འདྲི་དཔྱད་ཚུ་དང་གཅིག་ཁར་ལཱ་འབད་དོ།

ཁྱོད་ཀྱིས་འཕྲལ་འཕྲལ་ ཚགས་མའི་གནས་སྟངས་ཅིག་གིས་ལེགས་ཤོམ་སྦེ་ངེས་འཛིན་འབད་བཏུབ་མི་ ཁྱོད་རའི་གནད་སྡུད་ཀྱི་ ཆ་ཚན་ཡན་ལག་ཅིག་རྐྱངམ་ཅིག་ འཛུལ་སྤྱོད་འབད་ནི་ཨིན་པ་ཅིན་ ཁྱོད་ཀྱིས་འདྲི་དཔྱད་ཅིག་ངེས་འཛིན་འབད་བཏུབ། འ་ནི་འདི་གཙོ་བོ་ར་ བཙགས་ཡོད་པའི་གནད་སྡུད་ཀྱི་ མཐོང་སྣང་གསརཔ་འདི་གི་དོན་ལུ་ མིང་ཅིག་ཨིན། ཁྱོད་ཀྱིས་འདྲི་དཔྱད་འདི་ཁ་ཕྱེ་ཞིནམ་ལས་ ཐིག་ཁྲམ་སྒྲིག་བཀོད་ནང་ལུ་ ཁྱོད་ཀྱིས་ངེས་འཛིན་འབད་མི་ ད་ལྟོའི་གནད་སྡུད་འདི་བལྟ།

འདྲི་དཔྱད་ཝི་ཛརཌི་གཅིག་ཁར་འདྲི་དཔྱད་གསརཔ་གསར་བསྐྲུན་འབད་དོ།

LibreOffice ནང་ཁྱོད་ཀྱིས་འདྲི་དཔྱད་ཝི་ཛརཌི་ལག་ལེན་འཐབ་ཐོག་ལས་ འདྲི་དཔྱད་གསརཔ་གསར་བསྐྲུན་འབད་ཚུགས།:

  1. ཁྱོད་ཀྱིས་འདྲི་དཔྱད་གསརཔ་གསར་བསྐྲུན་འབད་ནི་ཨིན་ན་དེ་ཁར་གནད་སྡུད་གཞི་རྟེན་ཡིག་སྣོད་ཁ་ཕྱེ།

  2. གནད་སྡུད་གཞི་རྟེན་སྒོ་སྒྲིག་གི་གཡོན་གྱི་པེན་ནང་ འདྲི་དཔྱད་ ངོས་དཔར་ཨེབ་གཏང་།

  3. འདྲི་དཔྱད་གསར་བསྐྲུན་འབད་ནི་ལུ་ཝི་ཛརཌི་ལག་ལེན་འཐབ་ཨེབ་གཏང་།.

བཀོད་བསྒྲིག་མཐོང་སྣང་གཅིག་ཁར་འདྲི་དཔྱད་གསརཔ་གསར་བསྐྲུན་འབད་དོ།

  1. ཁྱོད་ཀྱིས་འདྲི་དཔྱད་གསརཔ་གསར་བསྐྲུན་འབད་ནི་ཨིན་ན་དེ་ཁར་གནད་སྡུད་གཞི་རྟེན་ཡིག་སྣོད་ཁ་ཕྱེ།

  2. གནད་སྡུད་གཞི་རྟེན་སྒོ་སྒྲིག་གི་གཡོན་གྱི་པེན་ནང་ འདྲི་དཔྱད་ ངོས་དཔར་ཨེབ་གཏང་།

  3. བཀོད་བསྒྲིག་མཐོང་སྣང་ནང་འདྲི་དཔྱད་གསར་བསྐྲུན་འབད་ཨེབ་གཏང་།.

You see the Query Design window.

Please support us!