LibreOffice 25.2 Help
ཇ་བ་དབྱེ་རིགས་འགྲུལ་ལམ་ལུ་ཡིག་མཛོད་ཚུ་དང་སྣོད་འཛིན་ཚུ་ཁ་སྐོང་བརྐྱབ་ནི་ལུ་ ཁྱོད་ཀྱིས་ཌའི་ལོག་འདི་ལག་ལེན་འཐབ། འགྲུལ་ལམ་འདི་ཚུ་ཁྱོད་ཀྱིས་འགོ་བཙུགས་མི་ཇེ་ཨར་ཨི་གང་རུང་གི་དོན་ལུ་ནུས་ཅན་ཨིན།
ཇ་བ་དབྱེ་རིགས་དཔེ་མཛོད་ཚུ་ ཡང་ན་ ཇ་བ་དབྱེ་རིགས་ཚུ་གི་གནས་ཁོངས་གསལ་བཀོད་འབདཝ་ཨིན། དབྱེ་རིགས་འགྲུལ་ལམ་གསརཔ་འདི་ ཁྱོད་ཀྱིས་ LibreOffice ལོག་འགོ་བཙུགས་ད་ ཤུལ་ལས་ནུས་ཅན་འགྱོཝ་ཨིན།.
དབྱེ་རིགས་འགྲུལ་ལམ་བརྒྱུད་དེ་འཛུལ་སྤྱོད་འབད་ཡོད་མི་ཇ་བ་དབྱེ་རིགས་ཚུ་སྲུང་སྐྱོབ་ཞིབ་དཔྱད་འབད་མི་དགོ།
ཇར་ ཡང་ན་ གནས་ཡུལ་རྩ་སྒྲིག་ནང་ཡིག་མཛོད་ཡིག་སྣོད་སེལ་འཐུ་འབད་ཞིནམ་དང་ དབྱེ་རིགས་འགྲུལ་ལམ་ལུ་ཡིག་སྣོད་ཁ་སྐོང་རྐྱབས།
སྣོད་འཛིན་སེལ་འཐུ་འབད་ཞིནམ་དང་ དབྱེ་རིགས་འགྲུལ་ལམ་ལུ་སྣོད་འཛིན་ཁ་སྐོང་རྐྱབས།
ཐོ་ཡིག་ནང་ཡིག་མཛོད་ ཡང་ན་ སྣོད་འཛིན་སེལ་འཐུ་འབད་ཞིནམ་དང་ དབྱེ་རིགས་འགྲུལ་ལམ་ལས་དངོས་པོ་རྩ་བསྐྲད་གཏང་ནི་ལུ་རྩ་བསྐྲད་གཏང་ཨེབ་གཏང་།