གནད་སྡུད་གཞི་རྟེན་

You can insert fields from any database, for example, address fields, into your document.

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

གདམ་ཁ་རྐྱབས་ བཙུགས་ - ས་སྒོ་ཚུ་ - གཞན་ -གནད་སྡུད་གཞི་རྟེན་ མཆོང་ལྡེ་


དབྱེ་བ་

Lists the available field types.

ས་སྒོའི་དབྱེ་བ།

གོ་དོན་

དྲན་ཐོ་གང་རུང་

ཁྱོད་ཀྱིས་ དྲན་ཐོ་ཨང་གི་སྒྲོམ་ནང་ལུ་གསལ་བཀོད་འབད་དེ་ཡོད་མི་གཞི་རྟེན་གྱི་ནང་དོན་དེ་ ཁྱོད་ཀྱིས་ཐོ་བཀོད་འབད་མི་ གནས་སྟངས་དེ་ཚང་པ་ཅིན་ བཙུགསཔ་ཨིན། སྣ་མང་སེལ་འཐུ་དེ་གིས་ གནད་སྡུད་འབྱུང་ཁུངས་སྟོན་ནི་ནང་ལུ་ སེལ་འཐུ་འབད་དེ་ཡོད་མི་དྲན་ཐོ་ཚུ་རྐྱངམ་ཅིག་ བརྩ་འཇོག་འབདཝ་ཨིན།

ཁྱོད་ཀྱིས་ ཡིག་ཆ་ཅིག་ནང་ལུ དྲན་ཐོ་ལེ་ཤ་ཅིག་བཙུགས་ནིའི་དོན་ལུ་ ས་སྒོ་འདི་ལག་ལེན་འཐབ་ཚུགས། དྲན་ཐོ་གང་རུང་གི་ས་སྒོ་དེ་ དྲན་ཐོ་ལ་ལོ་ཅིག་ལག་ལེན་འཐབ་མི་ རྣམ་པ་ཅན་གྱི་ཡི་གུའི་ས་སྒོ་ཚུ་གི་གདོང་ཁ་ལུ་བཙུགས།

གནད་སྡུད་གཞི་རྟེན་གྱི་མིང་།

གནད་སྡུད་གཞི་རྟེན་ སྒྲོམ་དེ་ནང་ལུ་ སེལ་འཐུ་འབད་དེ་ཡོད་མི་ གནད་སྡུད་གཞི་རྟེན་གྱི་ཐིག་ཁྲམ་དེ་བཙུགསཔ་ཨིན། "Database Name" ས་སྒོ་དེ་ སྤྱི་ཁྱབ་ས་སྒོ་ཨིན་ དེ་ཡང་ ཁྱོད་ཀྱིས་ ཁྱོད་རའི་ཡིག་ཆའི་ནང་ལུ་ གནད་སྡུད་གཞི་རྟེན་སོའི་སོའི་མིང་ཅིག་བཙུགས་པ་ཅིན་ ཧེ་མ་ལས་བཙུགས་ཡོད་མི་"Database Name" ས་སྒོ་ཚུ་གི་ནང་དོན་ཚུ་ཆ་མཉམ་དུས་མཐུན་བཟོཝ་ཨིན།

ཡིག་འཕྲིན་མཉམ་བསྡོམས་ས་སྒོ་

གནད་སྡུད་གཞི་རྟེན་ས་སྒོ་ཅིག་གི་མིང་དེ་ ས་གནས་འཆང་མི་ཅིག་སྦེ་བཙུགས་མི་དེ་གིས་ ཁྱོད་ཀྱིས་ཡིག་འཕྲིན་མཉམ་བསྡོམས་ཡིག་ཆ་ཅིག་གསར་བསྐྲུན་འབད་ཚུགས།ཁྱོད་ཀྱིས་རྣམ་པ་ཅན་གྱི་ཡི་གུ་དེ་དཔར་བསྐྲུན་འབད་བའི་སྐབས་ལུ་ ས་སྒོའི་ནང་དོན་དེ་རང་བཞིན་གྱིས་བཙུགསཔ་ཨིན།

ཤུལ་མམ་གྱི་དྲན་ཐོ་

ཁྱོད་ཀྱིས་ངེས་འཛིན་འབད་ཡོད་པའི་གནས་སྟངས་དེ་ཚང་པ་ཅིན་ ཤུལ་མམ་གྱི་ཡིག་འཕྲིན་མཉམ་བསྡོམས་ས་སྒོ་དེ་གི་ནང་དོན་ཚུ་ ཁྱོད་རའི་ཡིག་ཆའི་ནང་ལུ་བཙུགསཔ་ཨིན། ཁྱོད་ཀྱིས་ གྲངས་སུ་བཙུགས་དགོ་མནོ་མི་དྲན་ཐོ་དེ་ གནད་སྡུད་འབྱུང་ཁུངས་མཐོང་སྣང་ནང་ལུ་སེལ་འཐུ་འབད་དེ་འོང་དགོཔ་ཨིན།

ཁྱོད་ཀྱིས་ ཡིག་ཆ་ནང་གི་ ཡིག་འཕྲིན་མཉམ་བསྡོམས་ས་སྒོ་ཚུ་གི་བར་ན་ལུ་ རིམ་མཐུད་དྲན་ཐོ་དེ་ཚུ་གི་ནང་དོན་ཚུ་བཙུགས་ནིའི་དོན་ལུ་ "Next record" ས་སྒོ་དེ་ལག་ལེན་འཐབ་ཚུགས།

ཨང་ཡིག་སྒྲ་བཟུང་འབད།

སེལ་འཐུ་འབད་དེ་ཡོད་པའི་ནག་དསྡུད་གཞི་རྟེན་ས་སྒོའི་དྲན་ཐོ་དེ་གི་ཨང་གྲངས་དེ་བཙུགསཔ་ཨིན།


note

The following fields can only be inserted if the corresponding field type is selected in the Type list.


གནད་སྡུད་གཞི་རྟེན་ས་སྒོ་

གནད་སྡུད་གཞི་རྟེན་ས་སྒོ་ ཡང་ན་ ཁྱོད་ཀྱིས་ས་སྒོ་དེ་གིས་ གཞི་བསྟུན་འབད་འགོ་པའི་གནད་སྡུད་གཞི་རྟེན་གྱི་འདྲི་དཔྱད་དེ་སེལ་འཐུ་འབད། ཁྱོད་ཀྱིས་ གནད་སྡུད་གཞི་རྟེན་ ཡང་ན་ འདྲི་དཔྱད་གཅིག་ལས་ལྷག་མི་ནང་ལས་ ས་སྒོ་ཚུ་ཡིག་ཆའི་ནང་ལུ་བཙུགས་ཚུགས།

གནས་སྟངས།

ས་སྒོ་ཚུ་གནས་སྟངས་དང་མཉམ་མཐུད་འབད་ཡོད་མི་དེ་གི་དོན་ལུ་ ནཱ་ལུ་ཁྱད་ཚད་ཐོ་བཀོད་འབད།

ཁྱོད་ལུ་དགོ་པ་ཅིན་"Any Record" དང་ "Next Record" ས་སྒོ་ཚུ་གི་ནང་དོན་ཚུ་མ་བཙུགས་པའི་ཧེ་མ་ལས་ཚང་དགོ་པའི་གནས་སྟངས་ཅིག་འགན་སྤྲོད་འབད་ཚུགས། སྔོན་སྒྲིག་གནས་སྟངས་དེ་"True" དེ་ཡང་ ཁྱོད་ཀྱིས་ཚིག་ཡིག་གནས་གནས་སྟངས་དེ་བསྒྱུར་བཅོས་མ་འབད་བ་ཅིན་ གནས་སྟངས་དེ་་ཨ་རྟག་རང་བདེན་པ་འོངམ་ཨིན།

ཨང་ཡིག་སྒྲ་བཟུང་འབད།

ཁྱོད་ཀྱིས་གསལ་བཀོད་འབད་དེ་ཡོད་མི་གནས་སྟངས་དེ་ཚང་པའི་སྐབས་ལུ་ ཁྱོད་ར་གིས་བཙུགས་དགོ་མནོ་མི་དྲན་ཐོ་གི་གྱངས་ཁ་དེ་ཐོ་བཀོད་འབད། དྲན་ཐོའི་ཨང་དེ་ གནད་སྡུད་འབྱུང་ཁུངས་མཐོང་སྣང་དེ་ནང་གི་ འཕྲལ་སྐབས་ཀྱི་སེལ་འཐུ་དེ་དང་ཆ་མཉམ་པས། དཔེ་འབད་བ་ཅིན་ ཁྱོད་ཀྱིས་དྲན་ཐོ་ ༡༠ ཡོད་མི་གནད་སྡུད་གཞི་རྟེན་ནང་ལུ་མཇུག་གི་དྲན་ཐོ་ ༥ སེལ་འཐུ་འབད་བ་ཅིན་ དྲན་ཐོ་དང་པམ་གྱི་ཨང་དེ་ ༡ ཨིནམ་མ་གཏོགས་ ༦ མེན།

དྲན་འཛིན་ངོས་དཔར།

ཁྱོད་ཀྱིས་ གནད་སྡུད་གཞི་རྟེན་སོ་སོ་ཅིག་ནང་གི་ས་སྒོ་ལུ་གཞི་བསྟུན་འབད་བ་ཅིན་(ཡང་ན་ གནད་སྡུད་གཅིག་གི་ནང་འཁོད་ལུ་ ཐིག་ཁྲམ་དང་ ཡང་ན་ འདྲི་དཔྱད་སོ་སོ་ནང་ལུ་)LibreOffice ད་ལྟོའི་སེལ་འཐུ་དེ་དང་འབྲེལ་བ་ཡོད་མི་དྲན་ཐའི་ཨང་གྲངས་དེ་གཏན་འབེབས་བཟོཝ་ཨིན།


རྩ་སྒྲིག་

Select the format of the field that you want to insert. This option is available for numerical, boolean, date and time fields.

གནད་སྡུད་གཞི་རྟེན་ནང་ལས།

སེལ་འཐུ་འབད་དེ་ཡོད་མི་གནད་སྡུད་གཞི་རྟེན་དེ་ནང་ལུ་ངེས་འཛིན་འབད་ཡོད་མི་རྩ་སྒྲིག་དེ་ལག་ལེན་འཐབ་ཨིན།

བརྡ་འཚོལ་

ཁྱོད་ཀྱིས་གནད་སྡུད་གཞི་རྟེན་ཡིག་སྣོད་(*.odb) དེ་སེལ་འཐུ་འབད་ཚུགས་པའི་ཡིག་སྣོད་ཁ་ཕྱེ་ཌའི་ལོག་དེ་ཁ་ཕྱེ་ཚུགས། སེལ་འཐུ་འབད་དེ་ཡོད་མི་ཡིག་སྣོད་དེ་ གནད་སྡུད་གཞི་རྟེན་སེལ་འཐའི་ཐོ་ཡིག་ནང་ལུ་ཁ་སྐོང་བརྐྱབས་ཡོདཔ་ཨིན།

ལག་ལེན་པ་ངེས་འཛིན་འབད་ཡོདཔ།

ཁྱོད་ཀྱིས་ ལག་ལེན་པ་-ངེཤས་འཛིན་འབད་ཡོད་པའི་རྩ་སྒྲིག་གི་ཐོ་ཡིག་ནང་ལུ་སེལ་འཐུ་འབད་ཡོད་མི་རྩ་སྒྲིག་དེ་འཉུག་སྤྱོད་འབདཝ་ཨིན།

ལག་ལེན་པ-ངེས་འཚིན་འབད་ཡོད་པའི་རྩ་སྒྲིག་ཚུ་གི་ཐོ་ཡིག

Lists the available user-defined formats.

རྣམ་པ་ཅད་གྱི་ཡི་གུ་ཅིག་དཔར་བསྐྲུན་འབད་དོ

ཁྱོད་ཀྱིས་ གནད་སྡུད་གཞི་རྟེན་ས་སྒོ་ཚུ་ཡོད་པའི་ཡིག་ཆ་ཅིག་དཔར་བསྐྲུན་འབད་བའི་སྐབས་ལུ་ ཌའི་ལོག་དེ་གིས་ ཁྱོད་ཀྱིས་རྣམ་པ་ཅན་གྱི་ས་སྒོ་ཅིག་དཔར་བསྐྲུན་འབད་ནི་ཨིན་ན་མེན་ན་འདྲིཝ་ཨིན། ཁྱོད་ཀྱིས་ཨིན་ཟེར་ལེན་བརྐྱབ་པ་ཅིན་ ཁྱོད་ཀྱིས་དཔར་བསྐྲུན་འབད་ནིའི་དོན་ལུ་གནད་སྡུད་གཞི་རྟེན་དྲན་ཐོ་ཚུ་སེལ་འཐུ་འབད་ཚུགས་པའི་ཌའི་ཡིག་འཕྲིན་མཉམ་བསྡོམས་ཌའི་ལོག་དེ་ཁ་ཕྱེཝ་ཨིན།

Please support us!