LibreOffice ཨང་རྩིས་ཁྱད་རྣམ་ཚུ་

དབྱེ་ཚན་འདི་ནང་ LibreOfficeཨང་རྩིས་ཀྱིས་བྱིན་པའི་གལ་ཅན་ལས་འགན་ལ་ལོ་ཅིག་གི་སྤྱི་མཐོང་དང་ལྕོགས་གྲུབ་ཚུ་ཡོདཔ་ཨིན།

LibreOffice ཨང་རྩིས་ཀྱིས་ ཁྱོད་ཀྱིས་མན་ངག་གསར་བསྐྲུན་འབད་ནིའི་གྲོགས་རམ་གྱི་དོན་ལུ་ བཀོལ་སྤྱོད་པ་སྣ་ཚོགས་དང་ལས་འགན་དེ་ལས་རྩ་སྒྲིག་ལས་རོགས་ཚུ་བྱིནམ་ཨིན། དེ་ཚུ་ཆ་མཉམ་ར་སེལ་འཐུའི་སྒོ་སྒྲིག་ཅིག་ནང་ཐོ་ཡིག་བཀོད་དེ་ཡོད་ དེ་ཡང་ ཁྱོད་རའི་ལཱ་ནང་དངོས་པོ་བཙུགས་ནིའི་དོན་ལུ་ མའུསི་གི་ཐོག་ལས་དགོ་པའི་ཆ་ཤས་ལུ་ཨེབ་གཏང་འབད་ཚུགས། དེ་ནང་ རྫོགས་ནི་ཡོད་པའི་གཞི་བསྟུན་ ཐོ་ཡིག་དང་ གྲོགས་རམ་ནང་དཔེ་ཚད་སྣ་ཚོགས་ཚུ་ཡོདཔ་ཨིན། .

མན་ངག་ཅིག་གསར་བསྐྲུན་འབད་དོ།

དཔེ་རིས་དང་གཟུགས་བརྙན་ཚུ་གི་ཐོག་ལས་ མན་ངག་ཚུ་དངོས་པོ་བཟུམ་སྦེ་ཡིག་ཆ་ནང་ལུ་གསར་བསྐྲུན་འབད་ཡི། ཡིག་ཆ་ནང་ལུ་མན་ངག་ཅིག་བཙུགས་མི་འདི་གིས་ LibreOfficeཨང་རྩིས་ རང་བཞིན་གྱིས་འགོ་བཙུགསཔ་ཨིན། ཁྱོད་ཀྱིས་ སྔ་གོང་ལས་ངེས་འཛིན་འབད་ཡོད་པའི་བརྡ་མཚོན་སེལ་འཐུ་སྦོམ་དང་ལས་འགན་ཚུ་ལག་ལེན་འཐབ་པའི་ཐོག་ལས་ གསར་བསྐྲུན་དང་ཞུན་དག་དེ་ལས་རྩ་སྒྲིག་འབད་ཚུགས།

མན་ངག་ཅིག་ཐད་ཀར་དུ་ཡིག་དཔར་རྐྱབ་དོ།

LibreOffice ཨང་རྩིས་སྐད་ཡིག་དང་འབྲེལ་བ་ཡོད་པ་ཅིན་ ཁྱོད་ཀྱིས་ཡིག་ཆའི་ནང་ལུ་ མན་ངག་ཐད་ཀར་དུ་ཡིག་དཔར་བརྐྱབ་ཚུགས། དཔེར་ན་ མན་ངག་འདི་ཚིག་ཡིག་ཡིག་ཆ་་ནང་ཡིག་དཔར་རྐྱབས་:"a sup 2 + b sup 2 = c sup 2". ཚིག་ཡིག་འདི་སེལ་འཐུ་འབད་ཞིནམ་ལས་ བཙུགས་ - དངོས་པོ་ - མན་ངག་གདམས། ཚིག་ཡིག་འདི་ རྩ་སྒྲིག་འབད་ཡོད་པའི་མན་ངག་ནང་གཞི་བསྒྱུར་འབད་འོང་།

དྲན་འཛིན་ངོས་དཔར།

མན་ངག་ཚུ་ LibreOfficeཨང་རྩིས་ནང་རྩིས་བཏོན་མི་ཚུགས་ ག་ཅི་སྦེ་ཟེར་བ་ཅིན་ འདི་མན་ངག་ཞུན་དགཔ་(མན་ངག་བྲིས་ནི་དང་སྟོན་ནིའི་དོན་ལུ་)དང་རྩིས་ལས་ལས་རིམ་མེན། མན་ངག་ཚུ་རྩིས་བཏོན་ནིའི་དོན་ལུ་ ཤོག་ཁྲམ་ལག་ལེན་འཐབ་ ཡང་ན་ འཇམ་སམ་རྩིས་ལས་ཨིན་པ་ཅིན་ ཚིག་ཡིག་ཡིག་ཆའི་རྩིས་ལས་ལས་འགན་འདི་ ལག་ལེན་འཐབ།


བརྡ་བཀོད་སྒོ་སྒྲིག་ནང་ མན་ངག་ཅིག་གསར་བསྐྲུན་འབད་དོ།

མན་ངག་ཐོ་འགོད་དང་ཞུན་དག་འབད་ནིའི་དོན་ལས་ LibreOffice ཨང་རྩིས་བརྡ་བཀོད་ཚུ་ལག་ལེན་འཐབ། ཁྱོད་ཀྱིས་ བརྡ་བཀོད་སྒོ་སྒྲིག་ནང་ཐོ་འགོད་འབད་ཡོདཔ་ལས་ ཡིག་ཆ་ནང་གྲུབ་འབྲས་ཚུ་མཐོང་ཚུགས། མན་ངག་ཐུང་ཀུ་དང་གོ་དཀའ་བ་ཚུ་གསར་བསྐྲུན་འབད་བའི་སྐབས་ལུ་ སྤྱི་མཐོང་རྒྱུན་སྐྱོང་གི་དོན་ལུ་ ལག་ཆས་ཕྲ་རིང་གུ་ མན་ངག་འོད་རྟགས་འདི་ལག་ལེན་འཐབ། ལས་འགན་འདི་ཤུགས་ལྡན་བཟོ་ཞིནམ་ལས་ བརྡ་བཀོད་སྒོ་སྒྲིག་ནང་ཡོད་མི་འོད་རྟགས་ཀྱི་གནས་ཁོངས་འདི་ཡང་ ཚིག་ཡིག་སྒོ་སྒྲིག་ནང་ལུ་སྟོན་འོང་།

ངོ་རྐྱང་བརྡ་མཚོན་ཚུ།

ཁྱོད་ཀྱིས་ཁྱོད་རའི་བརྡ་མཚོན་གསར་བསྐྲུན་འབད་བཏུབ་དང་ཡིག་གཟུགས་གཞན་ནང་ལས་ཡིག་འབྲུ་ཚུ་ནང་འདྲེན་འབད་བཏུབ་ཨིན། དེ་ལས་གཞན་ཡང་ ཁྱོད་ཀྱིས་ LibreOffice ཨང་རྩིས་བརྡ་མཚོན་གྱི་གཞི་རིམ་ཐོ་གཞུང་ལུ་ བརྡ་མཚོན་གསརཔ་ཁ་སྐོང་འབད་བཏུབ་ ཡངན་ ཁྱོད་རའི་དམིགས་བསལ་གྱི་ཐོ་གཞུང་འདི་གསར་བསྐྲུན་འབད། དམིགས་བསལ་གྱི་ཡིག་འབྲུ་སྣ་ཚོགས་ཚུ་ཡང་ཡོདཔ་ཨིན།

སྐབས་དོན་ནང་མན་ངག་ཚུ།

To make working with formulas easier, use the context menus, which can be called up with a right mouse click. This applies especially to the Commands window. This context menu contains all the commands that are found in the Elements pane, and also operators, and so on, which can be inserted into your formula by mouse-click without having to key them into the Commands window.

Right-to-Left and Left-to-Right formula direction

LibreOffice Math supports setting and rendering a formula in Right-to-Left direction.

Arabic and Persian fonts

LibreOffice Math supports Arabic and Persian operators and symbols.

Please support us!

Please support us!