མའི་ཀོརོ་སོཕཊི་ཨོ་ཕིསི་དང་LibreOfficeལག་ལེན་འཐབ་དོ།

LibreOffice can open and save documents in the Microsoft Office file formats, including Microsoft Office Open XML formats.

མའི་ཀོརོ་སོཕཊི་ཨོ་ཕིསི་ཡིག་སྣོད་ཁ་ཕྱེ་དོ།

  1. ཡིག་སྣོད་ - ཁ་ཕྱེ་གདམ་ཁ་རྐྱབས།. LibreOffice ཡིག་སྣོད་ཁ་ཕྱེ་ཌའི་ལོག་ནང་མའི་ཀོརོ་སོཕཊི་ཨོ་ཕིསི་ཡིག་སྣོད་སེལ་འཐུ་འབད།

ཨེམ་ཨེསི་ཨོ་ཕིསི་ཡིག་སྣོད་...

...LibreOffice ཚད་གཞི་ནང་ཁ་ཕྱེ་འོང་།

Microsoft Word, *.doc, *.docx

LibreOffice རྩོམ་འབྲི་པ།

Microsoft Excel, *.xls, *.xlsx

LibreOffice ཀེལསི།

Microsoft PowerPoint, *.ppt, *.pps, *.pptx

LibreOffice ཨིམ་པེརེསི།


མའི་ཀོརོ་སོཕཊི་ཨོ་ཕིསི་ཡིག་སྣོད་སྦེ་སྲུང་བཞག་དོ།

  1. ཡིག་སྣོད་ - སྦེ་སྲུངས་གདམ་ཁ་རྐྱབས།.

  2. ཡིག་སྣོད་དབྱེ་བའི་སྒྲོམ་ནང་ མའི་ཀོརོ་སོཕཊི་ཨོ་ཕིསི་ཡིག་སྣོད་རྩ་སྒྲིག་སེལ་འཐུ་འབད།

མའི་ཀོརོ་སོཕཊི་ཨོ་ཕིསི་རྩ་སྒྲིག་ཚུ་ནང་སྔོན་སྒྲིག་གིས་ཡིག་ཆ་ཚུ་སྲུང་བཞག་འབད་དོ།

  1. Choose - Load/Save - General.

  2. ཚད་ལྡན་ཡིག་སྣོད་རྩ་སྒྲིག་མངའ་ཁོངས་ནང་ དང་པ་རང་ཡིག་ཆའི་དབྱེ་བ་སེལ་འཐུ་འབད་ དེ་ལས་སྲུངས་བཞག་འབད་ནིའི་དོན་ལས་ཡིག་སྣོད་ཀྱི་དབྱེ་བ་སེལ་འཐུ་འབད།

ད་ལས་ཕར་ ཁྱོད་ཀྱིས་ཡིག་ཆ་ཅིག་སྲུང་བཞག་འབད་བ་ཅིན་ ཡིག་སྣོད་དབྱེ་བ་ འདི་ ཁྱོད་རའི་གདམ་དང་འཁྲིལ་ཏེ་གཞི་སྒྲིག་འབད་འོང་། མ་པ་འདི་ ཁྱོད་ཀྱིས་ ཡིག་སྣོདདབྱེ་བ་གཞན་མི་ཅིག་ ཡིག་སྣོད་སྲུང་བཞག་ཌའི་ལོག་འདི་ནང་ལུ་སེལ་འཐུ་འབད་བཏུབ།

ཁ་ཕྱེ་ཡིག་ཆ་རྩ་སྒྲིག་ནང་ལུ་མའི་ཀོརོ་སོཕཊི་ཨོ་ཕིསི་ཡིག་སྣོད་ཚུ་ལེ་ཤ་ཅིག་གཞི་བསྒྱུར་འབད་དོ།

ཡིག་ཆ་གཞི་བསྒྱུར་འབད་མི་ཉི་ཛརཌི་ གིས་ མའི་ཀོརོ་སོཕཊི་ཡིག་ཚང་ཡིག་སྣོད་ཚུ་ཆ་མཉམ་ ཨོ་པཱན་ཌོ་ཀུ་མེནཊི་ ཡིག་སྣོད་རྩ་སྒྲིག་ནང་གི་ LibreOffice ཡིག་ཆ་ཅིག་ནང་ སྣོད་འཛིན་ཅིག་ལུ་ འདྲ་བཤུས་དང་གཞི་བསྒྱུར་འབད་འོང་། ཁྱོད་ཀྱིས་སྣོད་འཛིན་འདི་ལྷག་ཚུགས་ནིའི་དོན་ལས་ དང་སྣོད་འཛིན་འདི་ གཞི་བསྒྱུར་འབད་ཡོད་པའི་ཡིག་སྣོད་ཚུ་ ག་སྟེ་སྲུང་བཞག་འབད་ནི་ཨིན་ གསལ་བཀོད་འབད་བཏུབ།

  1. ཝི་ཛརཌི་འགོ་བཙུགས་ནི་ལུ་ཡིག་སྣོད་- ཝི་ཛརཌིསི་ - ཡིག་ཆ་སྒྱུར་བྱེད་ གདམ་ཁ་རྐྱབས།

མའི་ཀོརོ་སོཕཊི་ཨོ་ཕིསི་དང་LibreOfficeནང་མེཀ་རོསི།

མའི་ཀོརོ་སོཕཊི་ཡིག་ཚང་དང་ LibreOffice གིས་ མེཀ་རོ་ཨང་རྟགས་གཅིག་པ་གཡོག་བཀོལ་མི་བཏུབ། མའི་ཀོརོ་སོཕཊི་ཡིག་ཚང་གིས་ ཝི་བི་ཨེ་ (གློག་རིམ་ཚུ་གི་དོན་ལུ་མཐོང་ཚུགས་པའི་ གཞི་རིམ་) ཨང་རྟགས་ལག་ལེན་འཐབ་ཨིན་ དེ་ལས་ LibreOffice གིས་གཞི་རིམ་ཨང་རྟགས་ LibreOffice ཨེ་པི་ཨའི་ (གློག་རིམ་ལས་རིམ་ངོས་འདྲ་བ་) མཐའ་སྐོར་འདི་ལུ་གཞི་བཞག་ཐོག་ ལག་ལེན་འཐབ་ཨིན། ལས་རིམ་བཟོ་ནིའི་སྐད་ཡིག་འདི་གཅིག་པ་ཨིན་རུང་ དངོས་པོ་དང་ཐབས་ལམ་ཚུ་སོ་སོ་ཨིན།

note

The most recent versions of LibreOffice can run some Excel Visual Basic scripts if you enable this feature at - Load/Save - VBA Properties.


ཁྱོད་ཀྱིས་གློག་རིམ་ཚུ་ལས་གཅིག་ནང་ མེཀ་རོསི་ལག་ལེན་འཐབ་ཞིནམ་ལས་ ལས་འགན་གཅིག་པ་འདི་ གློག་རིམ་གཞན་མི་ནང་ལུ་ལག་ལེན་འཐབ་ནི་ཨིན་པ་ཅིན་ ཁྱོད་ཀྱིས་མེཀ་རོ་ཚུ་ཞུན་དག་འབད་དགོ། LibreOffice གིས་ མའི་ཀོརོ་སོཕཊི་ཡིག་ཚང་ཡིག་སྣོད་ཚུ་གི་ནང་འཁོད་ཡོད་མི་ མེཀ་རོ་འདི་མངོན་གསལ་འབད་ཚུགས་ དེ་ལས་ཁྱོད་ཀྱིས་ མེཀ་རོ་ཨང་རྟགས་འདི་ LibreOffice གཞི་རིམ་ ཨའི་ཌི་ཨི་ ཞུན་དག་པ་ནང་ལུ་ སྟོན་ནི་དང་ཞུན་དག་འབད་ཚུགས།

ཁྱོད་ཀྱིས་ཝི་བི་ཨེ་མེཀ་རོསི་ཉམས་སྲུང་ཡང་ན་བཏོན་གཏང་ནི་ལུ་གདམ་ཁ་རྐྱབས་ཚུགས།

ཝི་བི་ཨེ་མེཀ་རོ་ཨང་རྟགས་ཡོད་མི་ མའི་ཀོརོ་སོཕཊི་ཡིག་ཚང་ཡིག་ཆ་ཅིག་ཁ་ཕྱེ། སྤྱིར་བཏང་ནང་དོན་(ཚིག་ཡིག་ ནང་ཐིག་ ཚད་རིས་) ཚུ་རྐྱངམ་ཅིག་བསྒྱུར་བཅོས་འབད་ཞིནམ་ལས་མེཀ་རོ་ཚུ་ཞུན་དག་མ་འབད། ཡིག་ཆ་འདི་ མའི་ཀོརོ་སོཕཊི་ཡིག་ཚང་ཡིག་སྣོད་དབྱེ་བ་ཅིག་སྦེ་སྲུང་བཞག་འབད། ཡིག་སྣོད་འདི་ མའི་ཀོརོ་སོཕཊི་ཡིག་ཚང་ནང་ཁ་ཕྱེ་ དེ་ལས་ ཝི་བི་ཨེ་མེཀ་རོ་འདི་ ཧེ་མ་བཟུམ་འབད་ལཱ་འབད་འོང་།

ཁྱོད་ཀྱིས་མངོན་གསལ་ཡང་ན་སྲུང་བཞག་འབད་ནི་གུ་མའི་ཀོརོ་སོཕཊི་ཨོ་ཕིསི་ཡིག་སྣོད་ལས་ཝི་བི་ཨེ་མེཀ་རོསི་བཏོན་གཏང་།

  1. Choose - Load/Save - VBA Properties to set the VBA macro handling of LibreOffice.

Please support us!