དཀར་ཆག་

དཀར་ཆག་ཕྲ་རིང་ནང་ LibreOfficeཨང་རྩིས་དང་གཅིག་ཁར་ལཱ་འབད་ནིའི་དོན་ལུ་ བརྡ་བཀོད་ཚུ་ཆ་མཉམ་ཡོདཔ་ཨིན། འདི་ནང་ཡོད་པའི་བཀོལ་སྤྱོད་པ་ཚུ་གི་ཐོ་ཡིག་ཅིག་ཡོད་པའི་ཁར་ ཞུན་དག་དང་སྟོན་ནི་དེ་ལས་བདེ་ཞིབ་དང་མན་ངག་ཡིག་ཆ་ཚུ་རྩ་སྒྲིག་དང་དཔར་བསྐྲུན་འབད་ནི་ ད་རུང་གཞན་ཡང་ ནང་ན་ཡོད་པའི་དངོས་པོའི་དོན་ལུ་བརྡ་བཀོད་ཚུ་ཡང་ཡོདཔ་ཨིན། ཁྱོད་ཀྱིས་མན་ངག་གསར་བསྐྲུན་ ཡང་ན་ ཞུན་དག་འབད་བའི་སྐབས་ལུ་ དཀར་ཆ་བརྡ་བཀོད་མང་ཤོས་ར་འཐོབ་ཚུགསཔ་ཨིན།

དྲན་འཛིན་ངོས་དཔར།

དཀར་ཆག་གི་བརྡ་བཀོད་ཚུ་ལག་ལེན་འཐབ་ནིའི་དོན་ལུ་ ཁྱོད་ལཱ་འབད་དགོ་པའི་ཡིག་ཆ་སྒོ་སྒྲིག་ཡོད་མི་འདི་ སེལ་འཐུ་འབད་དགོ། དེ་དང་ཆ་འདྲ་བ་འབད་ དངོས་པོ་དང་ཅིག་ཁར་འབྲེལ་བའིདཀར་ཆག་གི་བརྡ་བཀོད་ཚུ་ལག་ལེན་འཐབ་ནི་ལུ་ ཁྱོད་ཀྱིས་ཡིག་ཆ་ནང་ཡོད་མི་གི་དངོས་པོ་འདི་སེལ་འཐུ་འབད་དགོ།


ཉེན་བརྡའི་ངོས་དཔར།

དཀར་ཆག་ཚུ་སྐབས་དོན་ཚོར་ཅན་ཨིན། དེའི་དོན་དག་འདི་ ད་ལྟོ་འབད་བའི་ལཱ་ལུ་འབྲེལ་བ་ཡོད་མིའི་དཀར་ཆག་རྣམ་གྲངས་ཚུ་འཐོབ་ཚུགསཔ་ཡོད་ཟེར་ཨིན། འོད་རྟགས་འདི་ཚིག་ཡིག་ནང་ལུ་གནས་ཡོད་པ་ཅིན་ ཚིག་ཡིག་ཞུན་དག་ལུ་དགོ་པའི་ དཀར་ཆག་རྣམ་གྲངས་ཚུ་འཐོབ་ཚུགས། ཁྱོད་ཀྱིས་ཡིག་ཆ་ནང་ཚད་རིས་ཚུ་སེལ་འཐུ་འབད་ཡོད་པ་ཅིན་ ཚད་རིས་ལག་ལེན་འཐབ་བཏུབ་པའི་དཀར་ཆག་གི་རྣམ་གྲངས་ཚུ་ཆ་མཉམ་མཐོང་ཚུགས།


ཡིག་སྣོད་

དཀར་ཆག་འདི་ནང་ལུ་ མན་ངག་ཡིག་ཆ་དང་གཅིག་ཁར་ལཱ་འབད་ནིའི་དོན་ལས་ ཡོངས་ཁྱབ་བརྡ་བཀོད་ཚུ་ཡོདཔ་ཨིན་ དཔེར་ན་ ཁ་ཕྱེ་ནི་དང་སྲུང་བཞག་འབད་ནི་ དེ་ལས་དཔར་བསྐྲུན་འབད་ནི་ཚུ་བཟུམ་ཨིན།

ཞུན་དག་

དཀར་ཆག་འདི་ནང་ཡོད་པའི་བརྡ་བཀོད་ཚུ་ངན་ངག་ཞུན་དག་འབད་ནི་གི་དོན་ལུ་ལག་ལེན་འཐབ་ཨིན། གཞི་རིམ་བརྡ་བཀོད་ཀྱི་ཁ་སྐོང་ལུ་ (དཔེར་ན་ ནང་དོན་འདྲ་བཤུས་བརྐྱབ་ནི་)ས་གནས་འཛིན་མི་ ཡང་ན་ འཛོལ་བ་ཚུ་འཚོལ་ཞིབ་འབད་ནི་བཟུམ་སྦེ་ LibreOfficeཨང་རྩིས་ལུ་དམིགས་བསལ་གྱི་ལས་འགན་ཚུ་ཡོད།

མཐོང་སྣང་

Sets the display scale and defines which elements you want to be visible. Most of the commands that you can enter into the Commands window can also be accessed through a mouse click if you have already opened the Elements pane with View - Elements.

རྩ་སྒྲིག་

དཀར་ཆག་འདི་ནང་ རྩ་སྒྲིག་མན་ངག་ལུ་དགོ་པའི་བརྡ་བཀོད་ཚུ་ཡོདཔ་ཨིན།

ལག་ཆས་ཚུ་

བརྡ་མཚོན་ཐོ་གཞུང་འདི་ཁ་ཕྱེ་ནི་དང་ཞུན་དག་འབད་ནི་གི་དོན་ལུ་ དཀར་ཆ་འདི་ལག་ལེན་འཐབ་ ཡང་ན་ ཕྱི་ཁའི་མན་ངག་འདི་གནད་སྡུད་ཡིག་སྣོད་ཅིག་སྦེ་ནང་འདྲེན་འབད། ཁྱོད་ཀྱི་དགོས་མཁོ་ཚུ་འགྲུབ་ནི་ལུ་ ལས་རིམ་གྱི་ངོས་འདྲ་བ་འདི་བདེ་སྒྲིག་འབད་ཚུགས། དེ་མ་ཚད་ ལས་རིམ་གདམ་ཁ་ཚུ་ཡང་བསྒྱུར་བཅོས་འབད་ཚུགས།

སྒོ་སྒྲིག་

སྒོ་སྒྲིག་དཀར་ཆག་ནང་ ཁྱོད་ཀྱིས་སྒོ་སྒྲིག་གསརཔ་ཅིག་ཁ་ཕྱེ་ཚུགསཔ་དང་ཡིག་ཆའི་ཐོ་ཡིག་མཐོང་ཚུགས།

གྲོགས་རམ།

གྲོགས་རམ་དཀར་ཆག་གིས་ཁྱོད་ལུ་ LibreOffice གྲོགས་རམ་རིམ་ལུགས་ ཁ་ཕྱེ་ནི་དང་ཚད་འཛིན་འབད་བཅུགཔ་ཨིན།

Please support us!