ཚིག་ཡིག་རྩ་སྒྲིག་ནང་ནང་འདྲེན་དང་ཕྱིར་འདྲེན་འབད་ནིའི་གནད་སྡུད།

ཁྱོད་ཀྱིས་ ཨོ་ཌི་བི་སི་འབྲེལ་ལམ་མེད་མི་དང་ ཌི་གཞི་རྟེན་ ནང་འདྲེན་དང་ཕྱིར་འདྲེན་འབད་མ་བཅུག་མི་ གནད་སྡུད་གཞི་རྟེན་ཅིག་དང་གཅིག་ཁར་བརྗེ་སོར་འབད་དགོ་མནོ་བ་ཅིན་ ཁྱོད་ཀྱིས་མཐུན་མོང་གི་ཚིག་ཡིག་རྩ་སྒྲིག་ཅིག་ལག་ལེན་འཐབ་བཏུབ།

གནད་སྡུད་འདི་ LibreOfficeནང་ལུ་ ནང་འདྲེན་འབད་དོ་

ཚིག་ཡིག་རྩ་སྒྲིག་ནང་གནད་སྡུད་བརྗེ་སོར་འབད་ནི་ལུ་LibreOffice ཀེལསི་ནང་འདྲེན་/ཕྱིར་འདྲེན་ཚགལ་མ་ལག་ལེན་འཐབ།

  1. རེ་འདུན་ཡོད་པའི་གནད་སྡུད་འདི་ འབྱུང་ཁུངས་གནད་སྡུད་འདི་ལས་ ཚིག་ཡིག་གི་རྩ་སྒྲིག་ཅིག་ནང་ལུ་ཕྱིར་འདྲེན་འབད། སི་ཨེསི་ཝི་ཚིག་ཡིག་གི་རྩ་སྒྲིག་འདི་འོས་སྦྱོར་འབད་ཡོདཔ། འ་ནི་རྩ་སྒྲིག་འདི་གིས་ དབྱེ་རྟགས་ དཔེར་ན་ ལྷོད་རྟགས་ ཡང་ན་སེ་མི་ཀོ་ལཱོན་བཟུམ་ཚུ་ལག་ལེན་འཐབ་ཐོག་ གནད་སྡུད་ས་སྒོ་ཚུ་སོ་སོ་འཕྱལཝ་ཨིན་ དེ་ལས་ གྲལ་ཐིག་གྱི་བར་མཚམས་ཚུ་བཙུགས་ཐོག་ དྲན་ཐོ་ཚུ་སོ་སོ་འཕྱལཝ་ཨིན།

  2. File - ཁ་ཕྱེ་ གདམ་ཁ་བརྐྱབ་ཞིནམ་ལས་ ནང་འདྲེན་འབད་ནི་ལུ་ ཡིག་སྣོད་གུ་ཨེབ་གཏང་འབད།

  3. ཡིག་སྣོད་ཀྱི་དབྱེ་བ་ཀོམ་བོ་སྒྲོམ་ནང་ལས་ "Text CSV"སེལ་འཐུ་འབད། ཁ་ཕྱེ་གུ་ཨེབ་གཏང་འབད།

  4. ཚིག་ཡིག་ ནང་འདྲེན་ ཌའི་ལོག་འབྱུངམ་ཨིན། ཚིག་ཡིག་ཡིག་ཆ་ལས་གནད་སྡུད་ག་འདི་གྲངས་སུ་བཙུགས་ནི་ཨིན་ན་ཐག་བཅད།

གནད་སྡུད་འདི་ཚར་གཅིག་ LibreOffice ཀེལཀི་ཤོག་ཁྲམ་ནང་ལུ་ཨིན་ཞིནམ་ལས་ ཁྱོད་ཀྱིས་དགོ་དོ་བཟུམ་སྦེ་ཞུན་དག་འབད་བཏུབ། གནད་སྡུད་འདི་ LibreOffice གནད་སྡུད་འབྱུང་ཁུངས་བཟུམ་སྦེ་ སྲུང་བཞག་འབད་:

སི་ཨེསི་ཝི་ཚིག་ཡིག་རྩ་སྒྲིག་ནང་ཕྱིར་འདྲེན་འབད་དོ།

ཁྱོད་ཀྱིས་ད་ལྟོའི་ LibreOffice ཤོག་ཁྲམ་འདི་ གློག་རིམ་གཞན་མི་ལེ་ཤ་གི་ཐོག་ལས་ལྷག་བཏུབ་མི་ ཚིག་ཡིག་གི་རྩ་སྒྲིག་ཅིག་ནང་ལུ་ ཕྱིར་འདྲེན་འབད་བཏུབ།

  1. ཡིག་སྣོད་ - བཟུམ་སྦེ་སྲུངས་གདམ་ཁ་རྐྱབས།.

  2. ཡིག་སྣོད་དབྱེ་བ་ནང་ ཚགས་མ་ "ཚིག་ཡིག་ སི་ཨེསི་ཝི་་"སེལ་འཐུ་འབད། ཡིག་སྣོད་ཀྱི་མིང་བཙུགས་ཞིནམ་དང སྲུངས་ཨེབ་གཏང་།.

  3. འདི་གིས་ ཚིག་ཡིག་ཡིག་སྣོད་ཀྱི་ཕྱིར་འདྲེན་ ཌའི་ལོག་ ཁྱོད་ཀྱིས་ཡིག་འབྲུའི་ཆ་ཚན་ ས་སྒོ་དབྱེ་རྟགས་ དང་ཚིག་ཡིག་དབྱེ་རྟགས་ སེལ་འཐུ་འབད་བཏུབ་མི་འདི་ ཁ་ཕྱེཝ་ཨིན། བཏུབ་ཨེབ་གཏང་། ཉེན་བརྡ་ཅིག་གིས་ཁྱོད་ལུ་ ཤུགས་ལྡན་ལེབ་གྲངས་འདི་རྐྱངམ་ཅིག་སྲུང་བཞག་འབད་ཡོདཔ་སྦེ་ བརྡ་སླབ་ཨིན།

Please support us!