ཐིག་ཤིང་ཚུ།

ཁྱོད་ཀྱིས་ཁྱོད་ཀྱི་བཤུད་གསར་བསྐྲུན་འབད་ནི་ནང་ཁྱོད་ལུ་ཕན་ནི་ལུ་LibreOfficeཨིམ་པེརེསི་ལཱ་གི་ས་སྒོ་གི་ཡར་གྱི་མཐའམ་ཚུ་དང་གཡོན་ལུ་ཀེར་ཕྲང་དང་ཐད་སྙོམས་ཐིག་ཤིང་ཚུ་ལག་ལེན་འཐབ་ཚུགས། བཤུད་ཀྱི་མངའ་ཁོངས་ཁེབས་མི་ཐིག་ཤིང་ཚུ་གི་སེལ་འཐུ་ཚུ་དཀརཔོ་ཨིན།

ཊི་ཨའི་པི་ངོས་དཔར།

ཁྱོད་ཀྱིས་དངོས་པོ་སེལ་འཐུ་འབདཝ་ད་ དེའི་རྒྱ་ཁྱོན་ཚུ་སྐྱ་ཐལ་གྲལ་ཐིག་གཉིས་ལྡན་སྦེ་ཐིག་ཤིང་གུ་བཀྲམ་སྟོན་འབད་ཡོདཔ་ཨིན། དངོས་པོ་འདི་ཀྲིག་ཀྲི་སྦེ་ཚད་བསྐྱར་བཟོ་འབད་ནི་ལུ་ ཐིག་ཤིང་གུ་གནས་ཁོངས་གསརཔ་ལུ་གྲལ་ཐིག་ཚུ་གཉིས་ལྡན་ལས་གཅིག་འདྲུད།


ཁྱོད་ཀྱིས་བཤུད་གུ་ཚིག་ཡིག་དངོས་པོ་སེལ་འཐུ་འབདཝ་ད་ འགོ་མཚམས་དང་མཆོང་ལྡེ་ཚུ་ཐད་སྙོམས་ཐིག་ཤིང་གུ་བཀྲམ་སྟོན་འབད་ཡོདཔ་ཨིན། ཚིག་ཡིག་དངོས་པོའི་དོན་ལུ་འགོ་མཚམས་ཡང་ན་མཆོང་ལྡེ་སྒྲིག་སྟངས་ཚུ་བསྒྱུར་བཅོས་འབད་ནི་ལུ་ ཐིག་ཤིང་གུ་གནས་ཁོངས་གསརཔ་ལུ་འགོ་མཚམས་ཡང་ན་མཆོང་ལྡེ་རྟགས་བཀོདཔ་འདྲུད།

ཁྱོད་ཀྱིས་ཡང་ཁྱོད་ཀྱི་བཤུད་གུ་ ཕྲང་སྒྲིག་དངོས་པོ་ཚུ་ཁྱོད་ལུ་གྲོགས་རམ་འབད་ནི་ལུ་ཐིག་ཤིང་ལས་པར་ཐིག་འདྲུད་ཚུགས། ཐིག་ཤིང་ལག་ལེན་འཐབ་ཐོག་ལས་པར་ཐིག་བཙུགས་ནི་ལུ་ བཤུད་ནང་ལུ་ཐིག་ཤིང་གི་མཐའམ་འདྲུད།

ཐིག་ཤིང་ཚུ་གསང་ནི་ཡང་ན་སྟོན་ནི་ལུ་ མཐོང་སྣང་ - ཐིག་ཤིང་ཚུ་གདམ་ཁ་རྐྱབས།.

ཐིག་ཤིང་གི་དོན་ལུ་ཚད་འཇལ་ཆ་ཕྲན་ཚུ་གསལ་བཀོད་འབད་ནི་ལུ་ ཐིག་ཤིང་གཡས་ཨེབ་གཏང་འབད་ཞིནམ་དང་དེ་ལས་ཐོ་ཡིག་ལས་ཆ་ཕྲན་གསརཔ་གདམ་ཁ་རྐྱབས།

ཐིག་ཤིང་ཚུ་གི་འགོ་ཐོག་འབྱུང་ས་(ཨོ་པོ་འིནཊི་)བསྒྱུར་བཅོས་འབད་ནི་ལུ་ ལཱ་གི་ས་སྒོ་ནང་ལུ་མགོ་གི་གཡོན་ཟུར་ནང་ཐིག་ཤིང་གཉིས་ཀྱི་ཕན་ཚུན་དབྱེ་ཚན་འདྲུད། ཀེར་ཕྲང་དང་ཐད་སྙོམས་ལམ་སྟོན་པ་ཚུ་འབྱུང་ནི། ཁེར་ཕྲ་ང་དང་ཐད་སྙོམས་ལཤ་སྟོན་པ་ཚུ་ཁྱོད་ཀྱིས་འགོ་ཐོག་འབྱུང་ས་གསརཔ་ག་ཏེ་ལུ་བཞག་ནི་ཨིན་ན་མ་ཚུགས་ཚུན་ཚད་འདྲུད་ནི་ལུ་འཕྲོ་མཐུད་འབད་ཞིནམ་དང་དེ་ལས་གཏང་། སྔོན་སྒྲིག་གནས་གོང་ཚུ་ལུ་ཐིག་ཤིང་ཚུ་གི་འགོ་ཐོག་འབྱུང་ས་སླར་སྒྲིག་འབད་ནི་ལུ་ ཕན་ཚུན་དབྱེ་ཚན་ཐེངས་གཉིས་ཨེབ་གཏང་འབད།

བཤུད་ས་སྟོང་ཚུ་བསྒྱུར་བཅོས་འབད་ནི་ལུ་ ཐིག་ཤིང་ཚུ་ནང་མངའ་ཁོངས་དཀརཔོ་ཚུ་གི་མཐའམ་འདྲུད།

Please support us!