ཡིག་གཟུགས་ཚུ།

མན་ངག་གི་རྒྱུ་རྫས་ཚུ་ལུ་འཇུག་སྤྱོད་འབད་བཏུབ་པའི་ཡིག་གཟུགས་ཚུ་ངེས་འཛིན་འབདཝ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

གདམ་ཁ་རྐྱབས རྩ་སྒྲིག - ཡིག་གཟུགས་ཚུ


Font Type Dialog

མན་ངག་གི་ཡིག་གཟུགས་ཚུ།

ཁྱོད་ཀྱིས་ ཁྱོད་རའི་མན་ངག་གི་རྒྱུ་རྫས་འབྱུང་མི་ འགྱུར་ཅན་ཚུ་ ལས་འགན་ཚུ་ ཨང་གྲངས་ཚུ་ དང་ བཙུགས་ཡོད་པའི་ཚིག་ཡིག་འདི་ཚུ་གི་དོན་ལུ་ཡིག་གཟུགས་ཚུ་ངེས་འཛིན་འབད་ཚུགས།

ཡིག་གཟུགས་ ཌའི་ལོག་འདི་ནང་གི་ཐོ་ཡིག་སྒྲོམ་གྱིས་ རྒྱུ་རྗས་ཆ་མཉམ་གྱི་དོན་ལུ་སྔོན་སྒྲིག་ཡིག་གཟུགས་ཅིག་བཀྲམ་སྟོན་འབདཝ་ཨིན། ཡིག་གཟུགས་སོ་སོ་ཅིག་ལུ་བསྒྱུར་བཅོས་འབད་ནིའི་དོན་ལས་ ལེགས་བཅོས་ཨེབ་གཏང་ དེ་ལས་ རྒྱུ་རྫས་ཀྱི་དབྱེ་བ་སེལ་འཐུ་འབད། ཌའི་ལོག་བོགསི་གསརཔ་ཅིག་འབྱུངམ་ཨིན། རེ་འདུན་ཡོད་པའི་ཡིག་གཟུགས་འདི་སེལ་འཐུ་འབད་ཞིནམ་ལས་ རེ་འདུན་ཡོད་པའི་ཁྱད་ཆོས་ག་ཅི་སྦེ་རུང་ཞིབ་དཔྱད་འབད་ དེ་ལས་བཏུབ་ཨེབ་གཏང་། བསྒྱུར་བཅོས་ཚུ་སྔོན་སྒྲིག་ཡིག་གཟུགས་སྦེ་གཞི་སྒྲིག་འབད་ནིའི་དོན་ལས་ སྔོན་སྒྲིག་ ཨེབ་རྟ་འདི་ཨེབ་གཏང་།

དྲན་འཛིན་ངོས་དཔར།

ཚིག་ཡིག་ཆ་ཚང་གི་དོན་ལུ་ལག་ལེན་འཐབ་ཡོད་མི་མེན་པར་གཞན་མི་ཡིག་གཟུགས་ཅིག་དང་གཅིག་ཁར་ཁྱོད་ཀྱིས་ངོ་རྐྱང་ཚིག་ཡིག་གི་ཆ་བགོས་རྟགས་བཀལ་དགོ་མནོཝ་ཨིན་པ་ཅིན་ ཡིག་གཟུགས་ བརྡ་བཀོད་འདི་ བརྡ་བཀོད་ཀྱི་ སྒོ་སྒྲིག་ནང་ལུ་ཐོ་བཀོད་འབད།


འགྱུར་ཅན་ཚུ།

ཁྱོད་ཀྱི་མན་ངག་ནང་གི་བསྒྱུར་ཅན་ཚུའི་དོན་ལུ་ཁྱོད་ཀྱིས་ཡིག་གཟུགས་ཚུ་སེལ་འཐུ་འབད་ཚུགས། དཔེར་ན་ མན་ངག་ x=SIN(y) ནང་ལུ་ x དང་ y ཚུ་བསྒྱུར་ཅན་ཨིན། དེ་ལས་འདི་ཚུ་འགན་སྤྲོད་ཡོད་པའི་ཡིག་གཟུགས་འདི་བསམ་ཞིབ་འབདཝ་ཨིན།

ལས་འགན་ཚུ།

ལས་འགན་ཚུའི་རྒྱུ་དངོས་ཚུ་དང་མིང་ཚུའི་དོན་ལུ་ཡིག་གཟུགས་ཚུ་སེལ་འཐུ་འབད། དཔེར་ན་ མན་ངག་x=SIN(y) ཚུ་ =SIN( ) ནང་གི་ལས་འགན་འདི་ཚུ།

གྲངས་ཚུ།

ཁྱོད་ཀྱིས་ཁྱོད་རའི་མན་ངག་ནང་གི་གྲངས་ཚུའི་དོན་ལུ་ཡིག་གཟུགས་ཚུ་སེལ་འཐུ་འབད་ཚུགས།

ཚིག་ཡིག

ནཱ་གི་ཁྱོད་རའི་མན་ངག་ནང་གི་ཚིག་ཡིག་འདི་གི་དོན་ལུ་ཡིག་གཟུགས་ཚུ་ངེས་འཛིན་འབད།

ཡིག་གཟུགས་ཚུ་སྲོལ་སྒྲིག་འབད།

Fonts ཌའི་ལོག་འདི་གི་དབྱེ་ཚན་ནང་ལུ་ ཁྱོད་ཀྱིས་མན་ངག་ནང་ལུ་ཚིག་ཡིག་ཆ་ཤས་གཞན་མི་རྩ་སྒྲིག་འབད་ཚུགས་མི་ ཡིག་གཟུགས་ཚུ་ངེས་འཛིན་འབད་ཚུགས། གཞི་རིམ་ཡིག་གཟུགས་གསུམ་ སེ་རིཕ་ སཱནསི་ དང་ གཏན་བཟོས་ ཚུ་འཐོབ་ཚུགསཔ་ཡོད། ཚད་ལྡན་སྦེ་གཞི་བཙུགས་འབད་ཡོད་པའི་གཞི་རིམ་ཡིག་གཟུགས་རེ་རེའི་དོན་ལས་ཁྱོད་ཀྱིས་ ཡིག་གཟུགས་གཞན་མི་ག་སྦེ་རུང་ཁ་སྐོང་རྐྱབས་ཚུགས། ཁྱོད་རའི་རིམ་ལུགས་གུ་ལུ་གཞི་བཙུགས་འབད་ཡོད་པའི་ཡིག་གཟུགས་རེ་རེ་བཞིན་ཁྱོད་ཀྱི་ལག་ལེན་གྱི་དོན་ལུ་འཐོབ་ཚུགསཔ་ཡོད། ལེགས་བཅོས་ ཨེབ་རྟ་འདི་ ཐོ་ཡིག་སྒྲོམ་ནང་ལུ་བྱིན་ཏེ་ཡོད་པའི་སེལ་འཐུ་འདི་རྒྱ་འཕར་འབད་ནིའི་དོན་ལས་སེལ་འཐུ་འབད།

འ་ནི་སྲོལ་སྒྲིག་ཡིག་གཟུགས་ཚུ་ག་དེམ་ཅིག་སྦེ་ཁྱོད་ཀྱིས་ བརྡ་བཀོད་ཚུའི་ སྒོ་སྒྲིག་ནང་ལུ་ཡིག་གཟུགས་བརྡ་བཀོད་འདི་དང་ཅིག་ཁར་ཡིག་གཟུགས་སོ་སོ་ཅིག་གཞི་སྒྲིག་འབདཝ་ཨིན་པ་ཅིན་ལག་ལེན་འཐབ་ཨིན།

སེ་རིཕ།

ཁྱོད་ཀྱིས་ཡིག་གཟུགས་འདི་ ཡིག་གཟུགས་སེ་རིཕ་ རྩ་སྒྲིག་འདི་གི་དོན་ལུ་ལག་ལེན་འཐབ་ནིའི་དོན་ལས་གསལ་བཀོད་འབད་ཚུགས། སེ་རིམ་འདི་ཚུ་ "འཁྱིད་མི་" ཆུང་ཀུ་ དཔེར་ན་ ཊཡིམསི་ སེ་རིཕ་འདི་ལག་ལེན་འཐབ་ཡོད་པའི་སྐབས་ ཚུགས་ཡིག་ ཨེ་ གི་མཇུག་ལུ་མཐོང་ཚུགས་མི་ཨིན། སེ་རིཕ་ལག་ལེན་འཐབ་ནི་འདི་ཕན་ཐོགས་ཅན་ཅིག་ཨིན་ ག་ཅི་སྦེ་ཟེར་བ་ཅིན་ འདི་གིས་ལྷག་མིའི་མིག་ལྟོ་འདི་གྲལ་ཐིག་ཕྲང་ཕྲངམ་ནང་ལུ་འཁྱིདཔ་ཨིན་ དེ་ལས་ལྷག་ནིའི་མགྱོགས་ཚད་འདི་ཕརཝ་ཨིན།

སེནསི།

ཁྱོད་ཀྱིས་ཡིག་གཟུགས་འདི་ སེནསི་ ཡིག་གཟུགས་རྩ་སྒྲིག་འབད་ནིའིདོན་ལུ་ལག་ལེན་འཐབ་ནིའི་དོན་ལས་ གསལ་བཀོད་འབད་ཚུགས།

གཏན་བཟོས།

ཁྱོད་ཀྱིས་ཡིག་གཟུགས་འདི་ གཏན་བཟོས་ ཡིག་གཟུགས་རྩ་སྒྲིག་འབད་ནིའི་དོན་ལུ་ལག་ལེན་འཐབ་ནིའི་དོན་ལས་གསལ་བཀོད་འབད་ཚུགས།

ལེགས་བཅོས།

ཡིག་གཟུགས་ཀྱི་ ཌའི་ལོག་འདི་འཛུལ་སྤྱོད་འབད་ནིའི་དོན་ལས་ འ་ནི་པོཔ་-ཨཔ་དཀར་ཆག་ལས་གདམ་ཁ་ག་འབད་རུང་གཅིག་ཨེབ་གཏང་། ཁྱོད་ཀྱིས་རང་སོའི་མན་ངག་དང་སྲོལ་སྒྲིག་གི་ཡིག་གཟུགས་ཚུའི་དོན་ལུ་ ཡིག་གཟུགས་དང་ཁྱད་ཆོས་ཚུ་ངེས་འཛིན་འབད་ཚུགས་ས་ལུ།

སྔོན་སྒྲིག

མན་ངག་གསརཔ་ཚུ་ཆ་མཉམ་གྱི་དོན་ལུ་སྔོན་སྒྲིག་སྦེ་ཁྱོད་རའི་བསྒྱུར་བཅོས་ཚུ་སྲུང་བཞག་འབད་ནིའི་དོན་ལས་འ་ནི་ཨེབ་རྟ་འདི་ཨེབ་གཏང་། བསྒྱུར་བཅོས་ཚུ་ངེས་དཔྱད་འབད་ཚར་བའི་ཤུལ་ལུ་ ཨིན་ ཨེབ་རྟ་འདི་ཨེབ་གཏང་།

Save Default Dialog

Please support us!