LibreOffice 7.6 Help
འ་ནི་འབད་ཚུགས་ནིའི་དོན་ལས་ ཁྱོད་ཀྱིས་སྡེ་ཚན་སྟོངམ་ཚུ་དང་ཡིག་འབྲུའི་ཡིག་རྒྱུན་ཚུ་ངེས་འཛིན་འབད་དགོ འདི་ཚུ་བར་སྟོང་ག་ནི་ཡང་མི་དགོ་ དེ་འབདཝ་ད་ ཕྲང་སྒྲིག་ལས་སྦྱོར་ནང་གྲོགས་རམ་འབད་མི་བརྡ་དོན་འབདཝ་ཨིན།
སྡེ་ཚན་སྟོངམ་གསར་བསྐྲུན་འབད་ནིའི་དོན་ལས་ གུག་ཤད་བཀུག་བཀུགཔ་ {} ཚུ་བརྡ་བཀོད་ཀྱི་སྒོ་སྒྲིག་ནང་ལུ་ཐོ་བཀོད་འབད། འོག་གི་དཔེར་བརྗོད་ནང་ལུ་ དམིགས་ཡུལ་འདི་ གྲལ་མཚམས་ཅིག་འཐོབ་ནིའི་དོན་ལས་ཨིན་ འདི་ཡང་ བསྡོམས་རྟགས་ཚུ་ ཡིག་འབྲུ་ཉུང་མི་གཅིག་ཡར་གྱི་གྲལ་ཐིག་ནང་ལུ་ཐོ་བཀོད་འབད་ཡོད་དེ་འབད་རུང་ གཅིག་གི་འོག་ལུ་གཅིག་འོང་ནིའི་དོན་ལས་ :
a+a+a+{} newline {}{}{}{}{}a+a+a+a
ཡིག་འབྲུའི་ཡིག་རྒྱུན་སྟོངམ་ཚུ་ ཚིག་ཡིག་ཚུ་དང་མན་ངག་ཚུ་གཡོན་-སྒྲིག་ཨིནམ་སྦེ་ངེས་ཏིག་བཟོ་ནིའི་དོན་ལས་ཐབས་ལམ་འཇམ་སམ་ཅིག་ཨིན། འདི་ཚུ་ ལོག་བལྟབ་གནས་ལོག་འབད་ཡོད་པའི་ལྷོད་རྟགས་ "" ལག་ལེན་འཐབ་ཐོག་ངེས་འཛིན་འབད་ཡོདཔ་ཨིན། ཁྱོད་ཀྱིས་དཔར་བསྐྲུན་རིག་པའི་གནས་ལོག་འབད་འབདཝ་ལྷོད་རྟགས་ཚུ་ག་ནི་ཡང་ལག་ལེན་མ་འཐབ་ཨིནམ་ངེས་ཏིག་བཟོ། དཔེར་བརྗོད་:
"A further example." གྲལ་ཐིག་གསརཔ་ a+b གྲལ་ཐིག་གསརཔ་ ""c-d