LibreOffice 24.8 Help
You can insert text into other document types, such as spreadsheets and presentations. Note that there is a difference between whether the text is inserted into a frame, a spreadsheet cell, or into the outline view of a presentation.
ཁྱོད་ཀྱིས་ཚིག་ཡིག་འདི་ འཛིན་པང་འདི་ལུ་འདྲ་བཤུས་རྐྱབས་པ་ཅིན་ ཁྱོད་ཀྱིས་འདི་ ཚིག་ཡིག་གི་ཁྱད་ཆོས་ཚུ་དང་གཅིག་ཁར་ཡང་ན་ མེད་པར་སྦྱར་བཏུབ། མགྱོགས་ཐབས་ལྡེ་མིག་
+C འདྲ་བཤུས་རྐྱབས་ནི་དང་ +V འདི་སྦྱར་ནིའི་དོན་ལས་ལག་ལེན་འཐབ།འཛིན་པང་གི་ནང་དོན་ཚུ་སྦྱར་ཡོད་མི་ རྩ་སྒྲིག་འདི་སེལ་འཐུ་འབད་ནིའི་དོན་ལས་ སྦྱར་ ངོས་དཔར་ ཚད་ལྡན་ཕྲ་རིང་འདི་གུ་ཡོད་མི་ འདི་གི་ཤུལ་མའི་མདའ་རྟགས་འདི་ཨེབ་གཏང་ ཡང་ན་ ཞུན་དག་ - དམིགས་བསལ་སྦྱར་གདམ་ཁ་རྐྱབས་ དེ་ལས་ ཚུལ་ལྡན་རྩ་སྒྲིག་འདི་སེལ་འཐུ་འབད།
ཚིག་ཡིག་གི་ཡིག་ཆ་ཅིག་གི་ནང་ན་ མགུ་རྒྱན་དོན་མཚམས་བཟོ་རྣམ་དང་གཅིག་ཁར་རྩ་སྒྲིག་འབད་འབད་བའི་མགུ་རྒྱན་ཚུ་ ཡོདཔ་ཨིན་པ་ཅིན་ ཡིག་སྣོད་ - གཏང་ - གསལ་སྟོན་འབད་ནི་ལུ་མཐའ་ཐིག་གདམ་ཁ་རྐྱབས། མགུ་རྒྱན་འདི་མཐའ་ཐིག་བཟུམ་སྦེ་ཡོད་མི་ གསལ་སྟོན་ཡིག་ཆ་གསརཔ་ཅིག་ གསར་བསྐྲུན་འབད་ཡོད།
ཁྱོད་ཀྱིས་ མགུ་རྒྱན་རེ་རེ་བཞིན་ དེའི་དོན་མཚམསམཉམ་ཅིག་ཡོད་མི་དང་གཅིག་ཁར་ གནས་སོར་འབད་ནི་ཨིན་པ་ཅིན་ ཡིག་སྣོད་ - གཏང་ - གསལ་སྟོན་ལུ་རང་བཞིན་སྙིང་བཅུད་ བརྡ་བཀོད་འདི་སེལ་འཐུ་འབད། ཁྱོད་ཀྱིས་ འ་ནི་བརྡ་བཀོད་འདི་མཐོང་ཚུགསཔ་བཟོ་ནིའི་དོན་ལས་ མགུ་རྒྱན་ཚུ་ ཆ་མཉམ་སྙོམས་པའི་དོན་མཚམས་བཟོ་རྣམ་ཅིག་དང་གཅིག་ཁར་ རྩ་སྒྲིག་འབད་དགོ།
ཁྱོད་ཀྱིས་ཚིག་ཡིག་སེལ་འཐུ་འབད་ཞིནམ་ལས་ འདྲུད་-དང་-བཀོག་བཞག་དང་གཅིག་ཁར་ ཤོག་ཁྲམ་ཅིག་ནང་ལུ་འདྲུད་པ་ཅིན་ ཁྱོད་ཀྱིས་མའུསི་འདི་ འཛིན་གྲོལ་འབད་སའི་ནང་ཐིག་འདི་ནང་ལུ་ ཚིག་ཡིག་སྦེ་བཙུགས་འོང་།
ཁྱོད་ཀྱིས་གསལ་སྟོན་གྱི་སྤྱིར་བཏང་མཐོང་སྣང་ལུ་ཚིག་ཡིག་འདྲུད་པ་ཅིན་ ཨོ་ཨེལ་ཨི་དངོས་པོ་འདི་LibreOffice པ་ལག་-ཨིན་བཟུམ་སྦེ་བཙུགསཔ་ཨིན།
ཁྱོད་ཀྱིས་གསལ་སྟོན་གྱི་མཐའ་ཐིག་མཐོང་སྣང་ལུ་ཚིག་ཡིག་འདྲུད་པ་ཅིན་ འ་ནི་དེ་འོད་རྟགས་གནས་ཁོངས་ལུ་བཙུགས་འོང་།