LibreOffice 7.1 Help
གནད་སྡུད་འབྱུང་ཁུངས་དོན་ལུ་ ཁ་སྐོང་གདམ་ཁ་ཚུ་གསལ་བཀོད་འབདཝ་ཨིན།
གནད་སྡུད་གཞི་རྟེན་སྒོ་སྒྲིག་ནང་ ཞུན་དག་ - གནད་སྡུད་གཞི་རྟོན་ - རྒྱུ་དངོས་ཚུ་གདམ་ཁ་རྐྱབས་ཁ་སྐོང་སྒྲིག་སྟངས་ཚུའི་ མཆོང་ལྡེ་ ཨེབ་གཏང་།
གནད་སྡུད་གཞི་རྟེན་གྱི་དབྱེ་བ་ལུ་བརྟེནམ་ཨིན་:
གནད་སྡུད་གཞི་རྟེན་ཡོད་པའི་སར་བར་གྱི་ ཧོསཊི་མིང་འདི་བཙུགས་ དཔེར་ན་ ldap.server.com.
གནད་སྡུད་གཞི་རྟེན་ ཧོསཊི་འབད་མི་སར་བར་གྱི་དོན་ལུ་ འདྲེན་ལམ་གྱི་ཨང་གྲངས་འདི་བཙུགས།
མའེ་ཨེསི་ཀིའུ་ཨེལ་གནད་སྡུད་གཞི་རྟེན་དོན་ལུ་ ཇེ་ཌི་བི་སི་འདྲེན་བྱེད་ཀྱི་མིང་བཙུགས།
LibreOffice ནང་ གནད་སྡུད་གཞི་རྟེན་སྟོན་ནི་ལུ་ ཁྱོད་ཀྱིས་ལག་ལེན་འཐབ་ནི་ཨིན་པའི་ ཡིག་འབྲུ་གཞི་སྒྲིག་འདི་སེལ་འཐུ་འབད། སྒྲིག་སྟངས་དེ་གིས་ གནད་སྡུད་གཞི་རྟེན་འདི་ལུ་ཕན་གནོད་མེདཔ་ཨིན། ཁྱོད་རའི་བཀོལ་སྤྱོད་རིམ་ལུགས་ཀྱི་ ཡིག་འབྲུའི་གཞི་སྒྲིག་སྔོན་སྒྲིག་ལག་ལེན་འཐབ་ནི་ལུ་ "System" སེལ་འཐུ་འབད།
ཚིག་ཡིག་དང་ཌི་གཞི་རྟེན་གནད་སྡུད་གཞི་རྟེན་ཚུ་ ཡིག་འབྲུ་ཚུ་ཆ་མཉམ་རང་ བཱའིཊིསི་གི་ཨང་གྲངས་དང་གཅིག་པ་སྦེ་ ཨིན་ཀོ་ཌེཊི་འབད་ཡོདཔ་ལས་ གཏན་བཟོས་ཚད་ཀྱི་ཡིག་འབྲུའི་རིང་ཚད་དང་བཅས་ ཡིག་འབྲུ་གཞི་སྒྲིག་འབད་ནི་འདི་མ་ཆོགཔ་ཨིན།
ཨོོ་རེ་ཀཱལ་གནད་སྡུད་གཞི་རྟེན་དོན་ལུ་ ཇེ་ཌི་བི་སི་འདྲེན་བྱེད་ཀྱི་མིང་བཙུགས།
ཁ་སྐོང་རྐྱབས་ཡོད་པའི་འདྲེན་བྱེད་ཀྱི་གདམ་ཁ་ཚུ་གསལ་བཀོད་འབད།
གིས་ ཐོ་གཞུང་གི་ ད་ལྟོའི་གནད་སྡུད་འབྱུང་ཁུངས་འདི་ལག་ལེན་འཐབ་དགོ། ཨོ་ཌི་བི་སིའི་གནད་སྡུད་འབྱུང་ཁུངས་འདི་ གནད་སྡུད་གཞི་རྟེན་སར་བར་འབདཝ་ད་ གདམ་ཁ་འདི་ཕན་ཐོག་ཅན་ཡོདཔ་ཨིན། ཨོ་ཌི་བི་སི་གནད་སྡུད་འབྱུང་ཁུངས་འདི་ ཌི་གཞི་རྟེན་འདྲེན་བྱེད་ཨིན་པ་ཅིན་ འ་ནི་གདམ་ཁ་འདི་སེལ་འཐུ་མ་འབད།
ཨེལ་ཌི་ཨེ་པི་གནད་སྡུད་གཞི་རྟེན་འདི་འཚོལ་ཞིབ་འབད་ནི་ལུ་ འགོ་བཙུགས་ས་ཚིག་འདི་བཙུགས་ དཔེར་ན་ dc=com.
ཨེལ་ཌི་ཨེ་པི་སར་བར་འདི་ཁྱོད་ཀྱིས་ འཛུལ་སྤྱོད་འབདཝ་ད་ལུ་ ཁྱོད་ཀྱིས་མངོན་གསལ་འབད་དགོ་མནོ་མི་ ཐོ་འགོད་ཚུ་གི་ཨང་གྲངས་མང་མཐའ་འདི་བཙུགས།
ཡིག་སྣོད་ནང་གི་ཐོ་འགོད་ཚུ་ བཏོན་གཏང་ཡོད་པའི་རྟགས་བརྩི་སྟེ་ ཆ་མཉམ་རང་བཀྲམ་སྟོན་འབདཝ་ཨིན། ཁྱོད་ཀྱིས་འ་ནི་ཞིབ་དཔྱད་སྒྲོམ་འདི་ སེལ་འཐུ་འབད་བ་ཅིན་ ཁྱོད་ཀྱིས་ཐོ་འགོད་ཚུ་བཏོན་གཏང་མི་བཏུབ།
ཌི་གཞི་རྟེན་རྩ་སྒྲིག་ནང་ བཏོན་གཏང་ཡོད་པའི་ཐོ་འགོད་ཚུ་ཆ་མཉམ་ ཡིག་སྣོད་ནང་ལུ་ལྷག་ལུསཔ་ཨིན།
ཁྱོད་ཀྱིས་གནད་སྡུད་གཞི་རྟེན་ལུ་བཟོ་ཡོད་པའི་ བསྒྱུར་བཅོས་ཚུ་སྟོན་ནིའི་དོན་ལུ་ འབྲེལ་མཐུད་འདི་ གནད་སྡུད་གཞི་རྟེན་ལུ་ཁ་བསྡམས་ནི་དང་ གནད་སྡུད་གཞི་རྟེན་ལུ་སླར་མཐུད་འབད།
ད་ལྟོའི་ཌི་གཞི་རྟེན་གནད་སྡུད་གཞི་རྟེན་ནང་ཁྱོད་ཀྱིས་ཐིག་ཁྲམ་ཟུར་ཐོ་ཚུ་འགོ་འདྲེན་འཐབ་ཚུགས་ནི་ཨིན་མི་ ཟུར་ཐོ་ཚུའི་ཌའི་ལོག་ཁ་ཕྱེཝ་ཨིན།
ཚིག་ཡིག་ཡིག་སྣོད་ཀྱི་གྲེལ་ཐིག་དང་པ་དེ་གིས་ ས་སྒོའི་མིང་ཚུ་ནང་ན་ཡོད་པ་ཅིན་ འ་ནི་ཞིབ་དཔྱད་ཀྱི་སྒྲོམ་འདི་སེལ་འཐུ་འབད།
ཚིག་ཡིག་ཡིག་སྣོད་ནང་ལུ་ གནད་སྡུད་ས་སྒོ་ཚུ་དབྱེ་བྱེད་འབད་མི་ ཡིག་འབྲུ་འདི་སེལ་འཐུ་འབད་ནི་དང་བཙུགས་ད།
ཚིག་ཡིག་ཡིག་སྣོད་ནང་ལུ་ ཚིག་ཡིག་ཡིག་སྣོད་ངོས་འཛིན་འབད་མི་ ཡིག་འབྲུ་འདི་སེལ་འཐུ་འབད་ཡང་ན་ བཙུགས་ད། ཁྱོད་ཀྱིས་ ས་སྒོའི་དབྱེ་བྱེད་སྦེ་ ཡིག་འབྲུ་གཅིག་པ་ལག་ལེན་འཐབ་མི་བཏུབ།
ཚིག་ཡིག་ཡིག་སྣོད་ནང་ལུ་ བཅུ་ཚག་དབྱེ་བྱེད་སྦེ་ལག་ལེན་འཐབ་ཡོད་མི་ ཡིག་འབྲུ་འདི་སེལ་འཐུ་འབད་ནི་དང་བཙུགས་ད་ དཔེར་ན་ དུས་ཡུན་ (0.5) ཡང་ན་ ལྷད་རྟགས་ (0,5).
ཚིག་ཡིག་ཡིག་སྣོད་ནང་ལུ་ དབྱེ་བྱེད་སྟོང་ཕྲག་ཚུ་སྦེ་ལག་ལེན་འཐབ་མིའི་ ཡིག་འབྲུ་འདི་སེལ་འཐུ་འབད་ནི་དང་ཡང་ན་ བཙུགས་ད་ དཔེར་ན་ ལྷད་རྟགས་ (1,000) དུས་ཡུན་ (1.000).
ཚིག་ཡིག་ཡིག་སྣོད་དོན་ལུ་ རྩ་སྒྲིག་སེལ་འཐུ་འབད། ཁྱོད་ཀྱིས་སེལ་འཐུ་འབད་མི་རྒྱ་བསྐྱེད་དེ་གིས་ ཌའི་ལོག་ནང་གི་ སྔོན་སྒྲིག་ལ་ལོ་ཅིག་ལུ་ ཕན་གནོད་ཡོདཔ་ཨིན།