LibreOffice 25.2 Help
འབྲི་ནིའི་ཕྲ་རིང་གུ་ འབབ་རྒྱུན་དཔེ་རིས་ཕྲ་རིང་ལས་་ ལག་ཆས་ སེལ་འཐུ་འབད།
ཁྱོད་ཀྱི་བཤུད་ནང་དབྱིབས་འདྲུད།
དབྱིབས་ཚུ་ཧེང་བཀལ་ཁ་སྐོང་རྐྱབ་ནི་ལུ་ མཇུག་གི་རིམ་པ་ཚུ་ཡང་བསྐྱར་འབད།
འབྲི་ནིའི་ཕྲ་རིང་གུ་མཐུད་བྱེད་ཚུའི་ལག་ཆས་ ཕྲ་རིང་ ཁ་ཕྱེ་ཞིནམ་དང་ མཐུད་བྱེད་ གྲལ་ཐིག་སེལ་འཐུ་འབད།
དཔག་བྱེད་འདི་དབྱིབས་ཀྱི་མཐའམ་གྱི་ལྟག་ལས་སྤོ་བཤུད་འབད་དེ་འབདཝ་ལས་མཐུད་ལམ་ས་ཁོངས་ཚུ་འབྱུང་ནི།
མཐུད་ལམ་ས་ཁོངས་ཨེབ་གཏང་ གཞན་མི་དབྱིབས་གུ་མཐུད་ལམ་ས་ཁོངས་འདརུད་ཞིནམ་དང་དེ་ལས་གཏང་།
མཐུད་བྱེད་ཚུ་ཧེང་བཀལ་ཁ་སྐོང་རྐྱབ་ནི་ལུ་ མཇུག་གི་རིམ་པ་ཚུ་ཡང་བསྐྱར་འབད།
ཁྱོད་ལུ་ད་ལྟོ་ཁྱོད་ཀྱི་འབབ་རྒྱུན་དཔེ་རིས་ཀྱི་དོན་ལུ་གཞི་རིམ་མཐའ་ཐིག་ཡོད།
འོག་གི་ནང་ལས་གཅིག་འབད་:
དབྱིབས་ཐེངས་གཉིས་ཨེབ་གཏང་འབད་ཞིནམ་དང་ཁྱོད་ཀྱི་ཚིག་ཡིག་སྦྱར་ནི་ཡང་ན་ཡིག་དཔར་རྐྱབས།
འབྲི་ནིའི་ཕྲ་རིང་གུ་ Textངོས་དཔར་ ཨེབ་གཏང་འབད་ཞིནམ་དང་དབྱིབས་ཀྱི་ལྟག་ལས་ཚིག་ཡིག་དངོས་པོ་འདྲུད། ཁྱོད་ཀྱི་ཚིག་ཡིག་འདི་ཚིག་ཡིག་དངོས་པོ་ནང་ལུ་སྦྱར་ནི་ཡང་ན་ཡིག་དཔར་རྐྱབས།
དབྱིབས་སེལ་འཐུ་འབད་ཞིནམ་དང་ རྩ་སྒྲིག་ - མངའ་ཁོངས་གདམ་ཁ་རྐྱབས།.
ཚོས་གཞི་ སུལ་འཐུ་འབད་ཞིནམ་དང་དེ་ལས་ ཐོ་ཡིག་ནང་ཚོས་གཞི་ཨེབ་གཏང་།
ཁྱོད་ཀྱི་བཤུད་གུ་ interactions དངོས་པོ་ལ་ལོ་གཅིག་ལུ་འགན་སྤྲོད་འབད།
དངོས་པོ་སེལ་འཐུ་འབད་ཞིནམ་དང་དེ་ལས་ བཤུད་བརྙན་ - ཕན་ཚུན་འབྲེལ་བ་གདམ་ཁ་རྐྱབས།.
ཌའི་ལོག་ནང་ཕན་ཚུན་འབྲེལ་བ་སེལ་འཐུ་འབད། དཔེར་ན་ ལག་ལེན་པ་འདི་གིས་དངོས་པོ་ཨེབ་གཏངམ་ད་གཞན་མི་བཤུད་ལུ་འགྱོ་ནི་ལུ་སེལ་འཐུ་འབད།