མཐོ་རིམ་རྒྱུ་དངོས་ཚུ།

གནད་སྡུད་གཞི་རྟེན་གྱི་དོན་ལས་གདམ་ཁ་ཚུ་དག་པ་ཅིག་གསལ་བཀོད་འབདཝ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

ཞུན་དག་ - གནད་སྡུད་གཞི་རྟེན་ - རྒྱུ་དངོས་ཚུ་གདམ་ཁ་རྐྱབས་མཐོ་རིམ་རྒྱུ་དངོས་ཚུའི་ མཆོང་ལྡེ་ ཨེབ་གཏང་།


གནད་སྡུད་གཞི་རྟེན་གྱི་དབྱེ་བ་ལུ་བརྟེནམ་ཨིན་:

ཌི་གཞི་རྟེན་ཡིག་སྣོད་ལུ་འདྲེན་ལམ།

ཌི་གཞི་རྟེན་ཡིག་སྣོདཚུ་་ཡོད་མི་སྣོད་ཐོ་ལུ་ འདྲེན་ལམ་བཙུགས།

ཉེན་བརྡའི་ངོས་དཔར།

ཌི་གཞི་རྟེན་ ཡིག་སྣོད་ཚུ་གི་ *.dbf ཡིག་སྣོད་མིང་རྒྱ་བསྐྱེད་འདི་ ཡིག་ཆུང་ཨིན་ཟེར་ངེས་བརྟེན་བཟོ།


བརྡ་འཚོལ།

ཁྱོད་ཀྱིས་ཡིག་སྣོད་ཡང་ན་ སྣོད་ཐོ་སེལ་འཐུ་འབད་བཏུབ་པའི་ ཌའི་ལོག་ཅིག་ཁ་ཕྱེཝ་ཨིན།

མཐུད་ལམ་བརྟག་ཞིབ་འབད།

ད་ལྟོའི་སྒྲིག་སྟངས་ཚུ་དང་བཅས་ གནད་སྡུད་གཞི་རྟེན་མཐུད་ལམ་འདི་ བརྟག་ཞིབ་འབད།

ཚིག་ཡིག་ཡིག་སྣོད་ཚུ་ལུ་ འདྲེན་ལམ།

ཚིག་ཡིག་ཡིག་སྣོད་ཚུ་གི་སྣོད་འཛིན་ལུ་འགྲུལ་ལམ་བཙུགས།

ཤོག་ཁྲམ་ཡིག་ཆ་ལུ་ འདྲེན་ལམ།

ཁྱོད་ཀྱིས་གནད་སྡུད་གཞི་རྟེན་སྦེ་ ལག་ལེན་འཐབ་དགོ་མི་ ཤོག་ཁྲམ་ཡིག་ཆ་ལུ་ འདྲེན་ལམ་བཙུགས།

ཁྱོད་ཀྱི་རིམ་ལུགས་གུ་ ཨོ་ཌི་བི་སི་གནད་སྡུད་ཀྱི་མིང་།

ཨོ་ཌི་བི་སི་གནད་སྡུད་འབྱུང་ཁུངས་ཀྱི་མིང་བཙུགས།.

ལག་ལེན་པའི་མིང་།

གནད་སྡུད་གཞི་རྟེན་འཛུལ་སྤྱོད་འབད་ནི་ལུ་ དགོས་མཁོ་ཡོད་མི་ལག་ལེན་པའི་མིང་འདི་བཙུགས།་

ཆོག་ཡིག་དགོས་མཁོ་ཡོད།

ཞིབ་དཔྱད་འབད་ཡོད་པ་ཅིན་ ལག་ལེན་པ་ལུ་གནད་སྡུད་གཞི་རྟེན་འཛུལ་སྤྱོད་འབད་ནི་ལུ་དགོས་མཁོ་ཡོད་མི་ཆོག་ཡིག་བཙུགས་ནི་ལུ་འདྲིཝ་ཨིན།

གནད་སྡུད་གཞི་རྟེན་གྱི་མིང་།

གནད་སྡུད་གཞི་རྟེན་གྱི་མིང་བཙུགས།

མའེ་ཨེསི་ཀིའུ་ཨེལ་གནད་སྡུད་གཞི་རྟེན་གྱི་མིང་།

ཁྱོད་ཀྱིས་གནད་སྡུད་འབྱུང་ཁུངས་སྦེ་ལག་ལེན་འཐབ་དགོ་པའི་ མའེ་ཨེསི་ཀིའུ་ཨེལ་གནད་སྡུད་གཞི་རྟེན་གྱི་མིང་བཙུགས།

ཨོ་རེ་ཀཱལ་གནད་སྡུད་གཞི་རྟེན་གྱི་མིང་།

ཁྱོད་ཀྱིས་གནད་སྡུད་འབྱུང་ཁུངས་སྦེ་ ལག་ལེན་འཐབ་དགོ་པའི་ ཨོ་རེ་ཀཱལ་གནད་སྡུད་གཞི་རྟེན་གྱི་མིང་འདི་བཙུགས།

མའི་ཀོརོ་སོཕཊི་འཛུལ་སྤྱོད་གནད་སྡུད་གཞི་རྟེན་ཡིག་སྣོད།

ཁྱོད་ཀྱིས་གནད་སྡུད་འབྱུང་ཁུངས་ལག་ལེན་འཐབ་དགོ་པའི་ མའི་ཀོརོ་སོཕཊི་འཛུལ་སྤྱོད་གནད་སྡུད་གཞི་རྟེན་ཡིག་སྣོད་ཀྱི་མིང་འདི་བཙུགས།

ཧོསཊི་ནེམ།

ཨེལ་ཌི་ཨེ་པི་གནད་སྡུད་འབྱུང་ཁུངས་དོན་ལུ་ ཧོསཏི་མིང་འདི་བཙུགས།

གནད་སྡུད་འབྱུང་ཁུངས་ཡུ་ཨར་ཨེལ།

ཇེ་ཌི་བི་སི་གནད་སྡུད་འབྱུང་ཁུངས་ཀྱི་ གནས་ཁོངས་འདི་ ཡུ་ཨར་ཨེལ་སྦེ་བཙུགས།

ཇེ་ཌི་བི་སི་འདྲེན་བྱེད་དབྱེ་རིགས།

གནད་སྡུད་འབྱུང་ཁུངས་ལུ་མཐུད་མི་ ཇེ་ཌི་བི་སི་འདྲེན་བྱེད་དབྱེ་རིགས་ཀྱི་མིང་འདི་བཙུགས།

དབྱེ་རིགས་འདི་བརྟག་ཞིབ་འབད།

ཇེ་ཌི་བི་སི་འདྲེད་བྱེད་དབྱེ་རིགས་ལས་རྒྱུད་དེ་ གནད་སྡུད་གཞི་རྟེན་མཐུད་ལམ་འདི་ བརྟག་ཞིབ་འབདཝ་ཨིན།

གནད་སྡུད་གཞི་རྟེན་འདི་གདམ་ཁ་རྐྱབས།

ཐོ་ཡིག་ལས་གནད་སྡུད་གཞི་རྟེན་ཅིག་ སེལ་འཐུ་འབད་རུང་ཡང་ན་ གནད་སྡུད་གཞི་རྟེན་གསར་བསྐྲུན་འབད་ནི་ལུ་ གསར་བསྐྲུན་ལུ་ཨེབ་གཏང་།

Please support us!