ཁ་བྱང་ཀི་དེབ་ཐོ་བཀོད་དོ།

LibreOffice ནང་ལུ་ ཁྱོད་ཀྱིས་ གནད་སྡུད་ཀྱི་འབྱུང་ཁུངས་སོསོ་ཐོ་བཀོད་འབད་བཏུབ། གནད་སྡུད་ས་སྒོའི་ནང་དོན་འདི་ཚུ་ ཁྱོད་ལུ་ ས་སྒོ་འདྲ་མིན་སྣ་ཚོགས་དང་ཚད་འཛིན་ཚུ་ནང་ལུ་ ལག་ལེན་འཐབ་ནིའི་དོན་ལས་འཐོབ་ཚུགསཔ་འོང་། ཁྱོད་ཀྱི་རིམ་ལུགས་ཁ་བྱང་ཀི་དེབ་འདི་ འདི་བཟུམ་གྱི་གནད་སྡུད་འབྱུང་ཁུངས་ཅིག་ཨིན།

LibreOffice ཊེམ་པེལེཊིསི་ དང་ ཝི་ཛརཌིསི་ གིས་ས་སྒོ་ཚུ་ ཁ་བྱང་ཀི་དེབ་འདི་གི་ནང་དོན་འདི་ཚུ་གི་དོནལུ་ལག་ལེན་འཐབ་ཨིན། ཤུགས་ལྡན་བཟོ་ཡོད་པའི་སྐབས་ ཊེམ་པེལེཊིསི་ནང་གི་ཡོངས་ཁྱབ་ས་སྒོ་འདི་ཚུ་ རང་བཞིན་གྱིས་ ཁྱོད་རའི་ཁ་བྱང་ཀི་དེབ་ཀྱི་གནད་སྡུད་འབྱུང་ཁུངས་འདི་ལས་ས་སྒོ་ཚུ་དང་གཅིག་ཁར་ ཚབ་བཙུགསཔ་ཨིན།

གོ་རིམ་སྦེ་ཚབ་བཙུག་འབད་ནིའི་དོན་ལུ་ ཁྱོད་ཀྱིས་ ཁ་བྱང་ཀི་དེབ་ག་འདི་ལག་ལེན་འཐབ་ཨིན་ན་ LibreOffice ལུ་སླབ་དགོ བརྡ་དོན་འདྲི་དཔྱད་འབད་མིཔ་ཝི་ཛརཌི་འདི་ འགོ་དང་པ་ཁྱོད་ཀྱིས་ ཤུགས་ལྡན་བཟོ་བའི་སྐབས་ལུ་ རང་བཞིན་གྱིས་འབྱུངམ་ཨིན། དཔེར་ན་ ཚོང་འབྲེལ་ཡི་གུའི་ཊེམ་པེལེཊི། དེ་མ་ཚད་ཁྱོད་ཀྱིས་ འོག་ལུ་ཐོ་བཀོད་འབད་ཡོད་པའི་རིམ་པ་ཚུ་རྗེས་སུ་འབྲང་སྟེ་ ཝི་ཛརཌི་འབོ་ཚུགས།

དྲན་འཛིན་ངོས་དཔར།

The address book data is read-only in LibreOffice Base. It is not possible to add, edit, or delete address data from within Base.


ཁ་བྱང་གནད་སྡུད་འབྱུང་ཁུངས་ཝི་ཛརཌི།

ཁ་བྱང་གནད་སྡུད་འབྱུང་ཁུངས་ ཝི་ཛརཌི་འབོད་བརྡ་འབད་ནི་གི་དོན་ལུ་ ཡིག་སྣོད་ - ཝི་ཛརཌིསི་ - ཁ་བྱང་གནད་སྡུད་འབྱུང་ཁུངས་གདམ་ཁ་རྐྱབས།

ཡོད་བཞིན་པའི་ཁ་བྱང་ཀི་དེབ་ལག་ཐོག་ལས་ཐོ་བཀོད་འབད་དོ།

  1. Choose Tools - Address Book Source. The Templates: Address Book Assignment dialog appears.

  2. གནད་སྡུད་འབྱུང་ཁུངས་བརྟག་སྒྲོམ་ནང་ ཁྱོད་ཀྱིས་ཁ་བྱང་ཀི་དེབ་སྦེ་ལག་ལེན་འཐབ་ནི་ཨིན་མི་གནད་སྡུད་འབྱུང་ཁུངས་ཡང་ན་རིམ་ལུགས་ཁ་བྱང་ཀི་དེབ་སེལ་འཐུ་འབད།

  3. ཁྱོད་ཀྱིས་ རིམ་ལུགས་ཁ་བྱང་ཀི་དེབ་འདི་ གནས་སྡུད་འབྱུང་ཁུངས་འབད་ LibreOfficeནང་ལུ་ ཐོ་འགོད་འབད་དེ་མེད་པ་ཅིན་ བདག་སྐྱོང་འཐབ་ཨེབ་རྟ་འདི་ཨེབ་གཏང་འབད། དེ་གིས་ཁྱོད་ ཁ་བྱང་ཀི་དེབ་གནས་སྡུད་འབྱུང་ཁུངས་ཝི་ཛརཌི་བསྐྱལཝ་ཨིན་ དེ་ཡང་ ཁྱོད་ཀྱིས་ཁྱོད་རའི་ཁ་བྱང་ཀི་དེབ་འདི་ LibreOfficeནང་ལུ་ གནས་སྡུད་འབྱུང་ཁུངས་སྦེ་ཐོ་འགོད་འབད་བཏུབ་མི་ནང་ལུ་བསྐྱལཝ་ཨིན།

  4. ཐིག་ཁྲམ་བརྟག་སྒྲོམ་ནང་ཁྱོད་ཀྱིས་ཁ་བྱང་ཀི་དེབ་སྦེ་ལག་ལེན་འཐབ་ནི་ཨིན་མི་གནད་སྡུད་གཞི་རྟེན་སེལ་འཐུ་འབད།

  5. ས་སྒོ་འགན་ལས་འོག་ལུ་ ས་སྒོ་འདི་ཚུ་ མིང་དང་པ་ ཚོང་སྡེ་ ལས་ཁུངས་ དང་ དེ་ལས་ལྷ་སྟེ་ ཁྱོད་རའི་ཁ་བྱང་ཀི་དེབ་ནང་ལུ་ལག་ལེན་འཐབ་ཡོད་མི་ ས་སྒོའི་མིང་ངོ་མ་ཚུ་ལུ་་མཐུན་སྒྲིག་འབད།

  6. མཇུག་བསྡུཝ་ད་ ཌའི་ལོག་འདི་བཏུབ་དང་གཅིག་ཁར་ཁ་བསྡམས།.

ད་ཁྱོད་ཀྱི་གནད་སྡུད་འབྱུང་ཁུངས་འདི་ LibreOffice ནང་ལུ་ ཁ་བྱང་ཀི་དེབ་སྦེ་ཐོ་བཀོད་འབད་ཡོདཔ་ཨིན། ཁྱོད་ཀྱིས་ད་ཊེམ་པེལེཊི་ཅིག་ ཚོང་འབྲེལ་ཆ་མཉམ་པའི་ དབྱེ་རིམ་འདི་ལས་ ཁ་ཕྱེཝ་ཨིན་པ་ཅིན་ LibreOffice འདི་གི་ རང་བཞིན་གྱིས་ འབྲི་ཤོག་ཡིག་གུ་ཅིག་གི་དོན་ལུ་ ངེས་བདེན་ས་སྒོ་འདི་བཙུགསཔ་ཨིན།

Please support us!