ཨོ་ཌི་བི་སི།

ཨོ་ཌི་བི་སི་གནད་སྡུད་གཞི་རྟེན་ཚུ་གི་དོན་ལུ་ སྒྲིག་སྟངས་ཚུ་གསལ་བཀོད་འབདཝ་ཨིན། དེ་གིས་ ཁྱོད་ཀྱི་ འཛུལ་སྤྱོད་གནད་སྡུད་དང་ འདྲེན་བྱེད་སྒྲིག་སྟངས་ དེ་ལས་ ཡིག་གཟུགས་ངེས་ཚིག་ལག་ལེན་ཚུ་གྲངས་སུ་བཙུགསཔ་ཨིན།

ལག་ལེན་པའི་མིང་།

གནད་སྡུད་གཞི་རྟེན་འཛུལ་སྤྱོད་འབད་ནི་ལུ་ལག་ལེན་པའི་མིང་ཡིག་དཔར་རྐྱབས།

ཆོག་ཡིག་དགོས་མཁོ་ཡོད།

དབང་སྤྲོད་མེད་མི་ལག་ལེན་པ་གནད་སྡུད་གཞི་རྟེན་འཛུལ་སྤྱོད་འབད་ནི་ལས་སྔོན་བཀག་འབདཝ་ཨིན། ཁྱོད་ཀྱིས་ཆོག་ཡིག་འདི་ལཱ་ཡུན་རེ་ལུ་ཚར་གཅིག་རྐྱངམ་གཅིག་བཙུགས་དགོ།

འདྲེན་བྱེད་སྒྲིག་སྟངས་ཚུ།

ཁ་སྐོང་འདྲེན་བྱེད་ཀྱི་སྒྲིག་སྟངས་ཚུ་བཙུགས་ནི་ལུ་ ་ཉེར་མཁོ་ཡོད་པ་ཅིན་ འ་ནི་ཚིག་ཡིག་ས་སྒོ་འདི་ལག་ལེན་འཐབ།

ཡིག་འབྲུའི་གཞི་སྒྲིག

་ LibreOffice ནང་གནད་སྡུད་གཞི་རྟེན་གྱི་མཐོང་སྣང་ལག་ལེན་འཐབ་ནི་ལུ་ ཁྱོད་ཀྱིས་དགོ་པའི་ ཨང་རྟགས་གཞི་བསྒྱུར་འདི་སེལ་འཐུ་འབད། དེ་གིས་གནད་སྡུད་གཞི་རྟེན་ལུ་ ཕན་གནོད་མེད། ཁྱོད་རའི་བཀོལ་སྤྱོད་རིམ་ལུགས་ཀྱི་ སྔོན་སྒྲིག་ཡིག་འབྲུ་གཞི་སྒྲིག་ལག་ལེན་འཐབ་ནི་ལུ་ གདམ་ཁ་རྐྱབས། "System" ཚིག་ཡིག་དང་ཌི་གཞི་རྟེན་ གནད་སྡུད་གཞི་རྟེན་ཚུ་ ཡིག་འབྲུ་ཚུ་ཆ་མཉམ་རང་ བཱའིཊིསི་གི་ཨང་གྲངས་ལྕོག་ཐདཔ་དང་བཅས་ ཨིན་ཀོ་ཌེཌི་འབད་ཡོད་པའི་ གཏན་བཟོས་འབད་བའི་ཚད་ཀྱི་ཡིག་འབྲུའི་རིང་ཚད་དང་བཅས་ ཡིག་འབྲུ་གཞི་སྒྲིག་འབད་ནི་འདི་ བཀག་དམ་རྐྱབས་ཡོད།

ཡོངས་ཁྱབ།

བཟོ་བཏོན་འབད་ཡོད་པའི་གནས་གོང་ཚུ་ལུ་ སླར་འདྲེན་འབད།

གིས་ ད་ལྟོའི་ཨོ་ཌི་བི་སི་ཡང་ན་ ཇེ་ཌི་བི་སི་གནད་སྡུད་འབྱུང་ཁུངས་དོན་ལས་ རང་བཞིན་གྱི་ ཡར་འཕར་འབད་ཡོད་པའི་གནད་སྡུད་ས་སྒོ་ཚུ་གི་ LibreOffice རྒྱབ་སྐྱོར་འདི་ ལྕོག་ཅན་བཟོཝ་ཨིན། ཨེསི་ཌི་བི་སི་ཨེགསི་ བང་རིམ་ནང་གི་རང་བཞིན་གྱི་ཡར་འཕར་ཁྱད་རྣམ་ལུ་ གནད་སྡུད་གཞི་རྟེན་གྱིས་རྒྱབ་སྐྱོར་མ་འབད་བ་ཅིན་ འ་ནི་ ཞིབ་དཔྱད་ཀྱི་སྒྲོམ་འདི་སེལ་འཐུ་འབད། སྤྱིར་གཏང་ལུ་འབད་བ་ཅིན་ རང་བཞིན་གྱི་ཡར་འཕར་འདི་ གཞི་རིམ་ལྡེ་མིག་ས་སྒོའི་དོན་ལུ་ སེལ་འཐུ་འབད་ཡོདཔ་ཨིན།

རང་བཞིན་ཡར་འཕར་གསལ་བཤད།

རང་བཞིན་ཡར་འཕར་ གསལ་བཀོད་འབད་ཡོད་པའི་ ཧྲིལ་ཨང་ གནད་སྡུད་ས་སྒོ་ལུ་ གནད་སྡུད་འབྱུང་ཁུངས་བསླབ་སྟོན་འབད་མི་གི་ ཨེསི་ཀིའུ་ཨེལ་བརྡ་བཀོད་གསལ་བཀོད་འབད་མི་འདི་བཙུགས། དཔེར་ན་ གནད་སྡུད་ས་སྒོ་གསར་བསྐྲུན་ལུ་ འཁྲུལ་བ་མེད་པའི་ཨེསི་ཀིའུ་ཨེལ་གསལ་བཤད་འདི་:

ཐིག་ཁྲམ་གསར་བསྐྲུན་འབད་ "table1" ("id" INTEGER)

མའི་ཨེསི་ཀིའུ་ཨེལ་གནད་སྡུད་གཞི་རྟེན་ནང་ "id" གནད་སྡུད་ས་སྒོ་ འདི་ རང་བཞིན་གྱི་ཡར་འཕར་འབད་ནི་ལུ་ གསལ་བཤད་འདི་བསྒྱུར་བཅོས་འབད་:

"table1" ("id" INTEGER AUTO_INCREMENT)ཐིག་ཁྲམ་གསར་བསྐྲུན་འབད།

མིང་ཚིག་གཞན་མི་ནང་འབད་བ་ཅིན་ རང་བཞིན་གྱི་ཡར་འཕར་འདི་ ར་བཞིན་ཡར་འཕར་གསལ་བཤད་སྒྲོམ་ནང་ལུ་ བཙུགས།

བཟོ་བཏོན་འབད་ཡོད་པའི་གནས་གོང་གི་འདྲི་དཔྱད།

གཞི་རིམ་གཙོ་བོའི་གནད་སྡུད་ས་སྒོའི་དོན་ལུ་ ཧེ་མའི་རང་བཞིན་ཡར་འཕར་གྱི་གནས་གོང་ སླར་ལོག་མི་ ཨེསི་ཀིའུ་ཨེལ་ གསལ་བཤད་འདི་བཙུགས། དཔེར་ན :

མཇུག་གི་_བཙུགས་_ཌི་();སེལ་འཐུ་འབད།

དམ་མི་ཟེར་མིང་བཀོད་དེ་ཡོད་མི་ ཨེསི་ཀིའུ་ཨེལ་ ༩༢་ འདི་ལག་ལེན་འཐབ།

གིས་ གནད་སྡུད་འབྱུང་ཁུངས་ནང་གི་ ཨེསི་ཀིའུ་ཨེལ་ ༩༢་ མིང་དམ་མི་ཚུ་ལུ་ མཐུན་མི་ ཡིག་འབྲུ་ཚུ་ལག་ལེན་འཐབ་མི་རྐྱངམ་ཅིག་གི་མིང་ཆོགཔ་ཨིན། ཡིག་འབྲུ་གཞན་མི་ཚུ་ཆ་མཉམ་དང་ལེན་སྤངས་བཞགཔ་ཨིན། ་རེ་རེ་གི་མིང་འདི་ འོག་གི་ཡི་གུ་ཡང་ན་ ཚུགས་ཡིག་ ཡང་ན་ འོག་ཐིག་( _ )གི་ཐོག་ལས་འགོ་བཙུགས་དགོ། ལྷག་ལུས་ཀྱི་ཡིག་འབྲུ་ཚུ་ ཨེ་ཨེསི་སི་ཨའི་ཨའི་ཡིག་གུ་ འོག་ཐིག་ཚུ་ དང་ ཨང་གྲངས་ཚུ་ནང་ བཏུབ།

ཡིག་སྣོད་གཞི་བཞག་ གནད་སྡུད་གཞི་རྟེན་གྱི་དོན་ལུ་ ཐོ་གཞུང་འདི་ལག་ལེན་འཐབ།

གིས་ ཐོ་གཞུང་གི་ད་ལྟོའི་གནད་སྡུད་འབྱུང་ཁུངས་འདི་ལག་ལེན་འཐབ་ཨིན། འ་ནི་འདི་ ཨོ་ཌི་བི་སི་གནད་སྡུད་འབྱུང་ཁུངས་ འདི་གནད་སྡུད་གཞི་རྟེན་སར་བར་ཨིན་པའི་བསྒང་ ཁག་ཆེཝ་ཨིན། ཨོ་ཌི་བི་སི་གནད་སྡུད་འབྱུང་ཁུངས་འདི་ ཌི་གཞི་རྟེན་འདྲེན་བྱེད་འབད་བ་ཅིན་ འ་ནི་ཞིབ་དཔྱད་སྒྲོམ་འདི་བསལ་ཏོག་ཏོ་སྦེ་བཞག

Please support us!