ཚིག་ཡིག་ཡིག་འབྲུ་ཚུ་པར་རིས་དངོས་པོ་ཚུ་ནང་ལུ་གཞི་བསྒྱུར་འབད་དོ།

ཁྱོད་ཀྱིས་ཞུན་དག་དང་འབྲི་ནིའི་དངོས་པོ་གང་རུང་ ཚད་བསྐྱར་བཟོ་འབད་ཚུགས་ནི་ཨིན་མི་གུག་གུགཔ་ཚུ་ནང་ལུ་ ཚིག་ཡིག་ཡིག་འབྲུ་ཚུ་ཁྱོད་ཀྱིས གཞི་བསྒྱུར་འབད་ཚུགས། ཁྱོད་ཀྱིས་པར་རིས་དངོས་པོ་ནང་ལུ་ ཚིག་ཡིག་གཞི་བསྒྱུར་ཚར་གཅིག་འབདཝ་ད་ ཁྱོད་ཀྱིས་ཚིག་ཡིག་གི་ནང་དོན་མགྱོགས་པར་ཞུན་དག་འབད་ཚུགས།

པར་རིས་དངོས་པོ་ནང་ལུ་ཚིག་ཡིག་གཞི་བསྒྱུར་འབད་ནི་ལུ:

  1. ཁྱོད་ཀྱིས་གཞི་བསྒྱུར་འབད་ནི་ཨིན་མི་ཚིག་ཡིག་སེལ་འཐུ་འབད་ཞིནམ་དང་འོག་ལས་གཅིག་འབད:

    In LibreOffice Draw, choose Shape - Convert - To Curve.

    LibreOffice ཨིམ་པེརེསི་ནང་ ཚིག་ཡིག་དངོས་པོ་གི་མཐའ་མཚམས་གཡས་ཨེབ་གཏང་འབད་ཞིནམ་དང་དེ་ལས་ གུག་གུགཔ་ལུ་གཞི་བསྒྱུར་གདམ་ཁ་རྐྱབས།.

  2. ཁྱོད་ཀྱི་ཚིག་ཡིག་ནང་ཡིག་འབྲུ་གཅིག་ལས་ལྷག་འདི་ཡོད་པ་ཅིན་ གཞི་བསྒྱུར་འབད་ཡོད་པའི་ཚིག་ཡིག་འདི་སྡེ་ཚན་གྱི་དངོས་པོ་ལུ་འགྱུརཝ་ཨིན། ངོ་རྐྱང་དངོས་པོ་ཚུ་ཞུན་དག་འབད་ནི་ལུ་སྡེ་ཚན་ཐེངས་གཉིས་ཨེབ་གཏང་འབད། མཇུག་བསྡུཝ་ད་ཨི་ཨོས་སི་ཨེབ།

  3. ད་ལྟོ་ པར་རིས་ཕྲ་རིང་གུ་ངོས་དཔར་ས་ཚིགས་ཚུ་ཨེབ་གཏང་། ཁྱོད་ཀྱིས་དངོས་པོ་གི་བི་ཛི་ཡར་པོའིནཊི་ཚུ་ཆ་མཉམ་བལྟ་ཚུགས། ཞུན་དག་པོའིནཊིསི་ཕྲ་རིང་གུ་ཁྱོད་ཀྱིས་ཞུན་དག་འབད་ནི་དང་བཙུགས་ནི་དེ་ལས་པོའིནཊིས་བཏོན་གཏང་ནིའི་དོན་ལུ་ངོས་དཔར་ཚུ་འདྲ་མིན་སྣ་ཚོགས་འཚོལ་ཚུགས།

Please support us!