ས་ཚིགས་ཕྲ་རིང་ཚུ་ཞུན་དག་འབད་

The Edit Points Bar appears when you select a polygon object and click Edit Points.

བྱིན་ཏེ་ཡོད་པའི་ལས་འགན་ཚུ་གིས་ ཁྱོད་ལུ་གུག་གུགཔ་གི་ས་ཚིགས་ ཡང་ན་ གུག་གུགཔ་ཅིག་ལུ་གཞི་བསྒྱུར་འབད་ཡོད་པའི་དངོས་པོ་ཚུ་ཞུན་དག་འབད་བཅུགཔ་ཨིན། འོག་གི་ངོས་པར་ཚུ་འཐོབ་ཚུགསཔ་ཨིན་:

ས་ཚིགས་ཞུན་དག་འབད།

Edit Pointsངོས་པར་གིས་ཁྱོད་ལུ་ བི་ཛི་ཡར་དངོས་པོའི་དོན་ལུ་ཞུན་དག་ཐབས་ལམ་ ཤུགས་ལྡན་ ཡང་ན་ ཤུགས་མེད་བཟོ་བཅུགཔ་ཨིན། ཞུན་དག་ཐབས་ལམ་ནང་ པར་རིས་དངོས་པོའི་ས་ཚིགས་ཚུ་རེ་རེ་བཞིན་དུ་སེལ་འཐུ་འབད་ཚུགས།

ངོས་པར་

ས་ཚིགས་ཞུན་དག་འབད།

ས་ཚིགས་ཚུ་སྤོ།

ཁྱོད་ཀྱིས་ ས་ཚིགས་སྤོ་ཚུགས་པའི་ཐབས་ལམ་ཅིག་ཤུགས་ལྡན་བཟོཝ་ཨིན། མའུསི་དཔག་བྱེད་ཀྱིས་ ས་ཚིགས་གུ་ངལ་འཚོ་བའི་སྐབས་ལུ་ གྲུ་བཞི་སྟོངམ་ཆུང་ཀུ་ཅིག་བཀྲམ་སྟོན་འབདཝ་ཨིན། ས་ཚིགས་དེ་ གནས་ཁོངས་གཞན་ཅིག་ནང་འདྲུད། ས་ཚིགས་ཀྱི་མཐའམ་གཉིས་ལུ་ཡོད་པའི་གུག་གུགཔ་གིས་ འགུལ་བསྐྱོད་ཤུལ་དཔྱད་འབདཝ་ཨིན་ ས་ཚིགས་ཤུལ་མམ་གྱི་བར་ན་ཡོད་པའི་གུག་གུགཔ་དབྱེ་ཚན་གྱི་དབྱིབས་ བསྒྱུར་བཅོས་འབདཝ་ཨིན།

ས་ཚིགས་གཉིས་ཀྱི་བར་ན་གུག་གུགཔ་གི་ས་ཚིགས་ ཡངན་ གུག་གུགཔ་ཐག་ཉེ་ཤོས་ཅིག་གི་ནང་ན་དང་ འབྲི་ཤོག་བཟོ་ཉེས་མ་བཟོ་བར་ གུག་གུགཔ་ཧྲིལ་བུ་སྦེ་བཤུད་ནིའི་དོན་ལུ་མའུསི་འདྲུད།

ངོས་པར་

ས་ཚིགས་ཚུ་སྤོ།

ས་ཚིགས་ཚུ་བཙུགས།

བཙུགས་པའི་ཐབས་ལམ་ ཤུགས་ལྡན་བཟོ། ཐབས་ལམ་འདི་གིས་ ཁྱོད་ལུ་ས་ཚིགས་ཚུ་བཙུགས་བཅུགཔ་ཨིན། དེ་མ་ཚད་ སྤོ་བཤུད་ཐབས་ལམ་ནང་བཟུམ་སྦེ་ ཁྱོད་ཀྱིས་ས་ཚིགས་ཚུ་སྤོ་ཚུགས། ག་དེ་ཨིན་རུང་ ས་ཚིགས་གཉིས་ཀྱི་བར་ན་ གུག་གུགཔ་ལུ་ཨེབ་གཏང་འབད་ཞིནམ་ལས་ མའུསི་འདི་དུམ་གྲ་ཅིག་སྤོ་བཤུད་འབད་དེ་ མའུསི་ཨེབ་རྟ་འདི་མར་ཁ་ཐུག་ལུ་བཟུང་སྟེ་ཡོད་པའི་སྐབས་ ས་ཚིགས་གསརཔ་ཅིག་བཙུགས། དེ་ཡང་ས་ཚིགས་ཧུམ་ཁྱུག་ཁྱུག་ཨིནམ་དང་ ཚད་འཛིན་ས་ཚིགས་ལུ་གྲལ་ཐིག་ཚུ་མཉམ་སྤྱོད་དང་སྤོ་བཤུད་འབད་བའི་སྐབས་ལུ་འགྱུར་བ་མེད་པར་གནསཔ་ཨིན།

སྒྱིད་ཁུག་གི་ས་ཚིགས་ཅིག་གསར་བསྐྲུན་འབད་དགོ་མནོ་བ་ཅིན་ ཁྱོད་ཀྱིས་དང་པ་ར་ ཧུམ་ཁྱུག་ཁྱུ་ ཡང་ན་ མཛེས་སྙོམས་ཀྱི་ས་ཚིགས་ཅིག་བཙུགས་དགོ་ དེ་ཡང་སྒྱིད་ཁུག་ལག་ལེན་་འཐབ་པའི་ཐོག་ལས་ སྒྱིད་ཁུག་ས་ཚིགས་ལུ་གཞི་བསྒྱུར་འབདཝ་ཨིན།

ངོས་པར་

ས་ཚིགས་ཚུ་བཙུགས།

ས་ཚིགས་ཚུ་བཏོན་གཏང་།

ས་ཚིགས་གཅིག་ ཡངན་ ལེ་ཤ་སེལ་འཐུ་འབད་ཡོད་པའི་ས་ཚིགས་ཚུ་བཏོན་གཏང་ནིའི་དོན་ལུ་ ས་ཚིགས་བཏོན་གཏང་ ལག་ལེན་འཐབ། ས་ཚིགས་ལེ་ཤ་ སེལ་འཐུ་འབད་དགོ་མནོ་བ་ཅིན་ སོར་ལྡེ་མར་བཟུང་འབད་བའི་སྐབས་འོས་ལྡན་ས་ཚིགས་ལུ་ཨེབ་གཏང་འབད།

དང་པ་ར་ བཏོན་གཏང་ནི་ཨིན་པའི་ས་ཚིགས་ཚུ་སེལ་འཐུ་འབད་ཞིནམ་ལས་ ངོས་པར་འདི་ལུ་ཨེབ་གཏང་འབད་ ཡངན་ ཌི་ཨི་ཨེལ་ལུ་ཨེབ།

ངོས་པར་

ས་ཚིགས་ཚུ་བཏོན་གཏང་།

གུག་གུགཔ་བཤག

གུག་གུགཔ་གཤག་ གིས་ གུག་གུགཔ་གཤགཔ་ཨིན། ཁྱོད་ཀྱིས་ གུག་གུགཔ་ཚུ་ག་སྟེ་ལུ་གཤག་ནི་ཨིན་ན་ ས་ཚིགས་ ཡངན་ ས་ཚིགས་ཚུ་སེལ་འཐུ་འབད་ཞིནམ་ལས་ ངོས་པར་ལུ་ཨེབ་གཏང་འབད།

ངོས་པར་

གུག་གུགཔ་བཤག

གུག་གུགཔ་ལུ་གཞི་བསྒྱུར་འབད།

གིས་ གུག་གུགཔ་འདི་ཐིག་ཕྲང་ལུ་ ཡང་ན་ ཐིག་ཕྲང་འདི་གུག་གུགཔ་ཅིག་ལུ་གཞི་བསྒྱུར་འབདཝ་ཨིན། ཁྱོད་ཀྱིས་ས་ཚིགས་རྐྱང་པ་ཅིག་སེལ་འཐུ་འབད་བ་ཅིན་ ས་ཚིགས་ཀྱི་གདོང་ཁར་ཡོད་པའི་གུག་གུགཔ་གཞི་བསྒྱུར་འབད་འོང་། ས་ཚིགས་གཉིས་་ཆ་རང་སེལ་འཐུ་འབད་ཡོད་པ་ཅིན་ ས་ཚིགས་གཉིས་ཀྱི་བར་ནའི་གུག་གུགཔ་འདི་གཞི་བསྒྱུར་འབད་འོང་། ག་དེམ་ཅིག་སྦེ་ཁྱོད་ཀྱིས་ ས་ཚིགས་གཉིས་ལས་ལྷག་སྟེ་སེལ་འཐུ་འབད་ཡོད་པ་ཅིན་ ངོས་པར་ལུ་ཚར་རེ་ཨེབ་གཏང་འབདཝ་ད་ གུག་གུགཔ་གི་ཡན་ལག་སོ་སོ་སྦེ་གཞི་བསྒྱུར་འབད་འོང་། ཉེར་མཁོ་ཡོད་པ་ཅིན་ སྒོར་སྒོརམ་ས་ཚིགས་ཚུ་སྒྱིད་ཁུག་ས་ཚིགས་དང་སྒྱིད་ཁུག་ས་ཚིགས་ཚུ་སྒོར་སྒོརམ་ས་ཚིགས་ལུ་གཞི་བསྒྱུར་འབདཝ་ཨིན།

གུག་གུགཔ་གི་དབྱེ་ཚན་ལ་ལོ་ཅིག་ཕྲང་ཏང་ཏ་ཨིན་པ་ཅིན་ གྲལ་ཐིག་མཇུག་གི་ས་ཚིགས་ལུ་ མང་མཐའ་ཚད་འཛིན་ས་ཚིགས་རེ་ཡོདཔ་ཨིན། གྲལ་ཐིག་ཕྲང་བ་འདི་ལོག་གུག་གུགཔ་ལུ་གཞི་བསྒྱུར་མ་འབད་ཚུན་ དེ་ཚུ་སྒོར་སྒོརམ་ས་ཚིགས་ལུ་ལེགས་བཅོས་འབད་མི་ཚུགས།

ངོས་པར་

གུག་གུགཔ་ལུ་གཞི་བསྒྱུར་འབད།

སྒྱིད་ཁུག་གི་ས་ཚིགས།

སེལ་འཐུ་འབད་ཡོད་པའི་ས་ཚིགས་ ཡངན་ ས་ཚིགས་ཚུ་སྒྱིད་ཁུག་ས་ཚིགས་ལུ་གཞི་བསྒྱུར་འབདཝ་ཨིན། སྒྱིད་ཁུག་ས་ཚིགས་ལུ་སྤོ་བཏུབ་པའི་ཚད་འཛིན་ས་ཚིགས་གཉིས་ཡོད་ དེ་ཚུ་གཅིག་གི་གཅིག་ལུ་བརྟེན་མི་དགོ དེ་འབད་ནི་འདི་གིས་ གུག་ཡོད་པའི་གྲལ་ཐིག་གིས་ སྒྱིད་ཁུག་ས་ཚིགས་ལས་བརྒྱུད་དེ་ཕྲང་མི་འགྱོ་ ཨིན་རུང་སྒྱིད་ཁུག་ཅིག་གཞི་སྒྲུབ་འབདཝ་ཨིན།

ངོས་པར་

སྒྱིད་ཁུག་གི་ས་ཚིགས།

ཧུམ་ཁྱུག་ཁྱུའི་འགྱུར་བ།

ཧུམ་ཁྱུག་ཁྱུའི་ས་ཚིགས་ཅིག་ནང་སྒྱིད་ཁུག་ས་ཚིགས་ ཡངན་ མཛེས་སྙོམས་ས་ཚིགས་གཞི་བསྒྱུར་འབདཝ་ཨིན། སྒྱིད་ཁུག་ས་ཚིགས་ཀྱི་ཚད་འཛིན་ས་ཚིགས་ཚུ་ མཉམ་སྤྱོད་ནང་ཕྲང་སྒྲིག་འབད་ཡོདཔ་དང་ དེ་ཚུ་དུས་མཉམ་ལུ་སྤོ་ཚུགས། ཚད་འཛིན་ས་ཚིགས་ཀྱིས་ གུག་གུགཔ་རྣམ་པའི་ཁུག་ཟུར་འགྱུར་བཅུག་པའི་རིང་ཚད་ནང་ སོ་སོ་སྦེ་ངོས་འཛིན་འབད་འོང་།

ངོས་པར་

ཧུམ་ཁྱུག་ཁྱུའི་འགྱུར་བ།

མཛེས་སྙོམས་འགྱུར་བ།

ངོས་པར་འདི་གིས་ མཛེས་སྙོམས་ས་ཚིགས་ནང་ལུ་སྒྱིད་ཁུག་ས་ཚིགས་ ཡང་ན་ ཧུམ་ཁྱུག་ཁྱུའི་ས་ཚིགསཅིག་གཞི་བསྒྱུར་འབདཝ་ཨིན། སྒྱིད་ཁུག་ས་ཚིགས་ཀྱི་ཚད་འཛིན་ས་ཚིགས་ཚུ་མཉམ་སྤྱོད་ནང་ཕྲང་སྒྲིག་འབད་ཡོདཔ་དང་ རིང་ཚད་ཡང་ཅོག་འཐདཔ་སྦེ་ཡོདཔ་ཨིན། དེ་ཚུ་དུས་མཉམ་ལུ་སྤོ་ཚུགསཔ་དང་ གུག་གུགཔ་གི་ཁུག་ཟུར་འདི་ཁ་ཕྱོགས་གཉིས་ཆ་ར་ནང་ཅོག་འཐདཔ་ཨིན།

ངོས་པར་

མཛེས་སྙོམས་འགྱུར་བ།

བི་ཛི་ཡར་ཁ་སྡམས།

གྲལ་ཐིག་ ཡངན་ གུག་གུགཔ་ཅིག་ཁ་བསྡམ་ཨིན། ཆེར་བསྐྱེད་གྲུ་བཞི་གིས་བརྡ་སྟོན་འབད་དེ་ ས་ཚིགས་དང་པམ་དང་གཅིག་ཁར་མཇུག་གི་ས་ཚིགས་མཐུད་པའི་ཐོག་ལས་ གྲལ་ཐིག་འདི་ཁ་བསྡམས་ཡོདཔ།

ངོས་པར་

བི་ཛི་ཡར་ཁ་སྡམས།

ས་ཚིགས་རྩ་བསྐྲད་གཏང་།

བཏོན་གཏང་ནིའི་དོན་ལུ་ ད་ལྟོའི་ས་ཚིགས་ ཡངན་ སེལ་འཐུ་འབད་ཡོད་པའི་ས་ཚིགས་ཚུ་རྟགས་བཀལཝ་ཨིན། འ་ནཱི་འདི་འབྱུང་ལས་ནང་འབྱུངམ་ཨིན་ དེ་ཡང་ ས་ཚིགས་འདི་ཕྲང་བའི་གྲལ་ཐིག་གུ་གནས་ཏེ་ཡོདཔ་ཨིན། ཁྱོད་ཀྱིས་ གུག་གུགཔ་ ཡང་ན་ ཟུར་མང་དབྱིབས་ཅིག ་Convert to Curve ངོས་པར་དང་གཅིག་ཁར་ ཕྲང་བའི་གྲལ་ཐིག་ནང་གཞི་བསྒྱུར་འབད་བ་ཅིན་ ཡང་ན་ མའུསི་གི་ཐོག་ལས་གུག་གུགཔ་ཅིག་བསྒྱུར་བཅོས་འབད་བ་ཅིན་ ས་ཚིགས་འདི་རྩ་བསྐྲད་བཏང་སྟེ་ ཕྲང་བའི་གྲལ་ཐིག་གུ་སྡོད་འོང་། ས་ཚིགས་མར་ཕབ་ནང་ལས་ཀྱི་གྲུ་ཟུར་འདི་ གདམ་ཁ་རྐྱབ་པའི་ཐོག་ལས་གཞི་སྒྲིག་འབད་ཚུགས།

ངོས་པར་

ས་ཚིགས་རྩ་བསྐྲད་གཏང་།

Please support us!