LibreOffice 25.2 Help
ཁྱོད་ཀྱི་གསལ་སྟོན་འདི་ཧེང་བཀལ་དང་འདོད་ཅན་བཟོ་ནི་ལུ་ཁྱོད་ཀྱི་བཤུད་ཚུ་གུ་ཚད་རིས་དངོས་པོ་ཚུའི་(གཟུགས་བརྙན་ཚུ་)དང་ཚིག་ཡིག་དངོས་པོ་ཚུ་དེ་ལས་པར་རིས་དངོས་པོ་ཚུ་ཁྱོད་ཀྱིས་བསྒུལ་ཅན་བཟོ་ཚུགས། LibreOffice ཨིམ་པེརེསི་འདི་གིས་ཁྱོད་ཀྱི་བཤུད་ལས་དངོས་པོ་ཚུ་འཛོམས་ཐོག་ལས་ཁྱོད་ཀྱིས་བསྒུལ་བཟོ་གཟུགས་བརྙན་ཚུའི་(གཞི་ཁྲམ་ཚུ་)གསར་བསྐྲུན་འབད་ཚུགས་ནི་ཨིན་མི་འཇམ་སམ་བསྒུལ་བཟོ་ཞུན་དགཔ་བྱིནམ་ཨིན།
ཁྱོད་ཀྱིས་བིཊི་མེཔ་བསྒུལ་བཟོ་(བསྒུལ་ཅན་བཟོས་པའི་ཇི་ཨའི་ཨེཕ་)གསར་བསྐྲུན་འབད་བ་ཅིན་ ཁྱོད་ཀྱིས་གཞི་ཁྲམ་རེ་རེ་ལུ་ཆུ་ཚོད་ཕྱིར་འགྱངས་འགན་སྤྲོད་འབད་ཚུགས་ནི་དང་བསྒུལ་བཟོ་གཏང་ཡོད་པའི་ཐེངས་ཚུའི་གྲངས་གསལ་བཀོད་འབད།
Select an object or group of objects that you want to include in your animation and choose Insert - Media - Animated Image.
འོག་གི་ནང་ལས་གཅིག་འབད་:
ད་ལྟོའི་བསྒུལ་བཟོ་གཞི་ཁྲམ་ལུ་དངོས་པོ་ཚུའི་སྡེ་ཚན་ཡང་ན་ དངོས་པོ་རྐྱང་པ་ཁ་སྐོང་རྐྱབ་ནི་ལུ་ ཨེབ་གཏང་།
སེལ་འཐུ་འབད་ཡོད་པའི་དངོས་པོ་ཚུ་རེ་རེའི་དོན་ལུ་བསྒུལ་བཟོ་གཞི་ཁྲམ་སོ་སོ་གསར་བསྐྲུན་འབད་ནི་ལུ་ འཇུག་སྤྱོད་ དངོས་པོ་ཚུ་རེ་རེ་སྦེ་ཨེབ་རྟ་ ཨེབ་གཏང་།
བསྒུལ་བཟོ་སྡེ་ཚན་མངའ་ཁོངས་ནང་བིཊི་མེཔ་ དངོས་པོ་ སེལ་འཐུ་འབད།.
བསྒུལ་བཟོ་འབྱུང་རིམ་ཡོད་པའི་(འཕྲལ་བཀོལ་ནི་)ཆུ་ཚོད་ཚུ་གི་གྲངས་དང་གཞི་ཁྲམ་བཀྲམ་སྟོན་འབད་ནིའི་དོན་ལུ་དུས་ཡུན་གསལ་བཀོད་འབད་ནི་ལུ་བསྒུལ་བཟོ་ཆུ་ཚོད་འགྲལ་ཐིག་ལག་ལེན་འཐབ།
གཟུགས་བརྙན་གྲངས་སྒྲོམ་(གཡོན་སྒྲོམ་)ནང་གཞི་ཁྲམ་ གྲངས་བཙུགས།
དུས་ཡུན་སྒྲོམ་(སྒྲོམ་བར་མ་)ནང་ཁྱོད་ཀྱིས་གཞི་ཁྲམ་བཀྲམ་སྟོན་འབད་ནི་ཨིན་མི་སྐར་ཆ་ཚུའི་ གྲངས་བཙུགས།
ཁྱོད་ཀྱི་བསྒུལ་བཟོ་ནང་གཞི་ཁྲམ་རེ་རེའི་དོན་ལུ་མཇུག་གི་རིམ་པ་གཉིས་ཡང་བསྐྱར་འབད།
ཁྱོད་ཀྱིས་ཁྱོད་ཀྱི་བསྒུལ་བཟོ་འདི་གཟུགས་བརྙན་གྲངས་སྒྲོམ་ གྱི་གཡོན་ལུ་ཚད་འཛིན་ཚུ་ལག་ལེན་འཐབ་ཐོག་ལས་ཁྱོད་སྔོན་ལྟ་འབད་ཚུགས།
འཕྲལ་བཀོལ་གྱངས་ཁ་སྒྲོམ་ (གཡས་སྒྲོམ་)ནང་ཁྱོད་ཀྱིས་བསྒུལ་བཟོ་འབྱུང་རིམ་ཡང་བསྐྱར་འབད་ནི་ཨིན་མི་ཐེངས་ཚུའི་གྲངས་སེལ་འཐུ་འབད།
ཕྲང་སྒྲིག་སྒྲོམ་ནང་ དངོས་པོ་ཚུའི་དོན་ལུ་ཕྲང་སྒྲིག་གདམ་ཁ་སེལ་འཐུ་འབད།
གསར་བསྐྲུན་ ཨེབ་གཏང་།.