LibreOffice 24.8 Help
བསྐྱར་ཞིབ་ལས་འགན་འདི་ ཚིག་ཡིག་ཡིག་ཆ་དང་ཤོག་ཁྲམ་ཡིག་ཆ་གཉིས་ཀྱི་དོན་་ལུ་ LibreOffice ནང་ལུ་ལངམ་འབད་ཡོདཔ་ཨིན།
ཡིག་ཆ་ཅིག་ གང་ཟག་ལེ་ཤ་གིས་ཞུན་དག་འབད་ཡོདཔ་ཨིན་པ་ཅིན་ འདི་ ཞུན་དག་འབད་ཡོད་པའི་འདྲ་བཤུས་ཚུ་ ངོ་མ་ནང་ལུ་ མཉམ་བསྡོམས་འབད་ཚུགས། དགོས་མཁོ་འདི་ ཡིག་ཆ་འདི་ཙུ་ སོ་སོ་འགྱུར་ནི་རྐྱངམ་ཅིག་དང་ དྲན་ཐོ་བཀོད་ཡོད་པའི་བསྒྱུར་བཅོས་འདི་ནང་ གྲངས་སུ་མ་བརྩིས་པར་ རྐྱངམ་ཅིག་ཨིན་ - ཚིག་ཡིག་ངོ་མ་གཞན་མི་ཆ་མཉམ་ དབྱེར་མེད་ཨིན་དགོ།
ཁྱོད་ཀྱིས་འདྲ་བཤུས་ཚུ་ཆ་མཉམ་མཉམ་བསྡོམས་འབད་ནི་ཨིན་མི་ནང་ལུ་ཡིག་ཆ་ངོ་མ་ཁ་ཕྱེ།
Choose Edit - Track Changes - Merge Document. A file selection dialog appears.
ཌའི་ལོག་ལས་ཡིག་ཆ་གི་འདྲ་བཤུས་སེལ་འཐུ་འབད། ཡིག་ཆ་ངོ་མ་ལུ་བསྒྱུར་བཅོས་ཚུ་ཤུལ་ལས་མེད་པ་ཅིན་ འདྲ་བཤུས་འདི་ངོ་མ་ནང་ལུ་མཉམ་བསྡོམས་འབདཝ་ཨིན།
ཡིག་ཆ་ངོ་མ་ལུ་བསྒྱུར་བཅོས་ཚུ་བཟོ་ཡོད་པ་ཅིན་ ཁྱོད་ལུ་མཉམ་བསྡོམས་འདི་མཐར་མ་འཁྱོལ་བའི་བརྡ་སླབ་མི་འཛོལ་བའི་ཌའི་ལོག་འབྱུངམ་ཨིན།
ཁྱོད་ཀྱིས་ཡིག་ཆ་ཚུ་མཉམ་བསྡོམས་འབད་བའི་ཤུལ་ལས་ཁྱོད་ཀྱིས་ཡིག་ཆ་ངོ་མ་ནང་འདྲ་བཤུས་ལས་སྒྲ་བཟུང་འབད་ཡོད་པའི་བསྒྱུར་བཅོས་ཚུ་མཐོང་འོང་།