བཟོ་བཏོན་འབད་དེ་ཡོད་པའི་གནས་གོང་ཚུ།

གནད་སྡུད་ཐོ་འགོད་གསརཔ་གི་དོན་ལུ་ རང་བཞིན་གྱིས་བཟོ་བཏོན་འབད་ཡོད་པའི་གནས་གོང་ལུ་ གདམ་ཁ་གསལ་བཀོད་འབདཝ་ཨིན།

གནད་སྡུད་གཞི་རྟེན་གྱི་དབྱེ་བ་ལུ་བརྟེནམ་ཨིན་:

བཟོ་བཏོན་འབད་ཡོད་པའི་གནས་གོང་ཚུ་ལུ་ སླར་འདྲེན་འབད།

གིས་ ད་ལྟོའི་ཨོ་ཌི་བི་སི་ཡང་ན་ ཇེ་ཌི་བི་སི་གནད་སྡུད་འབྱུང་ཁུངས་ནང་ལུ་ རང་བཞིན་གྱི་ཡར་འཕར་གྱི་གནད་སྡུད་ས་སྒོ་ཚུའི་དོན་ལུ་ LibreOfficeརྒྱབ་སྐྱོར་འདི་ ལྕོགས་ཅན་བཟོཝ་ཨིན། གནད་སྡུད་གཞ་རྟེན་གྱི་ ཨེསི་ཌི་བི་སི་ཨེགསི་བང་རིམ་ནང་གི་ རང་བཞིན་གྱི་ཡར་འཕར་ཁྱད་རྣམ་འདི་ རྒྱབ་སྐྱོར་མ་འབད་བར་ཡོད་པ་ཅིན་ འ་ནི་གདམ་ཁ་འདི་སེལ་འཐུ་འབད། ཡོངས་ཁྱབ་འབད་བ་ཅིན་ རང་བཞིན་ཡར་འཕར་འདི་གཞི་རིམ་གཙོ་བོའི་ས་སྒོ་གི་དོན་ལུ་ སེལ་འཐུ་འབད་འབདཝ་ཨིན།

རང་བཞིན་ཡར་འཕར་གསལ་བཤད།

གནད་སྡུད་འབྱུང་ཁུངས་འདི་ ཧྲིལ་ཨང་གནད་སྡུད་ས་སྒོ་ལུ་ རང་བཞིན་གྱི་ཡར་འཕར་གསལ་བཀོད་འབད་ནི་ལུ་ གནད་སྡུད་འབྱུང་ཁུངས་སླབ་སྟོན་འབད་མི་ ཨེསི་ཀིའུ་ཨེལ་བརྡ་བཀོད་གསལ་བཀོད་འདི་བཙུགས། དཔེར་ན་ འོག་གི་མའིཨེསི་ཀིའུ་ཨེལ་གསལ་བཤད་དེ་གིས་ གསལ་བཤད་ཀྱིས་ཚར་རེ་གནད་སྡུད་ས་སྒོ་ གསར་བསྐྲུན་འབདཝ་ད་ "id"ས་སྒོ་ཡར་འཕར་གཏང་ནི་ལུ་ རང་བཞིན་གྱི་ཡར་འཕར་གསལ་བཤད་འདི་ལག་ལེན་འཐབ་མི་འདི་ཨིན།

"table1" ("id" INTEGER AUTO_INCREMENT)ཐིག་ཁྲམ་གསར་བསྐྲུན་འབད།

འ་ནི་དཔེ་གི་དོན་ལུ་ ཁྱོད་ཀྱིས་ རང་བཞིན་གྱི་ཡར་འཕར་འདི་ རང་བཞིན་གྱི་ཡར་འཕར་གསལ་བཤད་སྒྲོམ་ནང་བཙུགས་དགོ།

བཟོ་བཏོན་འབད་ཡོད་པའི་གནས་གོང་གི་འདྲི་དཔྱད།

གཞི་རིམ་གཙོ་བོའི་གནད་སྡུད་ས་སྒོ་གི་དོན་ལུ་ མཇུག་གི་རང་བཞིན་གྱི་ཡར་འཕར་སླར་ལོག་འབད་མི་ ཨེསི་ཀིའུ་ཨེལ་གསལ་བཤད་འདི་བཙུགས།དཔེར་ན:

མཇུག་གི་_བཙུགས་_ཌི་();སེལ་འཐུ་འབད།

Please support us!