བརྡ་མཚོན་ཚུ་ཞུན་དག་འབད།

བརྡ་མཚོན་ཚུ་བརྡ་མཚོན་གྱི་ཆ་ཚན་ཅིག་ལུ་ཁ་སྐོང་རྐྱབས་ནིའི་དོན་ལས་ བརྡ་མཚོན་ཆ་ཚན་ཚུ་ཞུན་དག་འབད་ནིའི་དོན་ལས་ ཡང་ན་ བརྡ་མཚོན་གྱི་དབྱངས་རྟགས་ཚུ་ལེགས་བཅོས་འབད་ནིའི་དོན་ལས་ འ་ནི་ཌའི་ལོག་སྒྲོམ་འདི་ལག་ལེན་འཐབ། ཁྱོད་ཀྱིས་ བརྡ་མཚོན་གྱི་ཆ་ཚན་གསརཔ་ཚུ་ངེས་འཛིན་འབད་ནི་ བརྡ་མཚོན་ཚུ་ལུ་མིང་ཚུ་འགན་སྤྲོད་འབད་ནི་ ཡང་ན་ ཡོད་བཞིན་པའི་བརྡ་མཚོན་གྱི་ཆ་ཚན་ཚུ་ལེགས་བཅོས་འབད་ནི་ ཚུ་ཡང་འབད་ཚུགས།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

Choose Tools - Symbols - Edit


བརྡ་མཚོན་རྙིངམ།

ད་ལྟོའི་བརྡ་མཚོན་གྱི་མིང་དེ་སེལ་འཐུ་འབད། བརྡ་མཚོན་དེ་ བརྡ་མཚོན་གྱི་མིང་དེ་ དང་བརྡ་མཚོན་བང་མི་ཆ་ཚན་དེ་ཚུ་ ཌའི་ལོག་སྒྲོམ་གྱི་མཇུག་ལུ་གཡོན་གྱི་སྔོན་ལྟའི་པེན་དེ་ནང་བཀྲམ་སྟོན་འབད་ཡོད།

བརྡ་མཚོན་གྱི་ཆ་ཚན་རྙིངམ།

འ་ནི་ཐོ་ཡིག་སྒྲོམ་དེའི་ནང་ན་ ད་ལྟའི་བརྡ་མཚོན་གྱི་ཆ་ཚན་གྱི་མིང་ཡོད། ཁྱོད་ལུ་དགོཔ་ཨིན་པ་ཅིན་ ཁྱོད་ཀྱིས་བརྡ་མཚོན་གྱི་ཆ་ཚན་སོ་སོ་ཅིག་ཡང་སེལ་འཐུ་འབད་ཚུགས།

བརྡ་མཚོན།

ད་ལྟོའི་བརྡ་མཚོན་གྱི་ཆ་ཚན་དེ་ནང་བརྡ་མཚོན་ཚུའི་དོན་ལུ་མིང་ཚུ་ཐོ་བཀོདཔ་ཨིན། ཐོ་ཡིག་ནང་ལས་མིང་ཅིག་སེལ་འཐུ་འབད་ཡང་ན་ གསརཔ་སྦེ་ཁ་སྐོང་རྐྱབ་རྐྱབས་ཀྱི་བརྡ་མཚོན་ཅིག་གི་དོན་ལུ་ མིང་ཅིག་ཡིག་དཔར་རྐྱབས།

བརྡ་མཚོན་གསརཔ་ཅིག་ཁ་སྐོང་རྐྱབས་དོ།

བརྡ་མཚོན་གྱི་ཆ་ཚན་ཅིག་ལུ་བརྡ་མཚོན་ཅིག་ཁ་སྐོང་རྐྱབས་ནིའི་དོན་ལས་ ཡིག་གཟུགས་ སྒྲོམ་དེ་ནང་ཡིག་གཟུགས་ཅིག་གདམ་ཁ་རྐྱབས་ དེ་ལས་བརྡ་མཚོན་གྱི་པེན་ནང་ལུ་བརྡ་མཚོན་ཅིག་ཨེབ་གཏང་། བརྡ་མཚོན་ སྒྲོམ་དེ་ནང་ལུ་ བརྡ་མཚོན་གྱི་དོན་ལུ་མིང་ཅིག་ཡིག་རྐྱབས། བརྡ་མཚོན་གྱི་ཆ་ཚན་ ཐོ་ཡིག་སྒོམ་ནང་ལུ་ བརྡ་མཚོན་གྱི་ཆ་ཚན་ཅིག་སེལ་འཐུ་འབད་ ཡང་ན་བརྡ་མཚོན་གྱི་ཆ་ཚན་གསརཔ་ཅིག་གཞི་སྒྲིག་འབད་ནིའི་དོན་ལས་མིང་གསརཔ་ཅིག་ཡིག་དཔར་རྐྱབས། གཡས་ཀྱི་སྔོན་ལྟའི་པེན་གྱིས་ ཁྱོད་ཀྱིས་སེལ་འཐུ་འབད་ཡོད་མི་བརྡ་མཚོན་དེ་བཀྲམ་སྟོན་འབདཝ་ཨིན། ཁ་སྐོང་རྐྱབས་ དང་དེ་ལས་ བཏུབ་ ཨེབ་གཏང་།

བརྡ་མཚོན་ཅིག་གི་མིང་དེ་ལེགས་བཅོས་འབད་དོ།

བརྡ་ཚོན་གྱི་མིང་འདི་བསྒྱུར་བཅོས་འབད་ནི་ལུ་ བརྡ་ཚོན་རྙིངམ་གྱི་ཐོ་ཡིག་སྒྲོམ་འདི་ནང་ མིང་རྙིངམ་དེ་སེལ་འཐུ་འབད། དེ་ལས་ བརྡ་ཚོན་ སྒྲོམ་ནང་ མིང་གཧརཔ་འདི་ཐོ་བཀོད་འབད། ཁྱོད་ཀྱི་ལེགས་བཅོས་ ཨེབ་རྟ་འདི་ལུ་ཨེབ་གཏང་མ་འབདཝ་ལས་ རེ་འདུག་བསྐྱེདཔ་སྡོད་མི་ཡིག་འབྲུ་དེ་ སྔོན་ལྟ་ཝིན་ཌོ་ནང་ཡོད་ག་ཞིབ་དཔྱད་འབད། OKལུ་ཨེབ་གཏང་འབད།

བརྡ་མཚོན་གྱི་ཆ་ཚན།

བརྡ་མཚོན་ ཚུ་et ཐོ་ཡིག་སྒྲོམ་ནང་ལུ་ ཡོད་བཞིན་པའི་བརྡ་མཚོན་གྱི་ཆ་ཚན་ཚུ་གེ་རའི་མིང་ཚུ་ཡོད། ཁྱོད་ཀྱིས་བརྡ་མཚོན་གྱི་ཆ་ཚན་ཅིག་ལེགས་བཅོས་འབད་ཡང་ན་གསརཔ་གཅིག་གསར་བསྐྲུན་འབད།

བརྡ་མཚོན་གྱི་ཆ་ཚན་གསརཔ་ཅིག་གསར་བསྐྲུན་འབད་དོ།

བརྡ་མཚོན་ཆ་ཚན་གསརཔ་ཅིག་གསར་བསྐྲུན་འབད་ནིའི་དོན་ལས་ དེ་གི་དོན་ལུ་མིང་ཅིག་ Symbol set ཐོ་ཡིག་སྒྲོམ་ནང་ལུ་ཡིག་དཔར་རྐྱབས་ཞིནམ་ལས་ ཉུང་མཐའ་བརྡ་མཚོན་གཅིག་ཁ་སྐོང་རྐྱབས། ཌའི་ལོག་དེ་ཁ་བསྡམ་ནིའི་དོན་ལས་ བཏུབ་ ཨེབ་གཏང་། བརྡ་མཚོན་གྱི་ཆ་ཚན་གསརཔ་འདི་ ད་མིང་གསརཔ་དེ་གི་འོག་ལུ་ཐོབ་ཆོག་ཆོག་ཡོད།

ཡིག་གཟུགས།

ད་ལྟོའི་ཡིག་གཟུགས་ཀྱི་མིང་བཀྲམ་སྟོན་འབད་ཞིནམ་ལས་ ཁྱོད་ལུ་ཡིག་གཟུགས་སོ་སོ་སེལ་འཐུ་འབད་ནིའི་དོན་ལས་ལྕོགས་ཅན་བཟོཝ་ཨིན།

ཆ་ཚན་ཡན་ལག

ཁྱོད་ཀྱིས་ Font ཐོ་ཡིག་སྒྲོམ་དེ་ནང་བརྡ་མཚོན་-མིན་པའི་ཡིག་གཟུགས་ཅིག་སེལ་འཐུ་འབད་ཡོདཔ་ཨིན་པ་ཅིན་ ཁྱོད་ཀྱིས་ ཁྱོད་རའི་བརྡ་མཚོན་གསརཔ་ཡང་ན་ཞུན་དག་འབད་འབདཝ་བཞག་ནིའི་དོན་ལས་ ཡུ་ནི་ཀོཌི་གི་ཆ་ཚན་ཡན་ལག་ཅིག་སེལ་འཐུ་འབད་ཚུགས། ཆ་ཚན་ཡན་ལག་ཅིག་སེལ་འཐུ་འབད་ཡོད་པའི་སྐབས་ ད་ལྟོའི་བརྡ་མཚོན་གྱི་ཆ་ཚན་གྱི་ཆ་ཚན་ཡན་ལག་ལུ་བང་མི་བརྡ་མཚོན་ཚུ་གེ་ར་ གོང་གི་བརྡ་མཚོན་ཐོ་ཡིག་དེ་ནང་བཀྲམ་སྟོན་འབདཝ་ཨིན།

Style

ད་ལྟོའི་ཡིག་བཟོ་འདི་བཀྲམ་སྟོན་འབད་ཡོད། ཁྱོད་ཀྱིས་ཐོ་ཡིག་སྒྲོམ་ནང་ལས་གཅིག་སེལའབད་བའི་ཐོག་ལས་ ཡིག་བཟོ་འདི་བསྒྱུར་བཅོས་འབད་ཚུགས།

ཁ་སྐོང་རྐྱབས།

གཡས་ཀྱི་སྔོན་ལྟའི་སྒོ་སྒྲིག་དེ་ནང་སྟོན་ཡོད་པའི་བརྡ་མཚོན་དེ་ ད་ལྟོའི་བརྡ་མཚོན་གྱི་ཆ་ཚན་ལུ་ཁ་སྐོང་རྐྱབས་ནིའི་དོན་ལས་ འ་ནི་ཨེབ་རྟ་འདི་ཨེབ་གཏང་། འ་ནི་འདི་ Symbol ཐོ་ཡིག་སྒྲོམ་ནང་ལུ་བཀྲམ་སྟོན་འབད་ཡོད་པའི་མིང་དེ་གི་འོག་ལུ་སྲུངས་བཞག་འོང་། ཁྱོད་ཀྱིས་ འ་ནི་ཨེབ་རྟ་འདི་ལག་ལེན་འཐབ་ཚུགས་ནིའི་དོན་ལས་ Symbol ཡང་ན་ Symbol Set གི་འོག་ལུ་མིང་ཅིག་གསལ་བཀོད་འབད་དགོ མིང་འདི་ཚུ་ཚར་གཅིག་ལས་ལྷག་སྟེ་ལག་ལེན་འཐབ་མི་བཏུབ།

ལེགས་བཅོས།

གཡོན་གྱི་སྔོན་ལྟའི་སྒོ་སྒྲིག་ནང་སྟོན་ཡོད་པའི་བརྡ་མཚོན་དེ་གི་མིང་(མིང་རྙིངམ་དེ་ བརྡ་མཚོན་རྙིངམ་གི་ཐོ་ཡིག་སྒྲོམ་དེ་ནང་བཀྲམ་སྟོན་འབད་ཡོད་) དེ་ཁྱོད་ཀྱིས་Symbolཐོ་ཡིག་སྒྲོམ་དེ་ནང་ཐོ་བཀོད་འབད་མི་མིང་གསརཔ་དེ་གིས་ ཚབ་བཙུགས་ནིའི་དོན་ལས་ འ་ནི་ཨེབ་རྟ་འདི་ཨེབ་གཏང་།

བརྡ་མཚོན་དེ་བརྡ་མཚོན་གྱི་ཆ་ཚན་གཞན་མི་ཅིག་ལུ་སྤོ་དོ།

tip

དཔེ་བཟུམ་ཅིག་སྦེ་ "གི་རིཀ་" ཆ་ཚན་ལས་ "དམིགས་བསལ་" ཆ་ཚན་ལུ་ ཨལ་ཕ་ཆེ་བ་དེ་གནས་སོར་འབད་ནིའི་དོན་ལས་ མགོ་གི་ཐོ་ཡིག་གི་སྒྲོམ་གཉིསཔོ་ལག་ལེན་འཐབ་ཐོག་ ཆ་ཚན་རྙིངམ་(གི་རིཀ་)དེ་ལས་ ཨལ་ཕ་བརྡ་མཚོན་དེ་ སེལ་འཐུ་འབད། བརྡ་མཚོན་དེ་ གཡོན་གྱི་སྔོན་ལྟའི་སྒོ་སྒྲིག་ནང་བྱུངམ་ཨིན། བརྡ་མཚོན་ཆ་ཚན་ཐོ་ཡིག་སྒྲོམ་ནང་ལུ་ "དམིགས་བསལ་" ཆ་ཚན་དེ་སེལ་འཐུ་འབད། ལེགས་བཅོས་ ཨེབ་གཏང་ དེ་ལས་ བཏུབ་ཨེབ་གཏང་། ཨལ་ཕ་བརྡ་མཚོན་དེ་ ད་"དམིགས་བསལ་" བརྡ་མཚོན་གྱི་ཆ་ཚན་ནང་ལུ་རྐྱངམ་ཅིག་ཨིན།


བཏོན་གཏང་།

ད་ལྟོའི་བརྡ་མཚོན་གྱི་ཆ་ཚན་དེ་ལས་ གཡོན་གྱི་སྔོན་ལྟའི་སྒོ་སྒྲིག་ནང་ལུ་སྟོན་ཡོད་པའི་ བརྡ་མཚོན་ཚུ་བཏོན་གཏང་ནིའི་དོན་ལས་ ཨེབ་གཏང་། དེ་ནང་ལུ་སྲུང་སྐྱོབ་ཀྱི་འདྲི་དཔྱད་ག་ནི་ཡང་མི་འོང་། མཇུག་ལུ་ལྷག་ལུས་ཡོད་པའི་བརྡ་མཚོན་ཆ་ཚན་ཅིག་གི་བརྡ་མཚོན་བཏོན་གཏང་ནི་དེ་གིས་ བརྡ་མཚོན་གྱི་ཆ་ཚན་ཡང་བཏོན་གཏངམ་ཨིན།

note

ཁྱོད་ཀྱིས་ བསྒྱུར་བཅོས་ཚུ་ག་ཅི་ཡང་སྲུང་བཞག་མ་འབད་བར་ ཌའི་ལོག་དེ་དུས་ཚོད་ནམ་འབད་རུང་ཁ་བསྡམ་ནིའི་དོན་ལས་་Cancel ཡང་ཨེབ་གཏང་བཏུབ།


Please support us!