སྲུང་སྐྱོབ་གནས་རིམ།

གདམ་ཁ་བཞི་ཡོད་མི་གི་གཅིག་ལས་ མེཀ་རོ་སྲུང་སྐྱོབ་གནས་རིམ་ སེལ་འཐུ་འབད། གདམ་ཁ་ཚུ་སྲུང་སྐྱོབ་གནས་རིམ་དང་འཁྲིལ་ཏེ་སོ་སོ་འགྱོཝ་ཨིན། སྲུང་སྐྱོབ་གནས་རིམ་མཐོ་མི་གུ་གཡོག་བཀོལ་བཅུག་མི་མེཀ་རོ་དེ་དམའ་མི་གནས་རིམ་ཚུ་ཆ་མཉམ་ནང་ལུ་ཡང་གཡོག་བཀོལ་བཅུགཔ་ཨིན།

མཐོ་དྲགས།

བློ་གཏད་ཅན་གྱི་ཡིག་སནོད་གནས་ཁོངས་ཚུ་ལས་མེཀ་རོསི་རྐྱངམ་གཅིག་གཡོག་བཀོལ་བཅུགཔ་ཨིན། མེཀ་རོསི་གཞན་ཆ་མཉམ་ མིང་རྟགས་བཀོད་ཡོད་རུང་མེད་རུང་དེ་ཚུ་དབྱེ་བ་མེད་པར་ ལྕོགས་མིན་ཐལ་ཡོདཔ་ཨིན།

བློ་གཏད་ཅན་གྱི་ཡིག་སྣོད་གནས་ཁོངས་ཚུ་བློ་གཏད་ཅན་གྱི་འབྱུང་ཁུངས་ཚུའི་མཆོང་ལྡེ་ཤོག་ལེབ་གུ་གཞི་སྒྲིག་འབད་ཚུགས། བློ་གཏད་ཅན་གྱི་ཡིག་སྣོད་གནས་ཁོངས་ལས་མེཀ་རོ་གང་རུང་ཅིག་གཡོག་བཀོལ་ཆོག།་

མཐོ།

Only macros from trusted sources and signed macros (from any source) are allowed to run. Macros that are neither from a trusted source nor signed are disabled.

བློ་གཏད་ཅན་གྱི་འབྱུང་ཁུངས་ཚུ་བློ་གཏད་ཅན་གྱི་འབྱུང་ཁུངས་ཚུའི་མཆོང་ལྡེ་ཤོག་ལེབ་གུ་གཞི་སྒྲིག་འབད་ཚུགས། བློ་གཏད་ཅན་གྱི་འབྱུང་ཁུངས་ལས་མིང་རྟགས་བཀོད་ཡོད་མི་མེཀ་རོསི་རྐྱངམ་གཅིག་གཡོག་བཀོལ་ཆོག ཁ་སྐོང་ལུ་ བློ་གཏད་ཅན་གྱི་ཡིག་སྣོད་གནས་ཁོངས་ལས་མེཀ་རོ་གང་རུང་གཡོག་བཀོལ་ཆོག

འབྲིང་མ།

མ་ཤེས་པའི་འབྱུང་ཁུངས་ཚུ་ལས་མེཀ་རོསི་ལག་ལེན་མ་འཐབ་པའི་ཧེ་མ་ངེས་དཔྱད་དགོས་མཁོ་ཡོད།

བློ་གཏད་ཅན་གྱི་འབྱུང་ཁུངས་ཚུ་བློ་གཏད་ཅན་གྱི་འབྱུང་ཁུངས་ཚུའི་མཆོང་ལྡེ་ཤོག་ལེབ་གུ་གཞི་སྒྲིག་འབད་ཚུགས། བློ་གཏད་ཅན་གྱི་འབྱུང་ཁུངས་ལས་མིང་རྟགས་བཀོད་ཡོད་པའི་མེཀ་རོ་ཚུ་གཡོག་བཀོལ་ཆོག ཁ་སྐོང་གི་དོན་ལུ་ བློ་གཏད་ཅན་གྱི་ཡིག་སྣོད་གནས་ཁོངས་ལས་མེཀ་རོ་གང་རུང་ཅིག་གཡོག་བཀོལ་ཆོག གཞན་མེཀ་རོ་ཚུ་ཆ་མཉམ་ལུ་ཁྱོད་ཀྱི་ངེས་དཔྱད་དགོ།S

དམའ་ (འོས་སྦྱོར་མ་འབདཝ་)

མེཀ་རོསི་ཆ་མཉམ་ངེས་དཔྱད་མེད་པར་ལག་ལེན་འཐབཔ་འོང་། ཁ་ཕྱེ་ནི་ཨིན་མི་ཡིག་ཆ་ཚུ་ཆ་མཉམ་ཉེན་མེད་འོང་ནི་ ཁྱོད་ལུ་ངེས་ཅན་ཡོད་པ་ཅིན་རྐྱངམ་གཅིག་སྒྲིག་སྟངས་འདི་ལག་ལེན་འཐབ།

མེཀ་རོ་འདི་རང་བཞིན་-འགོ་བཙུགས་ལུ་གཞི་སྒརིག་འབད་ཚུགས་ནི་དང་ དེ་བྱ་བ་ཚུ་མེདཔ་བཏང་ཐོག་ལས་ནུས་ལྡན་གྱི་སྒོ་ལས་ལཱ་འགན་འགྲུབ་ཚུགས་ དཔེར་ན་ ཡིག་སྣོད་ཚུ་བཏོན་གཏང་ནི་ ཡང་ན་ བསྐྱར་མིང་བཏགས་ནི་བཟུམ་སྦེ། ཨ་ནི་སྒྲིག་སྟངས་འདི་ཁྱོད་ཀྱིས་རྩོམ་པ་པོ་གཞན་ཚུ་ལས་ཡིག་ཆ་ཚུ་ཁ་ཕྱེ་བའི་སྐབས་འོས་སྦྱོར་མི་འབད།

Please support us!