Select Database

གིས་ གནད་སྡུད་གཞི་རྟེན་གསརཔ་ཅིག་དང་ གསར་བསྐྲུན་འབད་ནི་དང་ གནད་སྡུད་གཞི་རྟེན་ཡིག་སྣོད་ཅིག་ཁ་ཕྱེ་ནི་ ཡང་ན་ གནས་དེ་ཡོད་པའི་ གནད་སྡུད་གཞི་རྟེན་ལུ་མཐུདཔ་ཨིན།

གནད་སྡུད་གཞི་རྟེན་གསརཔ་ཅིག་གསར་བསྐྲུན་འབད།

གནད་སྡུད་གཞི་རྟེན་གསརཔ་ཅིག་གསར་བསྐྲུན་འབད་འབད་ནི་ལུ་སེལ་འཐུ་འབད། གདམ་ཁ་དེ་གིས་ སྔོན་སྒྲིག་སྒྲིག་སྟངས་ཚུ་དང་བཅས་ ཨེཆ་ཨེསི་ཀིའུ་ཨེལ་ གནད་སྡུད་གཞི་རྟེན་མ་འཕྲུལ་འདི་ ལག་ལེན་འཐབ་ཨིན། ཝི་ཛརཌི་གི་ ཤོག་ལེབ་མཐའ་མཇུག་དེ་གིས་ ཤུལ་མམ་འབྱུངམ་ཨིན།

External web page about HSQL.

གནས་དེ་ཡོད་པའི་ གནད་སྡུད་གཞི་རྟེན་གྱི་ཡིག་སྣོད་འདི་ཁ་ཕྱེ།

འཕྲེལ་གྱི་ལག་ལེན་འཐབ་ཡོད་པའི་ཡིག་སྣོད་ཡང་ན་ ཡིག་སྣོད་སེལ་འཐུ་འབད་སའི་ཌའི་ལོག་གི་ ཐོ་ཡིག་ལས་ གནད་སྡུད་གཞི་རྟེན་ཡིག་སྣོད་ཅིག་སེལ་འཐུ་འབད་ནི་ལུ་ སེལ་འཐུ་འབད།

འཕྲེལ་གྱི་ལག་ལེན་འཐབ་མི།

འཕྲལ་གྱི་ལག་ལེན་འཐབ་སྟེ་ཡོད་པའི་ ཡིག་སྣོད་ཚུ་གི་ཐོ་ཡིག་ལས་ གནད་སྡུད་གཞི་རྟེན་ཡིག་སྣོད་ཅིག་སེལ་འཐུ་འབད། ཡིག་སྣོད་འདི་དེ་འཕྲལ་ལས་ཁ་ཕྱེ་ནི་དང་ ཝི་ཛརཌི་འདི་ཕྱིར་སྟོན་ནི་ལུ་ མཇུག་བསྡུ་ཟེར་མི་ལུ་ ཨེབ་གཏང་ད།

ཁ་ཕྱེ།

ཁྱོད་ཀྱིས་གནད་སྡུད་གཞི་རྟེན་སེལ་འཐུ་འབད་བཏུབ་ས་ལུ་ ཡིག་སྣོད་སེལ་འཐུའི་ཌའི་ལོག་འདི་ ཁ་ཕྱེཝ་ཨིན། ཡིག་སྣོད་འདི་དེ་འཕྲལ་ལས་རང་ ཁ་ཕྱེ་ནིའི་དོན་ལུ་ནང་ ཝི་ཛརཌི་འདི་ཕྱིར་ཐོན་ནི་ལུ་ ཡིག་སྣོད་སེལ་འཐུའི་ཌའི་ལོག་ནང་ལུ་ཡོད་མི་ ཁ་ཕྱེ་དང་བཏུབ་གུ་ཨེབ་གཏང་།

གནས་དེ་ཡོད་པའི་གནད་སྡུད་གཞི་རྟེན་ལུ་མཐུད་ད།

གནས་དེ་ཡོད་པའི་གནད་སྡུད་གཞི་རྟེན་དོན་ལུ་ གནད་སྡུད་གཞི་རྟེན་ཡིག་ཆ་གསར་བསྐྲུན་འབད་ནི་ལུ་ སེལ་འཐུ་འབད།

གནད་སྡུད་གཞི་རྟེན་གྱི་དབྱེ་བ།

གནས་དེ་ཡོད་པའི་ གནད་སྡུད་གཞི་རྟེན་མཐུད་ལམ་དོན་ལུ་ གནད་སྡུད་གཞི་རྟེན་དབྱེ་བ་འདི་སེལ་འཐུ་འབད།

note

ཕྱི་སྣང་དང་ ཨི་བོ་ལུ་ཤཱན་དེ་ལས་ ཀེ་ཌི་ཨི་ཁ་བྱང་ཀི་དེབ་ དང་ མོ་ཛིལ་ལ་གནད་སྡུད་གཞི་རྟེན་དབྱེ་བ་ཚུ་ལུ་ ཁ་སྐོང་གི་བརྡ་དོན་ཚུ་དགོཔ་མེད། གཞན་མི་ གནད་སྡུད་གཞི་རྟེན་དབྱེ་བའི་དོན་ལུ་ དགོས་མཁོ་ཡོད་པའི་བརྡ་དོན་གསལ་བཀོད་འབད་ནི་ལུ་ ཝི་ཛརཌི་གིས་ཁ་སྐོང་གི་ཤོག་ལེབ་ཚུ་ནང་ན་ཡོདཔ་ཨིན།


ཝི་ཛརཌི་ཤོག་ལེབ་འདི་ འོག་ལུ་ཡོད་པའི་ཤོག་ལེབ་འདི་ཚུ་ཨིན:

གནད་སྡུད་གཞི་རྟེན་ཝི་ཛརཌི།

གིས་ ཁྱོད་ཀྱིས་ གནད་སྡུད་གཞི་རྟེན་འདི་ཐོ་འགོད་འབད་ནི་ཨིན་ན་དང་ གནད་སྡུད་གཞི་རྟེན་འདི་ ཞུན་དག་འབད་ནི་ཨིན་ན་ དེ་ལས་ ཐིག་ཁྲམ་གསརཔ་བཙུགས་ནི་ཨིན་ན་ཚུ་ གསལ་བཀོད་འབདཝ་ཨིན།

ཚིག་ཡིག་ཡིག་སྣོད་མཐུད་ལམ་འདི་གཞི་སྒྲིག་འབད།

མའེ་ཀོརོ་སོཕཊི་འཛུལ་སྤྱོད་མཐུད་ལམ་འདི་གཞི་སྒྲིག་འབད།

Sཨེལ་ཌི་ཨེ་པི་ མཐུད་ལམ་འདི་གཞི་སྒྲིག་འབད།

ཨེ་ཌི་ཨོ་མཐུད་ལམ་འདི་གཞི་སྒྲིག་འབད།

ཇེ་ཌི་བི་སི་མཐུད་ལམ་འདི་ གཞི་སྒྲིག་འབད།

ཨོ་རེ་ཀཱལ་གད་སྡུད་གཞི་རྟེན་མཐུད་ལམ་འདི་གཞི་སྒྲིག་འབད།

MariaDB and MySQL Connection

ཨོ་ཌི་བི་སི་སྒྲིག་སྟངས་ཚུ།

ཤོག་ཁྲམ་མཐུད་ལམ་འདི་གཞི་སྒྲིག་འབད།

Please support us!