ཡོངས་ཁྱབ།

ཁྱོད་ཀྱིས་ གནད་སྡུད་གཞི་རྟེན་གྱི་ཐིག་ཁྲམ་འདི་ བདག་སྐྱོང་པ་སྦེ་གསར་བསྐྲུན་འབདཝ་ད་ ལག་ལེན་པའི་འཛུལ་སྤྱོད་དང་ གནད་སྡུད་ཞུན་དག་ཡང་ན་ ཐིག་ཁྲམ་གཞི་བཀོད་གཏན་འབེབས་བཟོ་ནིའི་དོན་ལུ་ ཁྱོད་ཀྱིས་འ་ནི་ཨེབ་ལྡེ་འདི་ལག་ལེན་འཐབ།

ཁྱོད་བདག་སྐྱོང་པ་མེན་པ་ཅིན་ སེལ་འཐུ་འབད་ཡོད་པའི་ ཐིག་ཁྲམ་དོན་ལུ་ ཁྱོད་རའི་འཛུལ་སྤྱོད་ཀྱི་ཐོབ་དབང་མཐོང་སྣང་ལུ་ ཁྱོད་རང་ ཡོངས་ཁྱབ་འདི་ལག་ལེན་འཐབ་བཏུབ།

ཐིག་ཁྲམ་གྱི་མིང་།

སེལ་འཐུ་འབད་ཡོད་པའི་ གནད་སྡུད་གཞི་རྟེན་ཐིག་ཁྲམ་གྱི་ མིང་འདི་བཀྲམ་སྟོན་འབདཝ་ཨིན།

དབྱེ་བ།

གནད་སྡུད་གཞི་རྟེན་གྱི་དབྱེ་བ་འདི་བཀྲམ་སྟོན་འབདཝ་ཨིན།

གནས་ཁོངས།

གནད་སྡུད་གཞི་རྟེན་ཐིག་ཁྲམ་གྱི་ འགྲུལ་ལམ་ཆ་ཚང་འདི་བཀྲམ་སྟོན་འབདཝ་ཨིན།

གནད་སྡུད་འདི་ལྷག

ལག་ལེན་པ་ལུ་གནད་སྡུད་ལྷག་བཅུགཔ་ཨིན།

གནད་སྡུད་འདི་བཙུགས།

ལག་ལེན་པ་ལུ་གནད་སྡུད་གསརཔ་བཙུགས་བཅུགཔ་ཨིན།

གནད་སྡུད་འདི་བསྒྱུར་བཅོས་འབད།

ལག་ལེན་པ་ལུ་གནད་སྡུད་བསྒྱུར་བཅོས་འབད་བཅུགཔ་ཨིན།

གནད་སྡུད་འདི་བཏོན་གཏང་།

ལག་ལེན་པ་ལུ་གནད་སྡུད་བཏོན་གཏང་བཅུགཔ་ཨིན།

ཐིག་ཁྲམ་གྱི་གཞི་བཀོད་འདི་བསྒྱུར་བཅོས་འབད།

ལག་ལེན་པ་ལུ་ཐིག་ཁྲམ་གྱི་གཞི་བཀོད་བསྒྱུར་བཅོས་འབད་བཅུགཔ་ཨིན།

ངེས་ཚིག

ལག་ལེན་པ་ལུ་ཐིག་ཁྲམ་གྱི་གཞི་བཀོད་བཏོན་གཏང་བཅུགཔ་ཨིན།

གཞི་བསྟུན་ཚུ་ལེགས་བཅོས་འབད།

ལག་ལེན་པ་ལུ་ངེས་འཛིན་འབད་ཡོད་པའི་གཞི་བསྟུན་ཚུ་ལེགས་བཅོས་འབད་བཅུགཔ་ཨིན་ དཔེར་ན་ ཐིག་ཁྲམ་གྱི་དོན་ལས་མཐུན་འབྲེལ་གསརཔ་ཚུ་བཙུགས་ནི་ལུ་ཡང་ན་ཡོད་བཞིན་པའི་མཐུན་འབྲེལ་ཚུ་བཏོན་གཏང་ནི་ལུ།

Please support us!