LibreOffice 24.8 Help
སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་གཞི་བསྒྱུར་འབད་ནིའི་དོན་ལུ་གདམ་ཁ་ཚུ།
སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་ཟུར་མང་དབྱིབས་ལུ་གཞི་བསྒྱུར་འབདཝ་ཨིན། (གྲལ་ཐིག་ཕྲང་ཕྲངམ་ཚུ་གིས་བཅད་མཚམས་འབད་ཡོད་མི་ཁ་བསྡམས་ཡོད་པའི་དངོས་པོ་). དངོས་པོ་འདི་གི་འབྱུང་སྣང་འདི་བསྒྱུར་བཅོས་མི་འབད། ཁྱོད་ལུ་དགོ་པ་ཅིན་ ཁྱོད་ཀྱིས་གཡས་ཨེབ་གཏང་ནི་དང་ བསྒྱུར་བཅོས་ཚུ་སྟོན་ནི་ལུ་་ ཞུན་དག་འབད་ཡོད་པའི་སྐུགས་ཚུ་གདམ་ཁ་རྐྱབས།
ཟུར་མང་དབྱིབས་ཚུ་གི་སྡེ་ཚན་ཡང་ན་ཟུར་མང་དབྱིབས་ལུ་སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་གཞི་བསྒྱུར་འབདཝ་ཨིན། གཞི་བསྒྱུར་འདི་གིས་ཟུར་མང་དབྱིབས་ཚུ་གི་སྡེ་ཚན་ཅིག་གསར་བསྐྲུན་འབད་བ་ཅིན་ (དཔེར་ན་ ཁྱོད་ཀྱིས་ཚིག་ཡིག་དངོས་པོ་ཅིག་གསར་བསྐྲུན་འབདཝ་ད་) ཁྱོད་ཀྱིས་ངོ་རྐྱང་ཟུར་མང་དབྱིབས་སེལ་འཐུ་མ་འབད་བའི་ཧེ་མ་སྡེ་ཚན་ཐོ་བཀོད་ནི་ལུ་ཨེཕ་༣་ཨེབ་གཏང་།
སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་མཚོན་གྲངས་ཀྱི་(༣ཌི་)དངོས་པོ་གསུམ་ལུ་གཞི་བསྒྱུར་འབདཝ་ཨིན།
སེལ་འཐུ་འབད་ཡོད་པའི་དངོས་པོ་ཁོ་རའི་ཀེར་ཕྲང་ཚད་ཐིག་མཐའ་སྐོར་པད་སྐོར་བསྒྱིར་འདི་གིས་མཚོན་གྲངས་ཀྱི་དབྱིབས་-གསུམ་གསར་བསྐྲུན་འབདཝ་ཨིན།
སེལ་འཐུ་འབད་ཡོད་པའི་དངོས་ངོ་འདི་བིཊི་མེཔ་ལུ་གཞི་བསྒྱུར་འབདཝ་ཨིན། (གཟུགས་བརྙན་ཁྱད་ཚབ་འབད་མི་གི་པིག་སེལ་ཚུ་གི་གིརིཌི་)
མཉམ་ཐིག་ཚད་རིས་གནད་སྡུད་དང་བིཊི་མེཔ་གཉིས་ཆ་རང་ཡོད་པའི་ ཝིན་ཌོ་མེ་ཊ་ཕ་ཡིལ་རྩ་སྒྲིག་ (ཌབ་ལུ་ཨེམ་ཨེཕ་)ལུ་སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་གཞི་བསྒྱུར་འབདཝ་ཨིན།