ཚོས་གཞི་ སྟེགས་རིས་དང་སྐེདཔ་བཏོག་ནིའི་ཐོ་ཡིག་ཚུ་མངོན་གསལ་འབད་དོ།

ཁྱོད་ཀྱིས་ཐོ་ཡིག་ཚུ་ཚོས་གཞི་ཚུ་དང་སྟེགས་རིས་ཚུ་ཡང་ན་སྐེདཔ་བཏོག་ནིའི་དཔེ་གཞི་ཚུ་འགོ་འདྲེན་འཐབ་ནི་ལུ་ལག་ལེན་འཐབ་ཚུགས། LibreOffice འདི་གིས་ཁྱོད་ཀྱི་ཡིག་ཆ་ནང་ཁྱོད་ཀྱིས་ལག་ལེན་དང་མངོན་གསལ་འབད་ཚུགས་ནི་ཨིན་མི་ཐོ་ཡིག་ཚུ་ལེ་ཤ་ཅིག་བྱིནམ་ཨིན། ཁྱོད་ལུ་དགོ་པ་ཅིན་ ཁྱོད་ཀྱིས་ཐོ་ཡིག་ལས་ཆ་ཤས་ཚུ་བཏོན་གཏང་ནི་དང་ཡང་ན་ཁ་སྐོང་རྐྱབ་ཚུགས་ ཡང་ན་ དེ་གིས་མ་ཚད་པར་སྲོལ་སྒྲིག་ཐོ་ཡིག་ཚུ་གསར་བསྐྲུན་འབད་ཚུགས།

ཚོས་གཞི་ཐོ་ཡིག་མངོན་གསལ་འབད་ནི་ལུ།

  1. རྩ་སྒྲིག་ - མངའ་ཁོངས་གདམ་ཁ་རྐྱབ་ཞིནམ་དང་དེ་ལས་ཚོས་གཞི་ཚུའི་ ཕྲ་རིང་ཨེབ་གཏང་།

  2. མངོན་གསལ་ཚོས་གཞི་ཐོ་ཡིག་ཨེབ་རྟ་ ཨེབ་ གཏང་།

  3. ཁྱོད་ཀྱིས་མངོན་གསལ་འབད་ནི་ཨིན་མི་ཚོས་གཞི་ཐོ་ཡིག་ག་ཡོད་འཚོལ་ཞིནམ་དང་དེ་ལས་ཁ་ཕྱེ་ཨེབ་གཏང་།. ཚོས་གཞི་ཐོ་ཡིག་ཡིག་སྣོད་འདི་ལུ་རྩ སྒྲིག་ [filename].soc ཡོདཔ་ཨིན།

ཚོས་གཞི་ཐོ་ཡིག་སྲུངས་ནི་ལུ་ སྲུངས་ཚོས་གཞི་ཐོ་ཡིག་ཨེབ་རྟ་ཨེབ་གཏང་ཡིག་སྣོད་མིང་བཙུགས་ཞིནམ་དང་དེ་ལས་ སྲུངས་ཨེབ་གཞང་།.

སི་ཨེམ་ཝའི་ཀེ་ཐོ་ཡིག་འདི་དཔར་བསྐྲུན་ཚོས་གཞི་ཚུའི་དོན་ལུ་ལེགས་ལྡན་བཟོ་ཡོདཔ་ཨིནམ་ད་ ཨེཆ་ཊི་ཨེམ་ཨོལ་ཐོ་ཡིག་ཚུ་དང་ཝེབ་ནང་གི་ཚོས་གཞི་ཚུ་༢༥༦ཚོས་གཞི་ཚུ་གི་ཧུམ་ཆ་ལག་ལེན་འཐབ་ཐོག་ལས་བཀྲམ་སྟོན་ཚུ་གི་དོན་ལུ་ལེགས་ལྡན་བཟོ་ཡོདཔ་ཨིན།

སྟེགས་རིས་ཐོ་ཡིག་མངོན་གསལ་འབད་ནི་ལུ་:

  1. རྩ་སྒྲིག་ - མངའ་ཁོངས་གདམ་ཁ་རྐྱབས་ཞིནམ་དང་དེ་ལས་ སྟེགས་རིས་ཚུའི་ཕྲ་རིང་ཨེབ་གཏང་།

  2. མངོན་གསལ་སྟེགས་རིས་ཚུའི་ཐོ་ཡིག་ཨེབ་རྟ་ ཨེབ་ གཏང་།

  3. ཁྱོད་ཀྱིས་མངོན་གསལ་འབད་ནི་ཨིན་མི་སྟེགས་རིས་ཐོ་ཡིག་ག་ཡོད་འཚོལ་ཞིནམ་དང་དེ་ལས་ཁ་ཕྱེ་ཨེབ་གཏང་།སྟེགས་རིས་ཐོ་ཡིག་ཡིག་སྣོད་འདི་ལུ་རྩ་སྒྲིག་ [filename].sogཡོདཔ་ཨིན།

སྟེགས་རིས་ཚུའི་ཐོ་ཡིག་སྲུང་ནི་ལུ་ སྲུངས་སྟེགས་རིས་ཚུའི་ཐོ་ཡིག་ཨེབ་རྟ་ཨེབ་གཏང་ ཡིག་སྣོད་ཀྱི་མིང་བཙུགས་ཞིནམ་དང་ དེ་ལས་སྲུངས་ཨེབ་གཏང་།.

སྐེདཔ་བཏོག་ནིའི་ཐོ་ཡིག་མངོན་གསལ་འབད་ནི་ལུ་:

  1. རྩ་སྒྲིག་ - མངའ་ཁོངས་ གདམ་ཁ་རྐྱབ་ཞིནམ་དང་དེ་ལས་ སྐེདཔ་བཏོག་ནིའི་ཕྲ་རིང་ ཨེབ་གཏང་།

  2. མངོན་གསལ་སྐེདཔ་བཏོག་ནི་ཚུའི་ཐོ་ཡིག་ ཨེབ་རྟ་ཨེབ་གཏང་།

  3. ཁྱོད་ཀྱིས་མངོན་གསལ་འབད་ནི་ཨིན་མི་སྐེདཔ་བཏོག་ནི་ཚུའི་ཐོ་ཡིག་ག་ཡོད་འཚོལ་ཞིནམ་དང་དེ་ལས་ ཁ་ཕྱེ་ཨེབ་གཏང་།.སྐེདཔ་བཏོག་ནི་ཚུའི་ཐོ་ཡིག་ཡིག་སྣོད་འདི་ལུ་རྩ་སྒྲིག་ [filename].soh ཡོདཔ་ཨིན།

སྐེདཔ་བཏོག་ནི་ཚུའི་ཐོ་ཡིག་སྲུངས་ནི་ལུ་ སྲུངས་སྐུདཔ་བཏོག་ནི་ཚུའི་ཐོ་ཡིག་ཨེབ་རྟཨེབ་གཏང་།ཡིག་སྣོད་ཀྱི་མིང་བཙུགས་ཞིནམ་དང་དེ་ལས་ སྲུངས་ཨེབ་གཏང་།.

རྩ་སྒྲིག་ - མངའ་ཁོངས་

གྲལ་ཐིག་དང་མདའ་རྟགས་བཟོ་རྣམ་ཚུ་མངོན་གསལ་འབད་དོ།

Please support us!