དམིགས་གསལ་གྱི་ངོ་རྟགས་ཚུ་

ཁྱོད་ཀྱིས་ ས་སྒོ་ཚུ་ཨེཆ་ཊི་ཨེམ་ཨེལ་ཡིག་ཆ་སྦེ་ཡོད་པའི་ཡིག་ཆ་ཅིག་བཙུགས་པའི་སྐབས་ལུ་LibreOffice ཚེས་གྲངས་དང་ ཆུ་ཚོད་ དེ་ལས་ ཌོག་བརྡ་དོན་ས་སྒོ་ཚུ་དམིགས་གསལ་གྱི་ཨེཆ་ཊི་ཨེམ་ཨེལ་ངོ་རྟགས་ཚུ་ལུ་ རང་བཞིན་གྱིས་གཞི་བསྒྱུར་འབདཝ་ཨིན། ས་སྒོའི་ནང་དོན་ཚུ་ གཞི་བསྒྱུར་འབད་ཡོད་པའི་ཁ་ཕྱེ་ནི་དང་ཁ་བསྡམ་ནིའི་ཨེཆ་ཊི་ཨེམ་ཨེལ་ངོ་རྟགས་ཀྱི་བར་ན་ལུ་བཙུགས་ཡོདཔ་ཨིན། དམིགས་གསལ་གྱི་ ཨེཆ་ཊི་ཨེམ་ཨེལ་ངོ་རྟགས་འདི་ཚུ་གིས་ ཨེཆ་ཊི་ཨེམ་ཨེལ་ངོ་རྟགས་ཚད་ལྡན་དང་་ཆ་མི་མཉམ།

LibreOffice རྩོམ་འབྲི་པའི་ས་སྒོ་ཚུ་ ཨེཆ་ཊི་ཨེམ་ཨེལ་ཡིག་ཆ་ཅིག་ནང་གི་ <SDFIELD>ངོ་རྟགས་ཀྱིས་ངོས་འཛིན་འབདཝ་ཨིན། ས་སྒོའི་དབྱེ་བ་དང་ རྩ་སྒྲིག་ དེ་ལས་ དམིགས་གསལ་གྱི་ས་སྒོ་གི་མིང་དེ་ཚུ་ ཨེཆ་ཊི་ཨེམ་ཨེལ་ངོ་རྟགས་འགོ་བཙུགས་ནང་ལུ་བཙུགས་ཏེ་ཡོདཔ་ཨིན། ཨེཆ་ཊི་ཨེམ་ཨེལ་ཚགས་མ་གིས་ངོས་འཛིན་འབད་ཡོད་པའི་ས་སྒོའི་ངོ་རྟགས་ཅིག་གི་རྩ་སྒྲིག་དེ་ ས་སྒོའི་དབྱེ་བ་དང་བསྟུན་དགོཔ་ཨིན།

ཚེས་གྲངས་དང་ཆུ་ཚོད་ས་སྒོ་ཚུ།

"Date" དང་"Time" ས་སྒོའི་དོན་ལས་ TYPEཚད་བཟུང་དེ་DATETIMEདང་མཉམ་པ་སྦེ་བཟོཝ་ཨིན། དཔེ་འབད་བ་ཅིན་ ཚེས་གྲངས་ཀྱི་དོན་ལུ་DD:MM:YY ་དང་ཡང་ན་ ཆུ་ཚོད་ཀྱི་དོན་ལུ་ HH:MM:SS བཟུམ་སྦེ་ ཚེས་གྲངས་དེ་གི་རྩ་སྒྲིག་དང་ཡང་ན་ ཆུ་ཚོད་དེ་ SDNUM ཚད་བཟུང་དེ་གིས་གསལ་བཀོད་འབད་འབདཝ་ཨིན།

གཏན་བཟོས་ཚེས་གྲངས་དང་ཚུ་ཚོད་ས་སྒོའི་དོན་ལུ་ ཚེས་གྲངས་ཡང་ན་ ཆུ་ཚོ་དེ་SDVAL ཚད་བཟུང་དེ་གིས་གསལ་བཀོད་འབདཝ་ཨིན།

ཚེས་གྲངས་དང་ཆུ་ཚོད་ཀྱི་དཔེ་ LibreOffice གིས་ ས་སྒོ་སྦེ་ངོས་འཛིན་འབད་ཡོད་མི་ དམིགས་གསལ་གྱི་ཨེཆ་ཊི་ཨེམ་ཨེལ་ངོ་རྟགས་ཚུ་ འོག་ལུ་ཡོད་མི་ཐིཁ་ཁྲམ་ནང་ལུ་སྟོན་ཏེ་ཡོད:

ས་སྒོ་

LibreOffice ངོ་རྟགས་

ཚེས་གྲངས་འདི་གཏན་བཟོས་འབད་ཡི།

<SDFIELD TYPE=DATETIME SDVAL="35843,4239988426" SDNUM="1031;1031;DD/MM/YY">༡༧/༠༢/༩༨</SDFIELD>

ཚེས་གྲངས་འདི་འགྱུར་ཅན་ཨིན།

<SDFIELD TYPE=DATETIME SDNUM="1031;1031;DD/MM/YY">༡༧/༠༢/༩༨</SDFIELD>

ཆུ་ཚོད་འདི་གཏན་བཟོས་བཟོ་ཡི།

<SDFIELD TYPE=DATETIME SDVAL="35843,4240335648" SDNUM="1031;1031;HH:MM:SS">༡༠:༡༠:༣༦</SDFIELD>

ཆུ་ཚེོད་འདི་འགྱུར་ཅན་ཨིན།

<SDFIELD TYPE=DATETIME SDNUM="1031;1031;HH:MM:SS">༡༠:༡༠:༣༦</SDFIELD>


ཌོག་བརྡ་དོན་ས་སྒོ་ཚུ་

ཌོག་བརྡ དོན་ས་སྒོ་ཚུ་གི་དོན་ལུ་ TYPE ཚད་བཟུང་དེ་ DOCINFO དང་མཉམ་པ་སྦེ་འོངམ་ཨིན། SUBTYPE ཚད་འཛིན་དེ་གིས་ གསལ་བཀོད་འབད་ཡོད་མི་ས་སྒོ་བཟུམ་ཡོད་མི་བཀྲམ་སྟོན་འབདཝ་ཨིན། དཔེ་འབད་བ་ཅིན་ "Created" ཌོག་བརྡ་དོན་ས་སྒོ་དེ་གི་དོན་ལུ་SUBTYPE=CREATE. ཚེས་གྲངས་དང་ཆུ་ཚོད་ཀྱི་ཌོག་བརྡ་དོན་ས་སྒོ་གི་དོན་ལུ་FORMAT ཚད་བཟུང་དེ་ ཚེས་གྲངས་ ཡང་ན་ ཆུ་ཚོད་དང་མཉམ་པ་སྦེ་འོངམ་ཨིནམ་དང་ SDNUMཚད་བཟུང་དེ་གིས་ ལག་ལེན་འཐབ་ཡོད་པའི་ཨང་གྲངས་ཀྱི་རྩ་སྒྲིག་གི་བརྡ་སྟོནམ་ཨིན།SDFIXEDཚད་བཟུང་དེ་གིས་ ཌོག་བརྡ་དོན་གྱི་ས་སྒོ་དེ་གི་ནང་དོན་འདི་གཏན་བཟོས་བཟོ་སྟེ་ཡོད་དང་མེད་ཀྱི་བརྡ་སྟོནམ་ཨིན།

གཏན་བཟོས་ཅན་གྱི་ཚེས་གྲངས་ ཡང་ན་ ཆུ་ཚོད་ས་སྒོ་དེ་ཚུ་གི་ནང་དོན་ཚུ་ SDVAL ཚད་བཟུང་དང་མཉམ་པ་སྦེ་ཡོདཔ་ཨིནམ་དང་ དེ་མེན་པ་ཅིན་ ནང་དོན་ཚུ་ SDFIELD HTML ངོ་རྟགས་ཚུ་གི་བར་ན་ལུ་ཡོད་པའི་ཚིག་ཡིག་དེ་དང་མཉམ་པ་སྦེ་འོངམ་ཨིན།

LibreOffice གིས་ ས་སྒོ་སྦེ་ངོས་འཛིན་འབད་ཡོད་པའི་ ཌོཀ་བརྡ་དོན་གྱི་དམིགས་གསལ་ཨེཆ་ཊི་ཨེམ་ཨེལ་ངོ་རྟགས་དཔེ་ཚུ་ འོག་གི་ཐིག་ཁྲམ་ནང་ལུ་སྟོན་ཏེ་ཡོད:

ས་སྒོ་

LibreOffice ངོ་རྟགས་

འགྲལ་བཤད་(ནང་དོན་གཏན་བཟོས་)

<SDFIELD TYPE=DOCINFO SUBTYPE=COMMENT SDFIXED>འགྲལ་བཤད་</SDFIELD>

གསར་བསྐྲུན་ཚེས་གྲངས་

<SDFIELD TYPE=DOCINFO SUBTYPE=CREATE FORMAT=DATE SDNUM="1031;1031;QQ YY">༡. བཞི་དཔྱ་གཅིག་ ༩༨</SDFIELD>

གསར་བསྐྲུན་ཆུ་ཚོད་(ནང་དོན་གཏན་བཟོས་)

<SDFIELD TYPE=DOCINFO SUBTYPE=CREATE FORMAT=TIME SDVAL="0" SDNUM="1031;1031;HH:MM:SS AM/PM" SDFIXED>༠༣་:༥༨:༣༥ པི་ཨེམ་</SDFIELD>

ལེགས་བཅོས་ཚེས་གྲངས།

<SDFIELD TYPE=DOCINFO SUBTYPE=CHANGE FORMAT=DATE SDNUM="1031;1031;NN DD MMM, YY">ཨེམ་ཨོ་ ༢༣ དབྱིན་ཟླ་གཉིས་པ་ ༩༨</SDFIELD>


Please support us!