LibreOffice 25.2 Help
ཡིག་ཤུབས་དེ་གི་དོན་ལུ་པར་བསྐྲུན་གདམ་ཁ་དེ་གཞི་སྒྲིག་འབད།
ཡིག་ཤུབས་ཚུ་ལུ་དཔར་བསྐྲུན་གཞི་སྒྲིག་འབད་ནིའི་དོན་ལུ་ ཁྱོད་རའི་དཔར་འཕྲུལ་དང་གཅིག་ཁར་འོང་ཡོད་པའི་ཡིག་ཐོག་བཀོད་པ་དེ་ལུ་འདྲི་བསྟུན་འབད། དཔར་འཕྲུལ་གྱི་དཔེ་དང་བསྟུན་ཏེ་ཡིག་ཤུབས་ཚུ་ གཡས་དང་གཡོན་ བར་ན་བཞག་དགོཔ་ཨིནམ་དང་ ཁ་ཡར་དང་མར་གང་རུང་སྦེ་བསྒྱིར་ཏེ་བཞག་དགོཔ་ཨིན།
ཡིག་ཤུབས་དེ་དཔར་འཕྲུལ་ཤོག་སྣོད་དེ་གི་གཡོན་གྱི་མཐའམ་ལས་ཐད་སྙོམས་སྦེ་བཙུགསཔ་ཨིན།
ཡིག་ཤུབས་དེ་དཔར་འཕྲུལ་ཤོག་སྣོད་ཀྱི་དབུས་དེ་ནང་ལས་ཐད་སྙོམས་སྦེ་བཙུགསཔ་ཨིན།
ཡིག་ཤུབས་དེ་དཔར་འཕྲུལ་ཤོག་སྣོད་ཀྱི་མཐའམ་གཡས་ལས་ཐད་སྙོམས་སྦེ་བཙུགསཔ་ཨིན།
ཡིག་ཤུབས་དེ་དཔར་འཕྲུལ་ཤོག་སྣོད་ཀྱི་མཐའམ་དེ་ནང་ལས་ཀེར་ཕྲང་སྦེ་བཙུགསཔ་ཨིན།
ཡིག་ཤུབས་དེ་དཔར་འཕྲུལ་ཤོག་སྣོད་ཀྱི་དབུས་དེ་ནང་ལས་བཙུགསཔ་ཨིན།
ཡིག་ཤུབས་དེ་དཔར་འཕྲུལ་ཤོག་སྣོད་ཀྱི་གཡས་ཀྱི་མཐའ་མའི་ནང་ལས་ཀེར་ཕྲང་སྦེ་བཙུགསཔ་ཨིན།
ཡིག་ཤུབས་དེ་ དཔར་འཕྲུལ་ཤོག་སྣོད་དེ་ནང་ལུ་དཔར་བསྐྲུན་གྱི་ཕྱོགས་ཁ་ཡར་སྦེ་ཡོད་མི་དང་གཅིག་ཁར་བཙུགསཔ་ཨིན།
ཡིག་ཤུབས་དེ་ དཔར་འཕྲུལ་ཤོག་སྣོད་དེ་ནང་ལུ་ དཔར་བསྐྲུན་གྱི་ཕྱོགས་དེ་ཁ་མར་སྦེ་ཡོད་མི་དང་གཅིག་ཁར་བཙུགསཔ་ཨིན།
དཔར་བསྐྲུན་གྱི་མངའ་ཁོངས་དེ་གཡས་ལུ་བཤུད་ནིའི་དོན་ལུ་ དངུལ་བསྡོམས་བཙུགས།
དཔར་བསྐྲུན་ས་སྒོའི་དེ་མར་བཤུད་ནིའི་དོན་ལུ་ དངུལ་བསྡོམས་དེ་བཙུགས།
ད་ལྟོའི་དཔར་འཕྲུལ་དེ་གི་མིང་དེ་བཀྲམ་སྟོན་འབདཝ་ཨིན།
ཤོག་ལེབ་རྩ་སྒྲིག་དང་ཕྱོགས་ལ་སོགས་པ་བཟུམ་མའི་དཔར་འཕྲུལ་སྒྲིག་སྟངས་ཁ་སྐོང་དེ་ངེས་འཛིན་འབད་ཚུགས་པའི་དཔར་བསྐྲུན་གཞི་སྒྲིག་དེ་ཁ་ཕྱེཝ་ཨིན།