མཐུན་འབྲེལ་ཚུ།

ཐིག་ཁྲམ་གཉིས་ཀྱི་བར་ན་ ཁྱོད་ལུ་ ཞུན་དག་དང་ངེས་འཛིན་འབད་བཅུགཔ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

In a database file window, choose Tools - Relationships.


དྲན་འཛིན་ངོས་དཔར།

གནད་སྡུད་གཞི་རྟེན་གྱིས་རྒྱབ་སྐྱོར་འབད་བ་ཅིན་རྐྱངམ་ཅིག་ དུས་མཐུན་དང་བཏོན་གཏང་ནིའི་གདམ་ཁ་ཚུ་འཐོབ་ཚུགས།


ཐིག་ཁྲམ་ཚུ།

ཁྱོད་ཀྱིས་ འབྲེལ་མཐུད་གསརཔ་ཅིག་གསར་བསྐྲུན་འབད་བ་ཅིན་ ཁྱོད་ཀྱིས་ ཌའི་ལོག་གིི་མགོའི་ཆ་ཤས་ནང་ ཀོམ་བོའི་སྒྲོམ་རེ་རེ་ལས་ ཐིག་ཁྲམ་སེལ་འཐུ་འབད་བཏུབ།

འབྲེལ་མཐུད་སྒོ་སྒྲིག་ནང་ལུ་ཡོད་མི་ མཐུན་འབྲེལ་ལམ་ལུ་ གཡེབ་གཏང་ཐེང་གཉིས་ཨེབ་པའི་ཐོག་ལས་ གནས་དེ་ཡོད་པའི་འབྲེལ་མཐུད་དེ་གི་དོན་ལུ་ ཁྱོད་ཀྱིས་ འབྲེལ་མཐུད་ཁ་ཕྱེ་བ་ཅིན་ འབྲེལ་མཐུད་ནང་འབྲེལ་བ་ཡོད་མི་ཐིག་ཁྲམ་ཚུ་ ལེགས་བཅོས་འབད་མི་བཏུབ།

ལྡེ་མིག་གི་ས་སྒོ་ཚུ།

མཐུན་འབྲེལ་གྱི་དོན་ལས་ ལྡེ་མིག་གི་ས་སྒོ་འདི་ངེས་འཛིན་འབདཝ་ཨིན།.

འབྲེལ་མཐུད་དོན་ལུ་སེལ་འཐུ་འབད་ཡོད་པའི་ཐིག་ཁྲམ་ཚུ་གི་མིང་འདི་ ཀེར་ཐིག་མིང་སྦེ་འབྱུངམ་ཨིན། ཁྱོད་ཀྱིས་ས་སྒོ་ལུ་ཨེབ་གཏང་པ་ཅིན་ ཐིག་ཁྲམ་ལས་ས་སྒོ་སེལ་འཐུ་འབད་ནི་ལུ་ བརྡ་རྟགས་ཨེབ་རྟ་འདིི་ལག་ལེན་འཐབ། འབྲེལ་མཐུད་རེ་རེ་འདི་ གྲལ་ཐིག་ནང་འབྲི།

གདམ་ཁ་ཚུ་དུས་མཐུན་བཟོ།

གཞི་རིམ་གཙོ་བོའི་ས་སྒོ་ཅིག་ལུ་ བསྒྱུར་བཅོས་ཡོདཔ་ད་ ནུས་པ་འབད་མིའི་གདམ་ཁ་འདི་ ཁྱོད་ཀྱིས་སེལ་འཐུ་འབད།

བྱ་བ་མིན་འདུག

གཞི་རིམ་གཙོ་བོ་ལུ་བཟོ་དེ་ཡོད་པའི་བསྒྱུར་བཅོས་ དེ་གིས་ ཕྱིའི་ལྡེ་མིག་གི་ས་སྒོ་ཚུ་ལུ་ ཕན་གནོད་མེད་ཟེར་ གསལ་བཀོད་འབདཝ་ཨིན།

ཀེསི་ཀེཊི་འདི་དུས་མཐུན་བཟོ་དོ།

གཞི་རིམ་གཙོ་བོའི་ཆ་མཉམ་གྱི་གནས་གོང་འདི་ལེགས་བཅོས་འབད་དེ་ཡོད་པ་ཅིན་རྐྱངམ་ཅིག་ ཕྱིའི་ལྡེ་མིག་ས་སྒོ་ཚུ་ཆ་མཉམ་རང་དུས་མུན་བཟོཝ་ཨིན་ (ཀེསི་ཀེ་ཌིང་དུས་མཐུན་བཟོ།).

སྟོངས་ཆ་སྒྲིག་སྟང་འབད།

ཆ་མཉམ་པའི་གཞི་རིམ་གཙོ་བོ་འདི་ལེགས་བཅོས་འབད་དེ་ཡོད་པ་ཅིན་ ཕྱིའི་ལྡེ་མིག་གི་ས་སྒོ་ཆ་མཉམ་ལུ་ "IS NULL"གནས་གོང་ འདི་སྒྲིག་སྟངས་འབད་ནི་ལུ་ གདམ་ཁ་འདི་སེལ་འཐུ་འབད། འདི་སྟོང་ཆ་ཟེར་མི་འདི་ ས་སྒོ་འདི་སྟོངམ་ཨིན་ཟེར་བའི་དོན་ཨིན།

སྔོན་སྒྲིག་འདི་སྒྲིག་སྟངས་འབད།

ཆ་མཉམ་པའི་གཞི་རིམ་གཙོ་བོ་འདི་ལེགས་བཅོས་འབད་དེ་ཡོད་པ་ཅིན་ ཕྱིའི་ལྡེ་མིག་ས་སྒོ་ཚུ་ཆ་མཉམ་ལུ་ སྔོན་སྒྲིག་གནས་གོང་ཅིག་སྒྲིག་སྟངས་འབད་ནི་ལུ་ གདམ་ཁ་འདི་ལག་ལེན་འཐབ། ཆ་མཉམ་པའི་ཐིག་ཁྲམ་འདི་གསར་བསྐྲུན་འབདཝ་ད་ ཁྱོད་ཀྱིས་ ས་སྒོའི་རྒྱུ་དངོས་འདི་འཛུལ་སྤྱོད་འབདཝ་ད་རྐྱངམ་ཅིག་ ཕྱིའི་ལྡེ་མིག་གི་ས་སྒོ་གི་སྔོན་སྒྲིག་གནས་གོང་འདི་ ངེས་འཛིན་འབད་འོང་།

གདམ་ཁ་ཚུ་བཏོན་གཏང་།

གཞི་རིམ་གཙོ་བོ་གི་ས་སྒོ་འདི་ བཏོན་གཏང་བཞིནམ་ལས་ ནཱ་ལུ་ཁྱོད་ཀྱིས་ ནུས་པ་འབག་མི་གདམ་ཁ་འདི་སེལ་འཐུ་འབད་བཏུབ།

བྱ་བ་མིན་འདུག

གཞི་རིམ་གཙོ་བོ་དེ་བཏོན་གཏང་བཞིནམ་ལས་ གཞན་མི་ཕྱིའི་གཙོ་བོ་གི་ ས་སྒོ་དེ་གུ་ ནུས་པ་ག་ནི་ཡང་མི་འོང་ཟེར་གསལ་བཀོད་འབདཝ་ཨིན།་

ཀེསི་ཀེཊི་འདི་བཏོན་གཏང་།

ཁྱོད་ཀྱིས་ ཆ་མཉམ་པའི་གཞི་རིམ་གཙོའི་ས་སྒོ་འདི་བཏོན་གཏང་པ་ཅིན་ ཕྱིའི་ལྡེ་མིག་གི་ས་སྒོ་ཚུ་ཡང་ཐོན་འགྱོ་འོང་ཟེར་ གསལ་བཀོད་འབདཝ་ཨིན།.

ཉེན་བརྡའི་ངོས་དཔར།

ཀེསི་ཀེཊི་འདི་བཏོན་གཏང་ གདམ་ཁ་དང་བཅས་ ཁྱོད་ཀྱིས་གཞི་རིམ་གྱི་གཙོ་བོ་ས་སྒོ་འདི་བཏོན་གཏངམ་ད་ ཕྱི་རྒྱལ་གྱི་ལྡེ་མིག་སྦེ་ཡོད་མི་ འ་ནི་ལྡེ་མིག་ཡོད་མི་ཐིག་ཁྲམ་ལས་ཐོ་བཀོད་ཆ་མཉམ་ཐོན་འགྱོ་འོང་། འ་ནི་གདམ་ཁ་འདི་བདག་འཛིན་ལེགས་ཤོམ་གྱི་ཐོག་ལས་ལག་ལེན་འཐབ་ དེ་མེན་པ་ཅིན་ གནད་སྡུད་གཞི་རྟེན་གྱི་ཆ་ཤས་སྦོམ་ཅིག་བཏོན་གཏང་ཚུགས།


སྟོངས་ཆ་སྒྲིག་སྟང་འབད།

ཁྱོད་ཀྱིས་ ཆ་མཉམ་པའི་གཞི་རིམ་གཙོ་བོ་འདི་བཏོན་གཏང་པ་ཅིན་ "IS NULL" གནས་གོང་འདི་ ཕྱིའི་ལྡེ་མིག་གི་ས་སྒོ་ཚུ་ཆ་མཉམ་ལུ་ འགན་སྤྲོད་འབད་འོང་།

སྔོན་སྒྲིག་སྒྲིག་སྟངས་འབད།

ཁྱོད་ཀྱིས་ ཆ་མཉམ་པའི་གཞི་རིམ་གཙོ་བོ་འདི་བཏོན་གཏང་པ་ཅིན་ སྒྲིག་སྟངས་འབད་བའི་གཞི་སྒྲིག་འདི་ ཕྱིའི་ལྡེ་མིག་གི་ས་སྒོ་ཚུ་ཆ་མཉམ་ལུ་སྒྲིག་སྟངས་འབདཝ་ཨིན།

Please support us!