནང་ལུ་ཡོད་མི་གནས་སྟངས་ཀྱི་དཔེ་ཚུ་

འོག་ལུ་ཡོདམི་དཔེར་བརྗོད་དེ་ཚ་གིས་ གནས་སྟངས་དང་འབྲེལ་མཐུད་འབད་བཏུབ་པའི་ས་སྒོ་གང་རུང་ལུ་འཇུག་སྤྱོད་འབད་ཚུགས་མི་ཅིག་ཨིན་ཏེ་འབད་རུང་ གནས་སྟངས་དང་ཅན་ལྡན་པའི་ཚིག་ཡིག་ས་སྒོ་དེ་ལག་ལེན་འཐབ་ཨིན། གནས་སྟངས་ཚུ་ལུ་ལག་ལེན་འཐབ་ཡོད་པའི་ཚིག་སྦྱོར་དེ་ སྦ་བཞག་སྟེ་ཡོད་པའི་ཚིག་ཡིག་དང་ དོན་མཚམས་ དྲན་འཛིན་གང་རུང་དང་ ཡང་ན་ ཤུལ་མམ་གྱི་དྲན་འཛིན་ས་སྒོ་ཚུ་ལུ་ཡང་ ལག་ལེན་འཐབ་ཨིན།

ཤོག་གྲངས་ལུ་གཞི་བཞག་སྟེ་ཨིན་མི་གནས་སྟངས་དང་ལྡན་པའི་ཚིག་ཡིག་དེ་བཀྲམ་སྟོན་འབད་ནིའི་དོན་ལུ:

  1. བཙུགས་- ས་སྒོ་ཚུ་- གཞན་མི་གདམ་ཁ་བརྐྱབ་ཞིནམ་ལས་ དེ་ལས་ ལས་འགན་མཆོངས་ལྡེ་དེལུ་ཨེབ་གཏང་འབད།

  2. དབྱེ་བའི་ཐོ་ཡིག་དེ་ནང་ལུ་ "Conditional text"དེ་ལུ་ཨེབ་གཏང་འབད།

  3. གནས་སྟངས་ས་སྒྲོམ་ནང་ལུ་"page == 1"དེ་ཡིག་དཔར་རྐྱབས།

  4. དེ་ལས་ སྒྲོམ་ནང་ལུ་"There is only one page" དེ་ཡིག་དཔར་རྐྱབས།

  5. ཡང་ན་ སྒྲོམ་ནང་ལུ་"There are several pages"་ཡིག་དཔར་རྐྱབས།

  6. བཙུགས་དེ་ལུ་ཨེབ་གཏང་འབད་ཞིནམ་ལས་ དེ་ལས་ ཁ་བསྡམ་དེ་ལུ་ཨེབ་གཏང་འབད།

ལག་ལེན་པའི་-ངེས་འཛིན་འབད་ཡོད་པའི་བསྒྱུར་ཅན་དེ་ལུ་གཞི་བཞག་སྟེ་ཡོད་མི་གནས་སྟངས་དང་ལྡན་པའི་ཚིག་ཡིག་དེ་བཀྲམ་སྟོན་འབད་ནིའི་དོན་ལུ་

  1. བཙུགས་ - ས་སྒོ་ཚུ་ - གཞན་མི་གདམ་ཁ་བརྐྱབ་ཞིནམ་ལས་ དེ་ལས་ བསྒྱུར་ཅན་མཆོངས་ལྡེ་དེ་ལུ་ཨེབ་གཏང་འབད།

  2. དབྱེ་བའི་ ཐོ་ཡིག་ནང་ལུ་"Set Variable" དེ་ལུ་ཨེབ་གཏང་འབད།

  3. མིང་གི་སྒྲོམ་ནང་ལུ་"Profit"དེ་ཡིག་དཔར་རྐྱབས།

  4. གནས་གོང་སྒྲོམ་ནང་ལུ་ "5000"དེ་ཡིག་དཔར་རྐྱབས།

  5. བཙུགས་དེ་ལུ་ཨེབ་གཏང་འབད།

  6. ལས་འགན་མཆོངས་ལྡེ་དེ་ལུ་ཨེབ་གཏང་འབད་ཞིནམ་ལས་ དབྱེ་བའི་ཐོ་ཡིག་ནང་ལུ་"Conditional text"དེ་ལུ་ཨེབ་གཏང་འབད།

  7. གནས་སྟངས་སྒྲོམ་དེ་ནང་ལུ་"Profit < 5000"དེ་ཡིག་དཔར་རྐྱབས།

  8. དེ་ལས་ སྒྲོམ་ནང་ལུ་"Target is not met"དེ་ཡིག་དཔར་རྐྱབས།

  9. ཡང་ན་སྒྲོམ་ནང་ལུ་"Target is met"དེ་ཡིག་དཔར་རྐྱབས།

  10. བཙུགས་དེ་ལུ་ཨེབ་གཏང་འབད།

བསྒྱུར་ཅན་"Profit"དེ་གི་ནང་དོན་ཚུ་ཞུན་དག་འབད་ནིའི་དོན་ལུ་ བསྒྱུར་ཅན་ས་སྒོ་དེ་ལུ་ ཐེངས་གཉིས་ཨེབ་གཏང་འབད།

གནད་སྡུད་གཞི་རྟེན་ས་སྒོ་ཅིག་གི་ནང་དོན་ལུ་གཞི་བཞག་སྟེ་ གནས་སྟངས་དང་སྡན་པའི་ཚིག་ཡིག་བཀྲམ་སྟོན་འབད་ནིའི་དོན་ལུ:

དཔེ་འདི་གི་ཡན་ལག་དང་པམ་འདི་གིས་ ཡིག་ཆའི་ནང་ལུ་ ས་སྒོའི་"First Name" དང་ "Last Name"གི་བར་ན་ལུ་ བར་སྟོང་ཅིག་བཙུགསཔ་ཨིནམ་དང་ ཡན་ལག་གཉིས་པམ་འདི་གིས་ ས་སྒོའི་མིང་ཅིག་གི་ནང་དོན་དེ་ལུ་ གཞི་བཞག་སྟེ་ཡོད་མི་ཚིག་ཡིག་བཙུགསཔ་ཨིན། དཔེ་འདི་ LibreOffice དང་གཅིག་ཁར་ཐོ་འགོད་འབད་ནི་ཨིན་མི་ ཁ་བྱང་གནད་སྡུད་ཅིག་དགོས་མཁོ་ཡོདཔ་ཨིན།

  1. བཙུགས་ - ས་སྒོ་ - གཞན་མི་གདམ་ཁ་བརྐྱབ་ཞིནམ་ལས་ དེ་ལས་ གནད་སྡུད་གཞི་རྟེན་མཆོངས་ལྡེ་དེ་ལུ་ཨེབ་གཏང་འབད།

  2. དབྱེ་བའི་ ཐོ་ཡིག་ནང་ལུ་ "Mail merge fields"དེ་ལུ་ཨེབ་གཏང་འབད།

  3. གནད་སྡུད་གཞི་རྟེན་སེལ་འཐུའི་སྒྲོམ་དེ་ནང་ལུ་ ཁ་བྱང་སྒྲོམ་དེ་ལུ་ ཨེབ་གཏང་ཐེངས་གཉིས་འབད། "First Name"ལུ་ཨེབ་གཏང་འབད་ཞིནམ་ལས་ དེ་ལས་ བཙུགས་ལུ་ཨེབ་གཏང་འབད། "Last Name"གི་དོན་ལུ་ཡང་བསྐྱར་འབད།

  4. ཡིག་ཆའི་ནང་ལུ་ འོད་རྟགས་དེ་ས་སྒོ་གཉིས་ཀྱི་བར་ན་ལུ་བཞག བར་སྟོང་དེ་ཨེབ་ཞིནམ་ལས་ དེ་ལས་ ས་སྒོའི་ ཌའི་ལོག་དེ་ལུ་སླར་ལོག་འབད:

  5. ལས་འགན་མཆོངས་ལྡེ་དེ་ལུ་ཨེབ་གཏང་འབད་ཞིནམ་ལས་ དེ་ལས་ "Conditional text" དེ་ དབྱེ་བའི་ ཐོ་ཡིག་ནང་ལུ་ཨེབ་གཏང་འབད།

  6. གནས་སྟངས་ སྒྲོམ་དེ་ནང་ལུ་ ཡིག་དཔར་རྐྱབས:"Addressbook.addresses.firstname".

  7. དེ་ལས་ སྒྲོམ་དེ་ནང་ལུ་ བར་སྟོང་ཅིག་ཡིག་དཔར་བརྐྱབ་ཞིནམ་ལས་ ཡང་ན་ སྒྲོམ་དེ་སྟོངམ་སྦེ་བཞག

ཁྱོད་ཀྱིས་ མིང་དང་པའི་མིང་གི་ས་སྒོ་དེ་གི་ནང་དོན་གུ་གཞི་བཞག་སྟེ་ཡོད་མི་ཚིག་ཡིག་དེ་བཙུགས་ནིའི་དོན་ལུ་ ད་ལྟོ་གནས་སྟངས་ཅིག་ལག་ལེན་འཐབ་ཚུགས།

  1. ས་སྒོའི་ ཌའི་ལོག་ནང་ལུ་ ལས་འགན་མཆོངས་ལྡེ་དེ་ལུ་ཨེབ་གཏང་འབད།

  2. ཡིག་དཔར་ སྒྲོམ་ནང་ལུ་ "Conditional text"དེ་ལུ་ཨེབ་གཏང་འབད།

  3. གནས་སྟངས་ སྒྲོམ་དེ་ནང་ལུ་ ཡིག་དཔར་རྐྱབས:ཁ་བྱང་དེབ། ཁ་བྱང་ཚུ། མིང་དང་པམ་ == "Michael"

  4. དེ་ལས་ སྒྲོམ་ནང་ "Dear" ཟེར་ཡིག་དཔར་རྐྱབས།

  5. ཡང་ན་སྒྲོམ་ནང་ལུ་ "Hello"ཟེར་ཡིག་དཔར་རྐྱབས།

  6. བཙུགས་དེ་ལུ་ཨེབ་གཏང་འབད།

Please support us!