LibreOffice 24.8 Help
གུག་གུགཔ་གྲལ་ཐིག་ཆ་བགོས་འདི་ལུ་གནད་སྡུད་ས་ཚིགས་ཚུ་(མཐའ་རྩེ་ཚུ་)གཉིས་དང་ཚད་འཛིན་ས་ཚིགས་ཚུ་(བཤེད་བཟུང་ཚུ་)གཉིས་ཡོདཔ་ཨིན། ཚད་འཛིན་གྲལ་ཐིག་འདི་གིས་གནད་སྡུད་ས་ཚིགས་འདི་ལུ་ཚད་འཛིན་ས་ཚིགས་མཐུདཔ་ཨིན། ཁྱོད་ཀྱིས་གུག་གུགཔ་གི་དབྱིབས་འདི་གནད་སྡུད་ས་ཚིགས་དབྱེ་བ་སོ་སོ་ལུ་གཞི་བསྒྱུར་འབད་བའི་ཐོག་ལས་བསྒྱུར་བཅོས་འབད་ཚུགས་ ཡང་ན་ གནས་ཁོངས་སོ་སོ་ལུ་ཚད་འཛིན་ས་ཚིགས་ཚུ་འདྲུད་ཐོག་ལས་བསྒྱུར་བཅོས་འབད་ཚུགས།
ཁྱོད་ཀྱིས་ཡང་གྲལ་ཐིག་འདི་གི་རྒྱུ་དངོས་ཚུ་རྩ་སྒྲིག་ - གྲལ་ཐིག་གདམ་ཁ་རྐྱབ་ནི་དང་གྲལ་ཐིག་སེལ་འཐུ་འབད་བའི་ཐོག་ལས་ལེགས་བཅོས་འབད་ཚུགས།.
གུག་གུགཔ་གྲལ་ཐིག་གི་ཚད་འཛིན་ས་ཚིགས་ཚུ་དང་གནད་སྡུད་ས་ཚིགས་ཚུ་སྟོན་ནི་ལུ་ གྲལ་ཐིག་སེལ་འཐུ་འབད་ཞིནམ་དང་དེ་ལས་པར་རིས་ཕྲ་རིང་གུ་ གི་ས་ཚིགས་ཚུའི་ངོས་དཔར་ཨེབ་གཏང་། གནད་སྡུད་ས་ཚིགས་ཚུ་གྲུ་བཞི་ཚུ་གིས་དང་ཚད་འཛིན་ས་ཚིགས་ཚུ་སྒོར་ཐིག་ཚུ་གིས་ཁྱད་ཚབ་འབདཝ་ཨིན།
གུག་གུགཔ་གྲལ་ཐིག་སེལ་འཐུ་འབད་ཞིནམ་དང་དེ་ལས་པར་རིས་ཕྲ་རིང་གུ་ ས་ཚིགས་ཚུའི་ ངོས་དཔར་ཨེབ་གཏང་།
འོག་གི་ནང་ལས་གཅིག་འབད་:
གྲལ་ཐིག་ཚད་བསྐྱར་བཟོ་འབད་ནི་ལུ་གནད་སྡུད་ས་ཚིགས་འདྲུད། ཚད་འཛིན་ས་ཚིགས་འདི་གིས་གནད་སྡུད་ས་ཚིགས་འདི་གི་ལྟག་ལུ་སྡོད་པ་ཅིན་ ཁྱོད་ཀྱིས་གནད་སྡུད་ས་ཚིགས་བལྟ་མ་ཚུགས་ཚུན་ཚོད་ལུ་ཚད་འཛིན་ས་ཚིགས་འདྲུད་ཞིནམ་དང་དེ་ལས་གནད་སྡུད་ས་ཚིགས་འདྲུད།
ཚད་འཛིན་ས་ཚིགས་འདྲུད། གུག་གུགཔ་འདི་གིས་ཁྱོད་ཀྱིས་ཚད་འཛིན་ས་ཚིགས་འདྲུད་མི་གི་ཕྱོགས་ནང་འཐེནམ་ཨིན།
ཁྱོད་ཀྱིས་གནད་སྡུད་ས་ཚིགས་ཚུ་གསུམ་ཡང་ན་དེ་ལས་ལྷག་སྟེ་ཡོད་མི་གི་གུག་གུགཔ་གྲལ་ཐིག་རྐྱངམ་གཅིག་གཤག་ཚུགས།
གུག་གུགཔ་གྲལ་ཐིག་སེལ་འཐུ་འབད་ཞིནམ་དང་དེ་ལས་པར་རིས་ཕྲ་རིང་གུ་ ས་ཚིགས་ཚུའི་ ངོས་དཔར་ཨེབ་གཏང་།
གནད་སྡུད་ས་ཚིགས་སེལ་འཐུ་འབད་ཞིནམ་དང་དེ་ལས་ཞུན་དག་ས་ཚིགས་ཚུའི་ཕྲ་རིང་གུ་ གཤག་གུག་གུགཔ་ ངོས་དཔར་ ཨེབ་གཏང་།
གུག་གུགཔ་གྲལ་ཐིག་སེལ་འཐུ་འབད་ཞིནམ་དང་དེ་ལས་པར་རིས་ཕྲ་རིང་གུ་ ས་ཚིགས་ཚུའི་ ངོས་དཔར་ཨེབ་གཏང་།
ཞུན་དག་ས་ཚིགས་ཚུའི་ ཕྲ་རིང་གུ་ཁ་བསྡམས་ཡོད་མི་བི་ཛི་ཡར་ངོས་དཔར་ ཨེབ་ གཏང་།
གུག་གུགཔ་གྲལ་ཐིག་སེལ་འཐུ་འབད་ཞིནམ་དང་དེ་ལས་པར་རིས་ཕྲ་རིང་གུ་ ས་ཚིགས་ཚུའི་ ངོས་དཔར་ཨེབ་གཏང་།
ཁྱོད་ཀྱིས་གཞི་བསྒྱུར་འབད་ནི་ཨིན་མི་གནད་སྡུད་ས་ཚིགས་ཨེབ་གཏང་ཞིནམ་དང་འོག་ལས་གཅིག་འབད་:
གནད་སྡུད་ས་ཚིགས་འདི་ཧུམ་ཁྱུག་ཁྱུ་ས་ཚིགས་ལུ་གཞི་བསྒྱུར་འབད་ནི་ལུ་ཞུན་དག་ས་ཚིགས་ཚུའི་ཕྲ་རིང་གུ་ ཧུམ་ཁྱུག་ཁྱུ་འགྱུར་བའི་ངོས་དཔར་ ཨེབ་ གཏང་།
གནད་སྡུད་ས་ཚིགས་འདི་མཛེས་སྙོམས་ས་ཚིགས་ལུ་གཞི་བསྒྱུར་འབད་ནི་ལུ་ཞུན་དག་ས་ཚིགས་ཚུའི་ཕྲ་རིང་གུ་མཛེས་སྙོམས་འགྱུར་བ་ངོས་དཔར་ ཨེབ་ གཏང་།
གནད་སྡུད་ས་ཚིགས་འདི་ཟུར་གྱི་ས་ཚིགས་ལུ་གཞི་བསྒྱུར་འབད་ནི་ལུ་ཞུན་དག་ས་ཚིགས་ཚུའི་ཕྲ་རིང་གུ་ཟུར་གྱི་ས་ཚིགས་ངོས་དཔར་ ཨེབ་གཏང་།
གུག་གུགཔ་གྲལ་ཐིག་སེལ་འཐུ་འབད་ཞིནམ་དང་དེ་ལས་པར་རིས་ཕྲ་རིང་གུ་ ས་ཚིགས་ཚུའི་ ངོས་དཔར་ཨེབ་གཏང་།
ཞུན་དག་ ས་ཚིགས་ཚུའི་ཕྲ་རིང་གུ་ བཙུགས་ས་ཚིགས་ཚུའི་ངོས་དཔར་ཨེབ་གཏང་།
ཁྱོད་ཀྱིས་ས་ཚིགས་འདི་ག་སྟེ་ལུ་ཁ་སྐོང་རྐྱབ་ནི་ཨིན་ན་གྲལ་ཐིག་ཨེབ་གཏང་ཞིནམ་དང་གྱང་ཚད་ཐུང་ཀུ་ཅིག་འདྲུད།
གནད་སྡུད་ས་ཚིགས་འདི་ལུ་ཚད་འཛིན་ས་ཚིགས་་མེད་པ་ཅིན་ གནད་སྡུད་ས་ཚིགས་སེལ་འཐུ་འབད་ཞིནམ་དང་དེ་ལས་ཞུན་དག་ས་ཚིགས་ཚུའི་ཕྲ་རིང་གུ་ གུག་གུགཔ་ངོས་དཔར་ལུ་གཞི་བསྒྱུར་ཨེབ་གཏང་།
གུག་གུགཔ་གྲལ་ཐིག་སེལ་འཐུ་འབད་ཞིནམ་དང་དེ་ལས་པར་རིས་ཕྲ་རིང་གུ་ ས་ཚིགས་ཚུའི་ ངོས་དཔར་ཨེབ་གཏང་།
ཁྱོད་ཀྱིས་བཏོན་གཏང་ནི་ཨིན་མི་ས་ཚིགས་ཨེབ་གཏང་།
ཞུན་དག་ས་ཚིགས་ ཕྲ་རིང་གུ་ བཏོན་གཏང་ས་ཚིགས་ངོས་དཔར་ ཨེབ་གཏང་།