འབྲི་ཤོག་ཚུ་དང་གཅིག་ཁར་ལཱ་འབད་དོ།

འབྲི་ཤོག་ཚུ་ལག་ལེན་འཐབ་ཐོག་ ཁྱོད་ཀྱིས་ གནད་སྡུད་འདི་ག་དེ་སྦེ་གསལ་སྟོན་འབད་ནི་ཨིན་ན་ ངེས་འཛིན་འབད་ཚུགས། ཚིག་ཡིག་གི་ཡིག་ཆ་ཅིག་ ཡང་ན་ཤོག་ཁྲམ་ཅིག་ཁ་ཕྱེ་ཞིནམ་ལས་ དཔེར་ན་ འཕུལ་ནིའི་ཨེབ་རྟ་ དང་ཐོ་ཡིག་སྒྲོམ་ བཟུམ་གྱི་ཚད་འཛིན་ཚུ་བཙུགས། ཚད་འཛིན་འདི་གི་རྒྱུ་དངོས་ཌའི་ལོག་ནང་ལུ་ ཁྱོད་ཀྱིས་ འབྲི་ཤོག་འདི་གིས་གནད་སྡུད་ག་འདི་བཀྲམ་སྟོན་འབད་དགོཔ་ཨིན་ན་ ངེས་འཛིན་འབད་ཚུགས།

འབྲི་ཤོག་ཝི་ཛརཌི་དང་གཅིག་ཁར་འབྲི་ཤོག་གསརཔ་གསར་བསྐྲུན་འབད་དོ།

LibreOffice ནང་ ཁྱོད་ཀྱིས་འབྲི་ཤོག་ཝི་ཛརཌི་ལག་ལེན་འཐབ་ཐོག་ལས་ འབྲི་ཤོག་གསརཔ་གསར་བསྐྲུན་འབད་ཚུགས།:

  1. ཁྱོད་ཀྱིས་འབྲི་ཤོག་གསརཔ་འདི་ག་སྟེ་ལུ་གསར་བསྐྲུན་འབད་ནི་ཨིན་ན་གནད་སྡུད་གཞི་རྟེན་ཡིག་སནོད་ཁ་ཕྱེ།

  2. གནད་སྡུད་གཞི་རྟེན་སྒོ་སྒྲིག་གི་གཡོན་གྱི་པེན་ནང་ འབྲི་ཤོག་ཚུའི་ ངོས་དཔར་ཨེབ་གཏང་།

  3. འབྲི་ཤོག་གསར་བསྐྲུན་འབད་ནི་ལུ་ཝི་ཛརཌི་ལག་ལེན་འཐབ་ཨེབ་གཏང་།.

འབྲི་ཤོག་གསརཔ་ལག་ཐོག་ལས་གསར་བསྐྲུན་འབད་དོ།

  1. ཁྱོད་ཀྱིས་འབྲི་ཤོག་གསརཔ་འདི་ག་སྟེ་ལུ་གསར་བསྐྲུན་འབད་ནི་ཨིན་ན་གནད་སྡུད་གཞི་རྟེན་ཡིག་སནོད་ཁ་ཕྱེ།

  2. གནད་སྡུད་གཞི་རྟེན་སྒོ་སྒྲིག་གི་གཡོན་གྱི་པེན་ནང་ འབྲི་ཤོག་ཚུའི་ ངོས་དཔར་ཨེབ་གཏང་།

  3. བཀོད་བསྒྲིག་མཐོང་སྣང་ནང་འབྲི་ཤོག་གསར་བསྐྲུན་འབད་ཨེབ་གཏང་།.

ཚིག་ཡིག་ཡིག་ཆ་གསརཔ་ཁ་ཕྱེཝ་ཨིན། འབྲི་ཤོག་ཚད་འཛིན་ཚུ་བཙུགས་ནི་ལུ་ འབྲི་ཤོག་ཚད་འཛིན་ཚུ་ལག་ལེན་འཐབ།

དྲན་འཛིན་ངོས་དཔར།

འབྲི་ཤོག་གི་ ངོས་དཔར་འདི་ ད་ལྟོའི་གནད་སྡུད་གཞི་རྟེན་སྒོ་སྒྲིག་གི་ནང་འཁོད་ལས་ གསར་བསྐྲུན་འབད་ཡོད་མི་ འབྲི་ཤོག་ཆ་མཉམ་ འཛུལ་སྤྱོད་འབད་ནིའི་དོན་ལས་ཨེབ་གཏང་། ཁ་སྐོང་ལུ་ ཁྱོད་ཀྱིས་ འབྲི་ཤོག་ཚད་འཛིན་གྱི་ ངོས་དཔར་ཚུ་ གནད་སྡུད་གཞི་རྟེན་ འབྲི་ཤོག་ཚད་འཛིན་ཚུ་ རྩོམ་འབྲི་པ་ཡང་ན་ཀེལཀི་ཡིག་ཆ་ག་ཅི་འབད་རུང་ དེ་ལུ་ཁ་སྐོང་རྐྱབས་ནིའི་དོན་ལས་ ལག་ལེན་འཐབ་བཏུབ་ དེ་འབདཝ་ད་ འ་ནི་ཡིག་ཆ་ཚུ་ གནད་སྡུད་གཞི་རྟེན་སྒོ་སྒྲིག་འདི་ནང་ལུ་ཐོ་བཀོད་འབད་འདི་མི་འོང་།


Please support us!