གཞི་རྟེན་ནང་ གནད་སྡུད་ ནང་འདྲེན་དང་ཕྱིར་འདྲེན་འབད་དོ་

གནད་སྡུད་གཞི་རྟེན་གྱི་་ཐིག་ཁྲམ་ཚུ་ ནང་འདྲེན་དང་ཕྱིར་འདྲེན་འབད་ནིའི་ཐབས་ལམ་འཇམ་ཏོང་ཏོ་གིས་ ཀེལཀི་འདི་ "helper application"སྦེ་ ལག་ལེན་འཐབ་ཨིན།

གཞི་རྟེན་ནང་ལས་ གནད་སྡུད་ཕྱིར་འདྲེན་འབད་དོ་

གཞི་རྟེན་ནང་ལས་ ཐིག་ཁྲམ་ཅིག་ ཀེལཀི་ལེབ་གྲངས་ཅིག་ནང་ འདྲ་བཤུས་རྐྱབས་ དེ་ལས་ གནད་སྡུད་འདི་ ཀེལཀི་གིས་རྒྱབ་སྐྱོར་འབད་བའི་ཡིག་སྣོད་རྩ་སྒྲིག་གང་རུང་ཅིག་ལུ་ སྲུང་བཏུབ་ ཡངན་ ཕྱིར་འདྲེན་འབད་བཏུབ།

  1. ཕྱིར་འདྲེན་འཐབ་ནི་ཨིན་པའི་གནད་སྡུད་གཞི་རྟེན་གྱི་ཐིག་ཁྲམ་དང་ལྡན་པའི་གནད་སྡུད་གཞི་རྟེན་གྱི་ཡིག་སྣོད་ ཁ་ཕྱེ། ཐིག་ཁྲམ་བལྟ་ནི་གི་དོན་ལས་ ཐིག་ཁྲམ་གུ་ཨེབ་གཏང་འབད་ ཡངན་ འདྲི་དཔྱད་བལྟ་ནི་གི་དོན་ལུ་ འདྲི་དཔྱད་གུ་ཨེབ་གཏང་འབད།

  2. ཡིག་སྣོད་ - གསརཔ་ - ཤོག་ཁྲམ་ གདམ་ཁ་རྐྱབས།

  3. གཞི་རྟེན་སྒོ་སྒྲིག་ནང་ ཕྱིར་འདྲེན་འབད་ནི་གི་དོན་ལུ་ མིང་གི་གུ་ཨེབ་་གཏང་འབད། སྐབས་དོན་དཀར་ཆང་ནང་ལས་ འདྲ་བཤུས་ གདམ་ཁ་རྐྱབས།

  4. སྒོ་སྒྲིག་གསརཔ་ནང་ ནང་ཐིག་ཨེ་༡་ གུ་ཨེབ་གཏང་འབད་ཞིནམ་ལས་ ཞུན་དག་ - སྦྱར་ གདམ་ཁ་རྐྱབས།

ད་འབདན་ཁྱོད་ཀྱིས་ ཡིག་སྣོད་ཀྱི་དབྱེ་བ་མང་ཤོས་ཅིག་ནང་ལུ་ སྲུང་ནི་ནང་ཕྱིར་འདྲེན་ཚུ་འབད་བཏུབ།

གཞི་རྟེན་ལུ་ གནད་སྡུད་ནང་འདྲེན་འབད་དོ་

note

ཁྱོད་ཀྱིས་ ཚིག་ཡིག་ཡིག་སྣོད་ཚུ་དང་ ཤོག་ཁྲམ་ཡིག་སྣོད་ དེ་ལས་ ཁྱོད་རའི་རིམ་ལུགས་ཁ་ཡིག་ཀི་དེབ་ཚུ་ ལྷག་ནི་རྐྱངམ་ཅིག་ཐབས་ལམ་ཟེར་མི་ནང་ལུ་ནང་འདྲེན་འབད་ཚུགས།


note

ཁྱོད་ཀྱིས་ ཚིག་ཡིག་ ཡང་ན་ ཤོག་ཁྲམ་ཡིག་སྣོད་ཅིག་ནང་ལས་ནང་འདྲེན་འབད་བའི་སྐབས་ལུ་ ཡིག་སྣོད་དེ་ལུ་ མགོ་ཡིག་བརྡ་དོན་གྱི་གྲལ་ཐིག་ཅིག་འོང་དགོཔ་ཨིན། ཡིག་སྣོད་ཀྱི་གྲལ་ཐིག་གཉིས་པམ་འདི་ ནུས་ཅན་གྱི་གནད་སྡུད་གྲལ་ཐིག་དང་པ་ཨིན། གྲལ་ཐིག་གཉིས་པའི་ནང་ལུ་ཡོད་མི་ས་སྒོ་རེ་རེ་གིས་ ཀེར་ཐིག་ཧྲིལ་བུ་གི་དོན་ལུ་རྩ་སྒྲིག་གཏན་འབེབས་བཟོཝ་ཨིན། གཞི་རྟེན་ལུ་ནང་འདྲེན་འབད་བའི་སྐབས་ལུ་ ཤོག་ཁྲམ་ཡིག་སྣོད་ནང་ལས་རྩ་སྒྲིག་བརྡ་དོན་གང་རུང་ཅིག་བརླག་སྟོར་ཞུགསཔ་ཨིན།


note

དཔེའ་བད་བ་ཅིན་ ཀེར་ཐིག་དང་པ་དེ་ལུ་ཚིག་ཡིག་རྩ་སྒྲིག་ཅིག་ཡོདཔ་ངེས་གཏན་བཟོ་ནིའི་དོན་ལུ་ ནུས་ཅན་གྱི་གནད་སྡུད་གྲལ་ཐིག་དང་པའི་ས་སྒོ་དང་པ་དེ་ནང་ལུ་ ཚིག་ཡིག་དེ་ཡོདཔ་ངེས་ཏིག་བཟོ་དགོ ནུས་ཅན་གྱི་གནད་སྡུད་གྲལ་ཐིག་དང་པའི་ནང་ལུ་ཡོད་མི་ས་སྒོ་དེ་ནང་ལུ་ཨང་ཡིག་ཅིག་ཡོད་པ་ཅིན་ ཀེར་ཐིག་ཧྲིལ་བུམ་ཨང་གྲས་རྩ་སྒྲིག་དང་ ཨང་གྲངས་རྐྱངམ་ཅིག་ ཚིག་ཡིག་མེད་མི་ལུ་གཞི་སྒྲིག་འབདཝ་ཨིནམ་དང་ ཀེར་ཐིག་དེ་ནང་ལུ་སྟོནམ་ཨིན།


  1. ཁྱོད་རང་གིས་དགོ་མི་ གནད་སྡུད་གཞི་རྟེན་གྱི་དབྱེ་བའི་གཞི་རྟེན་ཡིག་སྣོད་ཅིག་ ཁ་ཕྱེ།

    Either create a new Base file using the Database Wizard, or open any existing Base file that is not read-only.

  2. གཞི་རྟེན་ནང་འདྲེན་འབད་ནི་ཨིན་པའི་གནད་སྡུད་དང་ལྡན་པའི་ཀེལཀི་ཡིག་སྣོད་ ཁ་ཕྱེ། ཁྱོད་ཀྱིས་ *.dbf ཌི་བེསི་ ཡིག་སྣོད་ཅིག་ ཡངན་ ཡིག་སྣོད་དབྱེ་བ་མང་རབ་ཅིག་ཁ་ཕྱེ་ཚུགས།

  3. གཞི་རྟེན་ལུ་འདྲ་བཤུས་བརྐྱབ་ནི་ཨིན་པའི་གནད་སྡུད་ སེལ་འཐུ་འབད།

    ཁྱོད་ར་ བཤུད་སྒྲིལ་འབད་དགོ་མ་མནོ་བ་ཅིན་ ཨེ་༡: ཨེགསི་༥༠༠ བཟུམ་གྱི་ཁྱབ་ཚད་གཞི་བསྟུན་ཅིག་ མིང་སྒྲོམ་ནང་བཙུག་ཚུགས།

    ཌི་བེསི་ལེབ་གྲངས་འདྲ་བཤུས་བརྐྱབ་པ་ཅིན་ མགོ་ཡིག་གནད་སྡུད་དང་ལྡན་པའི་མགུ་གི་གྲལ་ཐིག་འདི་ཡང་གྲངས་ཚུ་བཙུགས།

  4. ཞུན་དག་ - འདྲ་བཤུས་ གདམ་ཁ་རྐྱབས།

  5. གཞི་རྟེན་སྒོ་སྒྲིག་ནང་ལུ་ ཐིག་ཁྲམ་ཚུ་མཐོང་ནི་གི་དོན་ལས་ ཐིག་ཁྲམ་ ལུ་ཨེབ་གཏང་འབད།

  6. གཞི་རྟེན་སྒོ་སྒྲིག་ནང་ལུ་ ཞུན་དག་ - སྦྱར་ གདམ་ཁ་རྐྱབས།

  7. ཁྱོད་ཀྱིས་ འདྲ་བཤུས་ཐིག་ཁྲམ་གྱི་ཌའི་ལོག་མཐོང་ཚུགས། གནད་སྡུད་གཞི་རྟེན་མང་ཤོས་ཅིག་ལུ་ར་ གཞི་རིམ་ལྡེ་མིག་འདི་དགོཔ་ཨིན་ དེ་འབད་བ་ཅིན་ ཁྱོད་ཀྱིས་ གཞི་རིམ་ལྡེ་མིག་གསར་བསྐྲུན་འབད་ སྒྲོམ་འདི་ ཞིབ་དཔྱད་འབད་དགོ་མནོ་འོང་།

tip

On Windows systems, you can also use drag-and-drop instead of Copy and Paste. Also, for registered databases, you can open the datasource browser (press + Shift + F4 keys) instead of opening the Base window.


Please support us!