Adding Graphics to the Gallery

ཁྱོད་ཀྱིས་སྟོན་ཁང་ནང་འདྲུད་-དང་-བཀོག་བཞག་གིས་ཐོག་ལས་ཨེཆ་ཊི་ཨེམ་ཨེལ་ཤོག་ལེབ་བཟུམ་ཡིག་ཆ་ལས་ཚད་རིས་བཞག་ཚུགས།

  1. ཁྱོད་ཀྱིས་ཚད་རིས་ཁ་སྐོང་རྐྱབ་ནི་ཨིན་མི་ལུ་སྟོན་ཁང་བརྗོད་དོན་བཀྲམ་སྟོན་འབད།

  2. ཨེབ་གཏང་མ་འབད་བར་ མཱའུསི་དཔག་བྱེད་འདི་ཚད་རིས་ཀྱི་ལྟག་ལུ་བཞག

  3. མའུསི་དཔག་བྱེད་འདི་ ལག་ཐོག་བརྡ་མཚོན་ལུ་བསྒྱུར་བཅོས་འབདཝ་ཨིན་པ་ཅིན་ ཚད་རིས་འདི་ཚད་བརྒལ་འབྲེལ་ལམ་ཅིག་ལུ་གཞི་བསྟུན་འབདཝ་ཨིན། འ་ནི་གནད་དོན་ནང་ལུ་ ལྡེ་མིག་འདི་ཨེབ་པའི་སྐབས་ རིམ་བཞིན་འབྲེལ་ལམ་འདི་ལག་ལེན་མ་འཐབ་པར་ སེལ་འཐུ་འབད་ནིའི་དོན་ལས་ ཚད་རིས་འདི་ཨེབ་གཏང་།

    མཱའུསི་དཔག་བྱེད་འདི་ལག་རྟགས་ལུ་བསྒྱུར་བཅོས་འབད་མ་བཏུབ་པ་ཅིན དེ་སེལ་འཐུ་འབད་ནི་ལུ་ཁྱོད་ཀྱིས་ཚད་རིས་འཇམ་སམ་སྦེ་ཨེབ་གཏང་་ཚུགས།

  4. ཚད་རིས་འདི་ཚར་གཅིག་སེལ་འཐུ་འབད་ཞིནམ་ལས་ མའུསི་ཨེབ་རྟ་འདི་གསར་བཏོན་འབད། མའུསི་ཨེབ་རྟ་འདི་ སྐར་ཆ་གཉིས་ལས་ལྷག་སྟེ་ཨེབ་བཞག་པའི་ཐོག་ ཚད་རིས་ཀྱི་གཟུགས་བརྙན་འདི་གུ་ལོག་ཨེབ་གཏང་། ཚད་རིས་ཀྱི་གཟུགས་བརྙན་འདི་ ནང་འཁོད་ཀྱི་དྲན་ཚད་འདི་ལུ་འདྲ་བཤུས་རྐྱབས་ཡོདཔ་ཨིན།

  5. མཱའུསི་ཨེབ་རྟ་འདི་འཛིན་གྲོལ་མ་འབད་བར་ སྟོན་ཁང་ནང་ལུ་ཚད་རིས་འདྲུད།

Please support us!