སྒོང་དབྱིབས་ཚུ།

Using Customize Toolbar, you can add the Ellipse icon which opens the Legacy Circles and Ovals toolbar.

སྒོང་དབྱིབས།

ཁྱོད་ཀྱིས་ད་ལྟོའི་ཡིག་ཆ་ནང་འདྲུད་མི་ལྟེམས་ལྟེམས་གང་ཡོད་པའི་སྒོང་དབྱིབས་འབྲིཝ་ཨིན། ཁྱོད་ཀྱིས་སྒོང་དབྱིབས་འདི་ག་སྟེ་ལུ་འབྲི་ནི་ཨིན་ཨེབ་གཏང་འབད་ཞིནམ་དང་ཁྱོད་ལུ་དགོ་མི་ཚད་ལུ་འདྲུད། སྒོར་ཐིག་འབྲི་ནི་ལུ་ ཁྱོད་ཀྱིས་འདྲུདཔ་ད་སོར་ལྡེ་བཀག་བཞག།

ངོས་དཔར།

སྒོང་དབྱིབས།

སྒོར་ཐིག།

ཁྱོད་ཀྱིས་ད་ལྟོའི་ཡིག་ཆ་ནང་འདྲུད་མི་ལྟེམས་ལྟེམས་གང་ཡོད་པའི་སྒོར་ཐིག་འབྲིཝ་ཨིན། ཁྱོད་ཀྱིས་སྒོར་ཐིག་འདི་ག་སྟེ་ལུ་འབྲི་ནི་ཨིན་ན་ཨེབ་གཏང་འབད་ཞིནམ་དང་ཁྱོད་ལུ་དགོ་མི་ཚད་ལུ་འདྲུད། སྒོང་དབྱིབས་འབྲི་ནི་ལུ་ ཁྱོད་ཀྱིས་འདྲུདཔ་ད་སོར་ལྡེ་བཀག་བཞག།

ངོས་དཔར།

སྒོར་ཐིག།

སྒོང་དབྱིབས་པ་ཡི།

ད་ལྟོའི་ཡིག་ཆ་ནང་མཐའ་འཁོར་གྲལ་ཐིག་གཉིས་དང་སྒོང་དབྱིབས་ཀྱི་གཞུ་དབྱིབས་ཀྱི་གཞུ་དབྱིབས་འདི་གིས་ངེས་འཛིན་འབད་ཡོད་མི་ལྟེམས་ལྟེམས་གང་ཡོད་པའི་དབྱིབས་འབྲིཝ་ཨིན། སྒོང་དབྱིབས་པ་ཡི་འབྲི་ནི་ལུ་ ཁྱོད་ལུ་དགོ་མི་ཚད་ལུ་སྒོང་དབྱིབས་འདྲུད་ཞིནམ་དང་དེ་ལས་མཐའ་འཁོར་གྲལ་ཐིག་དང་པམ་ངེས་འཛིན་འབད་ནི་ལུ་ཨེབ་གཏང་། ཁྱོད་ཀྱིས་མཐའ་འཁོར་གྲལ་ཐིག་གཉིས་པ་འདི་ག་སྟེ་ལུ་བཞག་ནི་ཨིན་ན་ཁྱོད་ཀྱི་དཔག་བྱེད་སྤོ་བཤུད་འབད་ཞིནམ་དང་ཨེབ་གཏང་། ཁྱོད་ཀྱིས་སྒོང་དབྱིབས་གུ་ཨེབ་མི་དགོ། སྒོར་ཐིག་པ་ཡི་འབྲི་ནི་ལུ་ ཁྱོད་ཀྱིས་འདྲུདཔ་ད་སོར་ལྡེ་བཀག་བཞག།

ངོས་དཔར།

སྒོང་དབྱིབས་པ་ཡི།

སྒོར་ཐིག་པ་ཡི།

ད་ལྟོའི་ཡིག་ཆ་ནང་མཐའ་འཁོར་གྲལ་ཐིག་གཉིས་དང་སྒོར་ཐིག་གི་གཞུ་དབྱིབས་ཀྱིས་ངེས་འཛིན་འབད་ཡོད་མི་ལྟེམས་ལྟེམས་གང་ཡོད་པའི་དབྱིབས་འབྲིཝ་ཨིན། སྒོར་ཐིག་པ་ཡི་འབྲི་ནི་ལུ་ ཁྱོད་ལུ་དགོ་མི་ཚད་ལུ་སྒོར་ཐིག་འདྲུདཞིནམ་དང་དེ་ལས་མཐའ་འཁོར་གྲལ་ཐིག་དང་པམ་ངེས་འཛིན་འབད་ནི་ལུ་ཨེབ་གཏང་། ཁྱོད་ཀྱིས་མཐའ་འཁོར་གྲལ་ཐིག་གཉིས་པ་འདི་ག་སྟེ་ལུ་བཞག་ནི་ཨིན་ན་ཁྱོད་ཀྱི་དཔག་བྱེད་སྤོ་བཤུད་འབད་ཞིནམ་དང་ཨེབ་གཏང་། ཁྱོད་ཀྱིས་སྒོར་ཐིག་གུ་ཨེབ་མི་དགོ། སྒོང་དབྱིབས་པ་ཡི་འབྲི་ནི་ལུ་ ཁྱོད་ཀྱིས་འདྲུདཔ་ད་སོར་ལྡེ་བཀག་བཞག།

ངོས་དཔར།

སྒོར་ཐིག་པ་ཡི།

སྒོང་དབྱིབས་ཆ་བགོས།

ད་ལྟོའི་ཡིག་ཆ་ནང་སྒོར་ཚད་གྲལ་ཐིག་དང་སྒོང་དབྱིབས་ཀྱི་གཞུ་དབྱིབས་འདི་གིས་ངེས་འཛིན་འབད་ཡོད་མི་ལྟེམས་ལྟེམས་གང་ཡོད་པའི་དབྱིབས་འབྲིཝ་ཨིན། སྒོང་དབྱིབས་ཆ་བགོས་འབྲི་ནི་ལུ་ ཁྱོད་ལུ་དགོ་མི་ཚད་ལུ་སྒོང་དབྱིབས་འདྲུད་ཞིནམ་དང་དེ་ལས་སྒོར་ཚད་གྲལ་ཐིག་གི་འགོ་བཙུགས་ས་ངེས་འཛིན་འབད་ནི་ལུ་ཨེབ་གཏང་། ཁྱོད་ཀྱིས་སྒོར་ཚད་གྲལ་ཐིག་གི་མཐའ་རྩེ་འདི་ག་སྟེ་ལུ་བཞག་ནི་ཨིན་ན་ཁྱོད་ཀྱི་དཔག་བྱེད་སྤོ་བཤུད་འབད་ཞིནམ་དང་ཨེབ་གཏང་། ཁྱོད་ཀྱིས་སྒོར་ཐིག་གུ་ཨེབ་མི་དགོ། སྒོར་ཐིག་ཆ་བགོས་འབྲི་ནི་ལུ་ ཁྱོད་ཀྱིས་འདྲུདཔ་ད་སོར་ལྡེ་བཀག་བཞག།

ངོས་དཔར།

སྒོང་དབྱིབས་ཆ་བགོས།

སྒོར་ཐིག་ཆ་བགོས།

ད་ལྟོའི་ཡིག་ཆ་ནང་གི་སྒོར་ཚད་གྲལ་ཐིག་དང་སྒོར་ཐིག་གི་གཞུ་དབྱིབས་ཀྱིས་ངེས་འཛིན་འབད་ཡོད་མི་ལྟེམས་ལྟེམས་གང་ཡོད་པའི་དབྱིབས་འབྲིཝ་ཨིན། སྒོར་ཐིག་ཆ་བགོས་འབྲི་ནི་ལུ་ ཁྱོད་ལུ་དགོ་པའི་ཚད་ལུ་སྒོར་ཐིག་འདྲུད་ཞིནམ་དང་དེ་ལས་སྒོར་ཚད་གྲལ་ཐིག་གི་འགོ་བཙུགས་ས་ངེས་འཛིན་འབད་ནི་ལུ་ཨེབ་གཏང་། ཁྱོད་ཀྱིས་སྒོར་ཚད་གྲལ་ཐིག་གི་མཐའ་རྩེ་འདི་ག་སྟེ་ལུ་བཞག་ནི་ཨིན་ན་ཁྱོད་ཀྱི་དཔག་བྱེད་སྤོ་བཤུད་འབད་ཞིནམ་དང་ཨེབ་གཏང་། ཁྱོད་ཀྱིས་སྒོར་ཐིག་གུ་ཨེབ་མི་དགོ། སྒོང་དབྱིབས་ཆ་བགོས་འབྲི་ནི་ལུ་ ཁྱོད་ཀྱིས་འདྲུདཔ་ད་སོར་ལྡེ་བཀག་བཞག།

ངོས་དཔར།

སྒོར་ཐིག་ཆ་བགོས།

སྒོང་དབྱིབས་ མ་བཀང་མི།

ཁྱོད་ཀྱིས་ད་ལྟོའི་ཡིག་ཆ་ནང་འདྲུད་མི་སྒོང་དབྱིབས་སྟོངམ་ཅིག་འབྲིཝ་ཨིན། ཁྱོད་ཀྱིས་སྒོང་དབྱིབས་འདི་ག་སྟེ་ལུ་འབྲི་ནི་ཨིན་ན་ཨེབ་གཏང་འབད་ཞིནམ་དང་ཁྱོད་ལུ་དགོ་མིའི་ཚད་ལུ་འདྲུད། སྒོར་ཐིག་འབྲི་ནི་ལུ་ ཁྱོད་ཀྱིས་འདྲུདཔ་ད་སོར་ལྡེ་བཀག་བཞག།

ངོས་དཔར།

སྒོང་དབྱིབས་ མ་བཀང་མི།

སྒོར་ཐིག་ མ་བཀང་མི།

ཁྱོད་ཀྱིས་ད་ལྟོའི་ཡིག་ཆ་ནང་འདྲུད་མི་སྒོར་ཐིག་སྟོངམ་ཅིག་འབྲིཝ་ཨིན། ཁྱོད་ཀྱིས་སྒོར་ཐིག་འདི་ག་སྟེ་ལུ་འབྲི་ནི་ཨིན་ན་ཨེབ་གཏང་འབད་ཞིནམ་དང་ཁྱོད་ལུ་དགོ་མི་ཚད་ལུ་འདྲུད། སྒོང་དབྱིབས་འབྲི་ནི་ལུ་ ཁྱོད་ཀྱིས་འདྲུདཔ་ད་སོར་ལྡེ་བཀག་བཞག།

ངོས་དཔར།

སྒོར་ཐིག་ མ་བཀང་མི།

སྒོང་དབྱིབས་པ་ཡི་ མ་བཀང་མི།

ད་ལྟོའི་ཡིག་ཆ་ནང་མཐའ་འཁོར་གྲལ་ཐིག་གཉིས་དང་སྒོང་དབྱིབས་ཀྱི་གཞུ་དབྱིབས་འདི་གིས་ངེས་འཛིན་འབད་ཡོད་མི་དབྱིབས་སྟོངམ་ཅིག་འབྲིཝ་ཨིན། སྒོང་དབྱིབས་པ་ཡི་འབྲི་ནི་ལུ་ ཁྱོད་ལུ་དགོ་མི་ཚད་ལུ་སྒོང་དབྱིབས་འདྲུད་ཞིནམ་དང་མཐའ་འཁོར་གྲལ་ཐིག་དང་པམ་ངེས་འཛིན་འབད་ནི་ལུ་ཨེབ་གཏང་། ཁྱོད་ཀྱིས་མཐའ་འཁོར་གྲལ་ཐིག་གཉིས་པ་འདི་ག་སྟེ་ལུ་བཞག་ནི་ཨིན་ན་ཁྱོད་ཀྱི་དཔག་བྱེད་འདི་སྤོ་བཤུད་འབད་ཞིནམ་དང་ཨེབ་གཏང་། ཁྱོད་ཀྱིས་སྒོང་དབྱིབས་གུ་ཨེབ་མི་དགོ། སྒོར་ཐིག་པ་ཡི་འབྲི་ནི་ལུ་ ཁྱོད་ཀྱིས་འདྲུདཔ་ད་སོར་ལྡེ་བཀག་བཞག།

ངོས་དཔར།

སྒོང་དབྱིབས་པ་ཡི་ མ་བཀང་མི།

སྒོར་ཐིག་པ་ཡི་ མ་བཀང་མི།

ད་ལྟོའི་ཡིག་ཆ་ནང་མཐའ་འཁོར་གྲལ་ཐིག་གཉིས་དང་སྒོར་ཐིག་གི་གཞུ་དབྱིབས་ཀྱིས་ངེས་འཛིན་འབད་ཡོད་པའི་དབྱིབས་སྟོངམ་ཅིག་འབྲིཝ་ཨིན། སྒོར་ཐིག་པི་ཡི་འབྲི་ནི་ལུ་ ཁྱོད་ལུ་དགོ་པའི་ཚད་ལུ་སྒོར་ཐིག་འདྲུད་ཞིནམ་དང་དེ་ལས་མཐའ་འཁོར་གྲལ་ཐིག་དང་པམ་ངེས་འཛིན་འབད་ནི་ལུ་ཨེབ་གཏང་། ཁྱོད་ཀྱིས་མཐའ་འཁོར་གྲལ་ཐིག་གཉིས་པམ་འདི་ག་སྟེ་ལུ་བཞག་ནིཨིན་ན་ཁྱོད་ཀྱི་དཔག་བྱེད་འདི་སྤོ་བཤུད་འབད་ཞིནམ་དང་ཨེབ་གཏང་། ཁྱོད་ཀྱིས་སྒོར་ཐིག་གུ་ཨེབ་མི་དགོ། སྒོང་དབྱིབས་པ་ཡི་འབྲི་ནི་ལུ་ ཁྱོད་ཀྱིས་འདྲུདཔ་ད་སོར་ལྡེ་བཀག་བཞག།

ངོས་དཔར།

སྒོར་ཐིག་པ་ཡི་ མ་བཀང་མི།

སྒོང་དབྱིབས་ཆ་བགོས་ མ་བཀང་མི།

དལྟོའི་ཡིག་ཆ་ནང་སྒོར་ཚད་གྲལ་ཐིག་དང་སྒོང་དབྱིབས་་ཐིག་གི་གཞུ་དབྱིབས་འདི་གིས་ངེས་འཛིན་འབད་ཡོད་མི་དབྱིབས་སྟོངམ་ཅིག་འབྲིཝ་ཨིན། སྒོང་དབྱིབས་ཆ་བགོས་འབྲི་ནི་ལུ་ ཁྱོད་ལུ་དགོ་མི་ཚད་ལུ་སྒོང་དབྱིབས་འདྲུད་ཞིནམ་དང་དེ་ལས་སྒོར་ཚད་གྲལ་ཐིག་གི་འགོ་བཙུགས་ས་ངེས་འཛིན་འབད་ནི་ལུ་ཨེབ་གཏང་། ཁྱོད་ཀྱིས་སྒོར་ཚད་གྲལ་ཐིག་གི་མཐའ་རྩེ་འདི་ག་སྟེ་ལུ་བཞག་ནི་ཨིན་ན་ཁྱོད་ཀྱི་དཔག་བྱེད་འདི་སྤོ་བཤུད་འབད་ཞིནམ་དང་ཨེབ་གཏང་། ཁྱོད་ཀྱིས་སྒོར་ཐིག་གུ་ཨེབ་གཏང་མི་དགོ། སྒོར་ཐིག་ཆ་བགོས་འབྲི་ནི་ལུ་ ཁྱོད་ཀྱིས་འདྲུདཔ་ད་སོར་ལྡེ་བཀག་བཞག།

ངོས་དཔར།

སྒོང་དབྱིབས་ཆ་བགོས་ མ་བཀང་མི།

སྒོར་ཐིག་ཆ་བགོས་ མ་བཀང་མི།

དལྟོའི་ཡིག་ཆ་ནང་སྒོར་ཚད་གྲལ་ཐིག་དང་སྒོར་ཐིག་གི་གཞུ་དབྱིབས་འདི་གིས་ངེས་འཛིན་འབད་ཡོད་མི་དབྱིབས་སྟོངམ་ཅིག་འབྲིཝ་ཨིན། སྒོར་ཐིག་ཆ་བགོས་འབྲི་ནི་ལུ་ ཁྱོད་ལུ་དགོ་མི་ཚད་ལུ་སྒོར་ཐིག་འདྲུད་ཞིནམ་དང་དེ་ལས་སྒོར་ཚད་གྲལ་ཐིག་གི་འགོ་བཙུགས་ས་ངེས་འཛིན་འབད་ནི་ལུ་ཨེབ་གཏང་། ཁྱོད་ཀྱིས་སྒོར་ཚད་གྲལ་ཐིག་གི་མཐའ་རྩེ་འདི་ག་སྟེ་ལུ་བཞག་ནི་ཨིན་ན་ཁྱོད་ཀྱི་དཔག་བྱེད་འདི་སྤོ་བཤུད་འབད་ཞིནམ་དང་ཨེབ་གཏང་། ཁྱོད་ཀྱིས་སྒོར་ཐིག་གུ་ཨེབ་གཏང་མི་དགོ། སྒོང་དབྱིབས་གུ་གཞི་བརྟེན་འབད་ཡོད་མི་ཆ་བགོས་འབྲི་ནི་ལུ་ ཁྱོད་ཀྱིས་འདྲུདཔ་ད་སོར་ལྡེ་བཀག་བཞག།

ངོས་དཔར།

སྒོར་ཐིག་ཆ་བགོས་ མ་བཀང་མི།

གཞུ་དབྱིབས།

ད་ལྟོའི་ཡིག་ཆ་ནང་གཞུ་དབྱིབས་འབྲིཝ་ཨིན། གཞུ་དབྱིབས་འབྲི་ནི་ལུ་ ཁྱོད་ལུ་དགོ་མི་ཚད་ལུ་སྒོང་དབྱིབས་འདྲུད་ཞིནམ་དང་དེ་ལས་གཞུ་དབྱིབས་འདི་འགོ་བཙུགས་ས་ངེས་འཛིན་འབད་ནི་ལུ་ཨེབ་གཏང་། ཁྱོད་ཀྱིས་མཐའ་རྩེ་འདི་ག་སྟེ་ལུ་བཞག་ནི་ཨིན་ན་ཁྱོད་ཀྱི་དཔག་བྱེད་འདི་སྤོ་བཤུད་འབད་ཞིནམ་དང་ཨེབ་གཏང་། ཁྱོད་ཀྱིས་སྒོང་དབྱིབས་གུ་ཨེབ་མི་དགོ། སྒོང་དབྱིབས་གུ་གཞི་བརྟེན་འབད་ཡོད་མི་གཞུ་དབྱིབས་འབྲི་ནི་ལུ་ ཁྱོད་ཀྱིས་འདྲུདཔ་ད་སོར་ལྡེ་བཀག་བཞག།

ངོས་དཔར།

གཞུ་དབྱིབས།

སྒོར་ཐིག་གཞུ་དབྱིབས།

ད་ལྟོའི་ཡིག་ཆ་ནང་སྒོར་ཐིག་གུ་གཞི་བརྟེན་འབད་ཡོད་མི་གཞུ་དབྱིབས་འབྲིཝ་ཨིན། གཞུ་དབཡིབས་འབྲི་ནི་ལུ་ ཁྱོད་ལུ་དགོ་པའི་ཚད་ལུ་སྒོར་ཐིག་འདྲུད་ཞིནམ་དང་དེ་ལས་གཞུ་དབྱིབས་ཀྱི་འགོ་བཙུགས་ས་འདི་ངེས་འཛིན་འབད་ནི་ལུ་ཨེབ་གཏང་། ཁྱོད་ཀྱིས་མཐའ་རྩེ་འདི་ག་སྟེ་ལུ་བཞག་ནི་ཨིན་ན་དཔག་བྱེད་སྤོ་བཤུད་འབད་ཞིནམ་དང་ཨེབ་གཏང་། ཁྱོད་ཀྱིས་སྒོར་ཐིག་གུ་ཨེབ་མི་དགོ། སྒོང་དབྱིབས་གུ་གཞི་བརྟེན་འབད་ཡོད་པའི་གཞུ་དབྱིབས་འབྲི་ནི་ལུ་ ཁྱོད་ཀྱིས་འདྲུདཔ་ད་སོར་ལྡེ་བཀག་བཞག།

ངོས་དཔར།

སྒོར་ཐིག་གཞུ་དབྱིབས།

Please support us!