གནད་སྡུད་འབྱུང་ཁུངས་མཐོང་སནང་གཅིག་ཁར་འདྲུད་-དང་-བཀག་བཞག

གནད་སྡུད་འབྱུང་ཁུངས་ལས་ ཚིག་ཡིག་ཡང་ན་ ཤོག་ཁྲམ་ཡིག་ཆ་ ཡང་ན་ གནད་སྡུད་འབྱུང་ཁུངས་ཅིག་ལུ་གཞི་བཞག་ཐོག་འབྲི་ཤོག་གསར་བསྐྲུན་འབད་ནི་ འདི་འདྲ་བཤུས་རྐྱབས་ནིའི་ཐབས་ལམ་མགྱོགས་དྲགས་ཅིག་ཨིན།

མཱའུསི་དཔག་བྱེད་འདི་གིས་གནད་སྡུད་འདྲ་བཤུས་རྐྱབ་དོ།

འདྲུད་-དང་-བཀག་བཞག་གཅིག་ཁར་འདྲ་བཤུས་རྐྱབ་དོ།

ཁྱོད་ཀྱིས་ འདྲུད་-དང་-བཀོག་བཞག་ཅིག་རིམ་ལོག་འབད་ནི་ཨིན་པ་ཅིན་ འོད་རྟགས་འདི་ཁྱོད་རའི་ཡིག་ཆ་ནང་ལུ་གནས་ས་བཟོ་ དེ་ལས་ ཞུན་དག་ - འབད་བཤོལ་གདམ་ཁ་རྐྱབས།

tip

ཡིག་ཆ་ཅིག་ལས་ གནད་སྡུད་འབྱུང་ཁུངས་ཅིག་ནང་ལུ་ འདྲུད་-དང་-བཀོག་བཞག་གིས་འབད་ འདྲ་བཤུས་རྐྱབས་ནི་འདི་ཡང་འབད་ཚུགས།


tip

ཚིག་ཡིག་ཐིག་ཁྲམ་ཡང་ན་ ཤོག་ཁྲམ་ཅིག་གི་སེལ་འཐུ་འབད་ཡོད་པའི་ཁྱབ་ཚད་འདི་ གནད་སྡུད་འབྱུང་ཁུངས་ཐབས་འཚོལ་ནི་འདི་ནང་གི་ ཐིག་ཁྲམ་འཛིན་སྣོད་ཅིག་ལུ་ འདྲུད་-དང་-བཀོག་བཞག་ ལག་ལེན་འཐབ་ཐོག་ འདྲུད་ཚུགས།


tip

ཚིག་ཡིག་རྐྱང་པོ་འདི་ འདྲུད་-དང་-བཀོག་བཞག་ལག་ལེན་འཐབ་ཐོག་ ཡིག་ཆ་གཅིག་ལས་ གནད་སྡུད་འབྱུང་ཁུངས་མཐོང་སྣོང་ནང་གི་ གནད་སྡུད་ས་སྒོ་ཅིག་ལུ་ འདྲ་བཤུས་རྐྱབས་ཚུགས།


ཚིག་ཡིག་ཡིག་ཆ་ནང་གནད་སྡུད་ལག་ལེན་འཐབ་དོ།

ཁྱོད་ཀྱིས་གནད་སྡུད་གཞི་རྟེན་གྱི་ས་སྒོ་ཅིག་ ཚིག་ཡིག་གི་ཡིག་ཆ་ཅིག་ནང་ལུ་ ས་སྒོའི་མིང་ཅིག་ གནད་སྡུད་འབྱུང་ཁུངས་མཐོང་སྣང་གི་ཀེར་ཐིག་མགོ་ཡིག་འདི་ལས་ ཡིག་འདི་ནང་ལུ་ འདྲུད་པའི་ཐོག་ བཙུགས་ཚུགས། འ་ནི་འདི་ ཡིག་གུ་ཚུ་ལས་བཀོད་སྒྲིག་འབད་བའི་སྐབས་ལྷག་པར་དུ་ཕན་ཐོགས་ཅན་ཨིན། རེ་འདུན་ཡོད་པའི་ས་སྒོ་ཚུ་ - ཁྱིམ་ཁ་བྱང་ ཁ་བྱང་གི་འབྲི་ཤོག་ དང་དེ་ལས་ལྷག་སྟེ་ ཁྱོད་རའི་ཡིག་ཆ་ནང་ལུ་འདྲུད།

དྲན་ཐོ་ཆ་ཚང་ཅིག་བཙུག་ནིའི་དོན་ལས་ ཆ་མཉམ་པའི་མགོ་ཡིག་འདི་སེལ་འཐུ་འབད་ཞིནམ་ལས་ ཡིག་ཆ་ནང་ལུ་འདྲུད། ཁྱོད་ཀྱིས་མའུསི་ཨེབ་རྟ་འདི་གསར་བཏོན་འབད་བའི་སྐབས་ གནད་སྡུད་གཞི་རྟེན་ཀེར་ཐིག་ ཌའི་ལོག་ ཁྱོད་ཀྱིས་ ཡང་ཅིན་ གནད་སྡུད་གཞི་རྟེན་ས་སྒོ་ཚུ་ཆ་མཉམ་ལག་ལེན་འཐབ་ནི་ཨིན་ན་དང་ ཡང་ཅིན་གནད་སྡུད་འདི་ ཚིག་ཡིག་ ཐིག་ཁྲམ་ ཡང་ན་ས་སྒོ་སྦེ་ཡིག་ཆ་འདི་ནང་ལུ་འདྲ་བཤུས་རྐྱབས་ནི་ཨིན་ན་ གྲོས་ཐག་བཅད་ཚུགས་མི་ འབྱུངམ་ཨིན། ད་ལྟོ་སེལ་འཐུ་འབད་འབད་བའི་དྲན་ཐོ་ཚུ་ཆ་མཉམ་བཙུགས་འོང་།

ཐིག་ཁྲམ་ཡིག་ཆ་ལུ་གནད་སྡུད་འཇུག་སྤྱོད་འབད་དོ།

ཁྱོད་ཀྱིས་དྲན་ཐོ་གཅིག་ཡང་ན་དེ་ལས་ལྷག་སྟེ་ ཤོག་ཁྲམ་ཅིག་གི་ད་ལྟོའི་ལེབ་གྲངས་འདི་ནང་ལུ་ གནད་སྡུད་འབྱུང་ཁུངས་མཐོང་སྣང་འདི་ནང་ལུ་ གྲལ་ཐིག་ཚུ་སེལ་འཐུ་འབད་ཐོག་ དང་ དེ་ཚུ་ཤོག་ཁྲམ་ནང་འདྲུད་ནི་ དང་བཀོག་བཞག་ནི་འབད་ཐོག་ བཙུགས་ཚུགས། གནད་སྡུད་འདི་ ཁྱོད་ཀྱིས་མའུསི་ཨེབ་རྟ་འདི་ གསར་བཏོན་འབད་སའི་ས་གནས་ལུ་བཙུགསཔ་ཨིན།

ཚིག་ཡིག་འབྲི་ཤོག་ནང་ཚད་འཛིན་ཚུ་བཙུགས་དོ།

ཁྱོད་ཀྱིས་གནད་སྡུད་གཞི་རྟེན་ལུ་འབྲེལ་མཐུད་འབད་ཡོད་མི་ ཚིག་ཡིག་འབྲི་ཤོག་ཅིག་གསར་བསྐྲུན་འབད་བའི་སྐབས་ ཁྱོད་ཀྱིས་ཚད་འཛིན་ཚུ་ གནད་སྡུད་འབྱུང་ཁུངས་མཐོང་སྣང་འདི་ལས་ འདྲུད་-དང་-བཀོག་བཞག་གིས་སྦེ་ བཟོ་བཏོན་འབད་ཚུགས།

ཚིག་ཡིག་ཡིག་ཆའི་ནང་ལུ་ གནད་སྡུད་གཞི་རྟེན་ཅིག་འདྲུད་པའི་སྐབས་ ཁྱོད་ཀྱིས་ ས་སྒོ་ཅིག་བཙུགཔ་ཨིན། ཁྱོད་ཀྱིས་ འདྲུད་པའི་ཚེ་ སོར་ལྡེ་+ མར་འབད་བཟུང་པ་ཅིན་ ཚིག་ཡིག་ས་སྒོ་འདི་ བཙུགཔ་ཨིནམ་དང་ འོས་ལྡན་ཁ་ཡིག་ས་སྒོ་དང་གཅིག་ཁར་ སྡེ་ཚན་བཟོ་ཡོདཔ་ཨིན། ཚིག་ཡིག་ས་སྒོ་ནང་ལུ་ འབྲི་ཤོག་ལུ་དགོ་པའི་གནད་སྡུད་གཞི་རྟེན་གྱི་བརྡ་དོན་འདི་ ཧེ་མ་ལས་འདི་ནང་ཡོདཔ་ཨིན།

Please support us!