LibreOffice 7.6 Help
པར་འགྲེམས་ཀྱི་དབྱེ་བ་ གཏན་འབེབས་བཟོཝ་ཨིན།
ཁྱོད་ར་ གཞི་ཁྲམ་གྲལ་བཙུགས་འབད་ནི་དང་མགོ་མིང་གསར་བསྐྲུན་འབད་ནི་ ཡང་ན་ གསལ་སྟོན་དྲན་འཛིན་ཚུ་བཀྲམ་སྟོན་འབད་ནིའི་དད་འདོད་ཡོད་པ་ཅིན་ གསལ་བཀོད་འབད་བཏུབ།
རེ་བ་ལྟར་དུའི་ཕྱིར་འདྲེན་དོན་ལུ་ གཞི་རིམ་སྒྲིག་སྟངས་ཚུ་ ངེས་འཛིན་འབདཝ་ཨིན།
ཕྱིར་འདྲེན་ཤོག་ལེབ་ནང་ལས་ ཚད་ལྡན་ ཨེཅ་ཊི་ཨེམ་ཨེལ་ཤོག་ལེབ་ཚུ་ གསར་བསྐྲུན་འབདཝ་ཨིན།
ཚད་ལྡན་ཨེཅ་ཊི་ཨེམ་ཨེལ་ཤོག་ལེབ་ཚུ་གཞི་ཁྲམ་དང་བཅས་ གསར་བསྐྲུན་འབདཝ་ཨིན། ཕྱིར་འདྲེན་འབད་ཡོད་པའི་ཤོག་ལེབ་འདི་ གཞི་ཁྲམ་ངོ་མ་ནང་བཞག་འོང་ དེ་ལས་གཡོན་ཕྱོགས་ཀྱི་གཞི་ཁྲམ་འདི་གིས་ ཧའི་པར་ལིངཀསི་གི་རྣམ་པ་ནང་སྦེ་ ནང་དོན་ཐིག་ཁྲམ་ཅིག་ བཀྲམ་སྟོན་འབད་འོང་།
ཁྱོད་རའི་ཡིག་ཆའི་དོན་ལུ་ མགོ་མིང་ཤོག་ལེབ་ཅིག་གསར་བསྐྲུན་འབདཝ་ཨིན།
ཁྱོད་ཀྱི་དྲན་འཛིན་ཚུ་ཡང་ བཀྲམ་སྟོན་འབད་ཡོད་པའི་གསལ་བཀོད་འབདཝ་ཨིན།
སྔོན་སྒྲིག་ ཨེཅ་ཊི་ཨེམ་ཨེལ་གསལ་སྟོན་འདི་ ཀིའུསཀི་ཕྱིར་འདྲེན་སྦེ་གསར་བསྐྲུན་འབདཝ་ཨིན་ དེ་བསྒང་ལུ་ གསལ་བཀོད་འབད་ཡོད་པའི་དུས་ཡུན་དག་པ་ཅིག་གི་ཤུལ་ལས་ བཤུད་ནི་ཚུ་རང་བཞིན་གྱིས་མཐོ་རིམ་ཅན་ཨིན།
བཤུད་འགྱུར་འདི་ ཁྱོད་ཀྱིས་ གསལ་སྟོན་ནང་ལུ་བཤུད་པ་རེ་ལུ་ དུས་ཡུན་གཞི་སྒྲིག་འབད་མི་ལུ་རག་ལསཔ་ཨིན། ཁྱོད་ཀྱིས་ ལག་དེབ་ཤོག་ལེབ་ཀྱི་འགྱུར་བ་ཅིག་ གཞི་སྒྲིག་འབད་བ་ཅིན་ ཨེཅ་ཊི་ཨེམ་ཨེལ་གསལ་སྟོན་གྱིས་ ཁྱོད་རའི་ལྡེ་སྒྲོམ་ནང་ ལྡེ་མིག་ལུ་ཨེབ་པའི་ཐོག་ལས་ ཤོག་ལེབ་གསརཔ་ཅིག་ འགོ་བཙུགསཔ་ཨིན།
གསལ་བཀོ་འབད་ཡོད་པའི་དུས་ཚོད་རྫོགས་པའི་ཤུལ་མར་ ཤོག་ལེབ་འདི་རང་བཞིན་གྱིས་འགྱུརཝ་ཨིནམ་དང་ དེ་གསལསྟོན་གྱི་ནང་དོན་ལུ་བརྟེན་ནི་མེད་
བཤུད་པའི་བཀྲམ་སྟོན་རེ་ལུ་ དུས་ཡུན་བསྡོམས་ ངེས་འཛིན་འབདཝ་ཨིན།
མཇུག་གི་བཤུད་པ་འདི་བཀྲམ་སྟོན་འབད་བའི་ཤུལ་ལས་ ཨེཅ་ཊི་ཨེམ་ཨེལ་ གསལ་སྟོན་འདི་རང་བཞིན་གྱིས་ ལོག་འགོ་བཙུགསཔ་ཨིན།
ཝེབ་ཀསིཊི་ཕྱིར་འདྲེན་ནང་ རང་བཞིན་ཡིག་ཚུགས་འདི་པརཱལ་ ཡང་ན་ ཨེ་ཨེསི་པི་དང་བཅས་ བཟོ་བཏོན་འབད་འོང་། དེ་གིས་ ལྟདམོ་ལྟ་མིའི་ཝེབ་བརའུ་ཟར་ནང་ བཤུད་ནི་བསྒྱུར་བཅོས་འབད་ནི་ལུ་ གསལ་བཤད་པ་(དཔེར་ན་ བརྒྱུད་འཕྲིན་ཞལ་འཛོམས་ནང་ལུ་ གློག་རིག་ནང་བཤུད་སྟོན་ཅིག་ལག་ལེན་འཐབ་ཐོག་ཡོད་པའི་གསལ་་བཤད་པ་)འདི་ལྕོགས་ཅན་བཟོཝ་ཨིན། ཁྱོད་ཀྱིས་ ཤུལ་ལས་དབྱེ་ཚན་འདི་ནང་གི་ WebCast གུ་ལས་ བརྡ་དོན་ཁ་གསལ་འཐོབ།
ཁྱོད་ཀྱིས་ ཨེ་ཨེསི་པི་ གདམ་ཁ་འདི་སེལ་འཐུ་འབད་བཞི་སྐབས་ ཝེབ་ཀསིཊི་ཕྱིར་འདྲེན་གྱིས་་ ཨེ་ཨེསི་པི་ཤོག་ལེབ་ཚུ་ གསར་བསྐྲུན་འབདཝ་ཨིན། ཨེཅ་ཊི་ཨེམ་ཨེལ་གསལསྟོན་འདི་ ཝེབ་ཨར་བར་རྒྱབ་སྐྱོར་ ཨེ་ཨེསི་པི་གིས་རྐྱངམ་ཅིག་ བྱིནམ་ཚུགས།
ཨེཅ་ཊི་ཨེམ་ཨེལ་ ཤོག་ལེབ་དང་པརཱལ་ཡིག་ཚུགས་ གསར་བསྐྲུན་འབད་ནི་ལུ་ ཝེབ་ཀསི་ཊི་གིས་ལག་ལེན་འཐབ་ཡོདཔ།
གིས་ གསལ་སྟོན་བལྟ་ནི་ལུ་མཐོང་བྱེད་ཀྱིས་ཐོ་བཀོད་འབད་ཡོད་པའི་ ཡུ་ཨར་ཨེལ་ (ཡང་དག་ཡང་ན་འབྲེལ་ཡོདཔ་) འདི་གསལ་བཀོད་འབདཝ་ཨིན།
ཝེབ་སར་བར་གུ་ གསར་བསྐྲུན་འབད་ཡོད་པའི་ ཨེཅ་ཊི་ཨེམ་ཨེལ་གསལ་སྟོན་སྲུངས་ཡོད་པའི་ ཡུ་ཨར་ཨེལ་(ཡང་དག་ ཡང་ན་ འབྲེལ་བ་བ་ཡོད་མི་) གསལ་བཀོད་འབདཝ་ཨིན།
བཟོ་བཏོན་འབད་ཡོད་པའི་པརཱལ་ཡིག་ཚུགས་ཚུའི་དོན་ལུ་ ཡུ་ཨར་ཨེལ་(ཡང་དག་ ཡང་ན་ འབྲེལ་བ་ཡོད་མི་) གསལ་བཀོད་འབདཝ་ཨིན།
ཝེབ་ཀསིཊི་འཕྲུལ་རིག་ལག་ལེན་གྱི་ཐོག་ལས་ LibreOffice ཨིམ་པེརེསི་གསལ་སྟོན་ཚུ་ཕྱིར་འདྲེན་འབད་ནིའི་དོན་ལུ་ འབད་ཚུགས་པའི་གདམ་ཁ་གཉིས་ཡོད་: ཤུགས་ལྡན་གྱི་སར་བར་ཤོག་ལེབ་ཚུ་(ཨེ་ཨེསི་པི་)དང་པརཱལ།
གནད་དོན་གང་རུང་ཅིག་ནང་ ཝེབ་ཀསིཊི་ལུ་ ཨེཅ་ཊི་ཊི་པི་སར་བར་འབུལ་བ་ པརཱལ་ ཡངན་ ཨེ་ཨེསི་པི་འདི་ཡིག་ཚུགས་སྦེ་དགོཔ་ཨིན། དེ་འབད་ནི་འདི་གིས་ ཕྱིར་འདྲེན་གདམ་ཁ་འདི་ ལག་ལེན་འཐབ་ཡོད་པའི་ཨེཅ་ཊི་ཊི་པི་སར་བར་ལུ་བརྟེནམ་ཨིན།
LibreOfficeཨིམ་པེརེསི་ཡིག་ཆ་ཅིག་ནང་ ཨེ་ཨེསི་པི་ལུ་ཕྱིར་འདྲེན་འབད་ནིའི་དོན་ལས་ ཡིག་སྣོད་ - ཕྱིར་འདྲེན་འདི་ གདམས། དེ་ལས་ ཁྱོད་ཀྱིས་ ཨེཅ་ཊི་ཨེམ་ཨེལ་ ཡིག་ཆ་འདི་ ཡིག་སྣོད་དབྱེ་བ་སྦེ་གདམ་ཁ་རྐྱབ་པའི་ཕྱིར་འདྲེན་ཌའི་ལོག་ནང་ལྟ། ཁྱོད་ཀྱིས་ ཚར་ཅིག་སྣོད་ཐོ་འདི་གདམ་ཁ་བརྐྱབས་ཡོདཔ་དང་ ཡིག་སྣོད་མིང་ཅིག་ཐོ་བཀོད་འབད་ཞིནམ་ལས་ སྲུངས་གུ་ ཨེབ་གཏང་འབད། ཨེ་ཨེསི་པི་བཟུམ་སྦེ་ཕྱིར་འདྲེན་འབདཝ་ད་ ང་བཅས་ཀྱིས་ ཨེཅ་ཊི་ཨེམ་ཨེལ་ཡིག་སྣོད་ཀྱི་དོན་ལས་ "secret" ཡིག་སྣོད་མིང་ཅིག་སེལ་འཐུ་འབད་ནི་ལུ་འོས་སྦྱོར་འབདཝ་ཨིན་(ཁ་གསལ་དོན་ལས་ འོག་ལུ་ལྟ་)། དེ་ལས་ ཨེཅ་ཊི་ཊི་པི་ཡིག་ཆ་ ཌའི་ལོག་ལུ་ལྟ། ཁྱོད་ཀྱིས་སེལ་འཐུ་འབད་ཡོད་པའི་སྣོད་ཐོ་ལུ་ ཡིག་སྣོད་དག་པ་ཅིག་ འབྲི་འོང་།
ལྟདམོ་ལྟ་མི་གིས་ མཐོང་ཡོད་པའི་བཤུད་སྟོན་གྱི་བར་ན་ བསྒྱུར་བཅོས་འབད་ནི་ལུ་ གསལ་སྟོན་པ་གིས་ ཐོ་བཀོད་འབད་ཡོད་པའི་ཡིག་སྣོད་ ལག་ལེན་འཐབ་ཨིན། ཁྱོད་ཀྱིས་ ཝེབ་ཀསིཊི་ཡིག་སྣོད་ཚུ་ ཉེ་གནས་ལུ་ ཡང་ན་ ཐད་ཀར་དུ་ཨེཅ་ཊི་ཊི་པི་སར་བར་ལུ་ སྲུང་བཏུབ། དེ་ལས་ཤུལ་ལས་ཁྱོད་ཀྱིས་ ཨེཕ་ཊི་པི་གི་ཐོག་ལས་ ཉེ་གནས་ལུ་སྲུངས་ཡོད་པའི་ཡིག་སྣོད་ཚུ་ ཨེཅ་ཊི་ཊི་པི་སར་བར་ལུ་ གནས་སོར་གཏང་བཏུབ། ཡིག་སྣོད་ཚུ་ ཨེཅ་ཊི་ཊི་པི་སར་བར་གྱི་ལྟག་ལུ་ ཞུ་བ་འབད་ཡོད་པ་ཅིན་རྐྱངམ་ཅིག་ ཝེབ་ཀསིཊི་འདི་ལཱ་འབདཝ་ཨིནམ་དྲན་དགོ
ཨེཅ་ཊི་ཨེམ་ཨེལ་ཕྱིར་འདྲེན་སོ་སོར་གཉིས་ཀྱི་དོན་ལས་ སྣོད་ཐོ་ཅོག་འཐདཔ་ ལག་ལེན་མ་འཐབ།
ཨེཅ་ཊི་ཨེམ་ཨེལ་ ཕྱིར་འདྲེན་ཝི་ཛརཌི་གི་ཤོག་ལེབ་གཉིས་པ་གུ་ ཝེབ་ཀསིཊི་འདི་ དཔེ་བསྐྲུན་དབྱེ་བ་སྦེ་ སེལ་འཐུ་འབད།
ཝེབ་ཀསིཊི་གི་དོན་ལས་ གདམ་ཁའི་མངའ་ཁོངས་ནང་ ཤུགས་ལྡན་གྱི་སར་བར་ཤོག་ལེབ་ཚུ་ (ཨེ་ཨེསི་པི་) གདམ་ཁ་ སེལའཐུ་འབད། ད་ལས་ཕར་ཁྱོད་ཀྱིས་ སྒྲིག་སྟངས་གཞན་ཚུ་འཕྲོ་མཐུད་དེ་ངོས་འཛིན་འབད་ཚུགསཔ་དང་ ཡང་ན་ གསར་བསྐྲུན་ཨེབ་རྟ་གུ་ ཨེབ་གཏང་འབད་ཐོག་ལས་ ཕྱིར་འདྲེན་འགོ་བཙུགས།
ཁྱོད་ཀྱིས་ ཕྱིར་འདྲེན་འབད་ཡོད་པའི་ཡི་སྣོད་ཚུ་ ཨེཅ་ཊི་ཊི་པི་སར་བར་ནང་ལས་ འཛུལ་སྤྱོད་འབད་བའི་ཚེ་ར་ ཝེབ་ཀསིཊི་འདི་ལག་ལེན་འཐབ་བཏུབ།
དཔེར་བརྗོད་:
ཁྱོད་ཀྱིས་ ཁྱོད་རའི་གློག་རིག་གུ་ མའི་ཀོརོ་སོཕཊི་ ཨིན་ཊར་ནེཊི་ བརྡ་དོན་སར་བར་འདི་ གཞི་བཙུགས་འབད་ཡོད་པའི་དབང་ལུ་གཏང་། དེ་ལས་ ཨའི་ཨའི་ཨེསི་གཞི་སྒྲིག་འབད་བའི་སྐབས་ "c:\Inet\wwwroot\presentation"སྣོད་ཐོ་འདི་ ཨེཅ་ཊི་ཨེམ་ཨེལ་ ཨའུཊི་པུཊི་སྦེ་ ཐོ་བཀོད་འབད་ནུག ཁྱོད་ཀྱི་གློག་རིག་གི་ཡུ་ཨར་ཨེལ་འདི་ འོག་ལུ་བཀོད་དོ་བཟུམ་སྦེ་ཚོད་དཔག་འབད་ནུག་: "http://myserver.com"
ཁྱོད་ཀྱིས་ c:\Inet\wwwroot\presentation\སྣོད་ཐོ་ནང་ ཕྱིར་འདྲེན་ལས་སྦྱོར་གྱི་སྐབས་ གསར་བསྐྲུན་འབད་ཡོད་པའི་ཡིག་སྣོད་ཚུ་ སྲུངས་ནུག སྣོད་ཐོ་འདི་ནང་ ཕྱིར་འདྲེན་གྱིས་ "secret.htm"བཟུམ་གྱི་མིང་བཏགས་བཏུབ་པའི་ ཨེཅ་ཊི་ཨེམ་ཨེལ་ཡིག་སྣོད་ གསར་བསྐྲུན་འབདཝ་ཨིན། དེ་ལས་ སྲུང་བཞག་ཌའི་ལོག་ནང་ མིང་འདི་ཐོ་བཀོད་འབད་ནུག་(གོང་ལུ་ལྟ་)།གསལ་སྟོན་པ་གིས་ ད་ལས་ཕར་ ཇ་བ་ཡིག་ཚུགས་རྒྱབ་སྐྱོར་དང་ལྡན་པའི་ ཨེཅ་ཊི་ཊི་པི་བརྡ་འཚོལ་གང་རུང་ཅིག་ནང་ལུ་ http://myserver.com/presentation/secret.htm ཡུ་ཨར་ཨེལ་ ཐོ་བཀོད་འབད་ཐོག་ལས་ ཨེཅ་ཊི་ཊི་ཨེམ་ཨེལ་ ཕྱིར་འདྲེན་ལུ་ བརྡ་འཚོལ་འབད་ཚུགས། སྟོན་པ་འདི་གིས་ ད་རིས་ལས་ འབྲིཤོག་ཚད་འཛིན་ལ་ལོ་ཅིག་ལག་ལེན་འཐབ་ཐོག་པའི་སྒོ་ལས་ ཤོག་ལེབ་ལེགས་བཅོས་འབད་ཚུགས།
གསལ་སྟོན་པ་གིས་ ཡུ་ཨར་ཨེལ་ http://myserver.com/presentation/webcast.asp ལས་བརྒྱུད་དེ་ སེལ་འཐུ་འབད་ཡོད་མི་ བཤུད་ནི་འདི་ད་རིས་ལས་ ལྟདམོ་ལྟ་མི་ཚུ་གིས་མཐོང་ཚུགས། དེ་ཚུ་གིས་ ཡིག་སྣོད་མིང་ཚུ་མ་ཤེས་ཚུན་ ཡུ་ཨར་ཨེལ་འདི་ཁར་ཡོད་པའི་ བཤུད་པ་གཞན་ཚུ་ལུ་སྤོ་བཤུད་འབད་མི་ཚུགས། དེ་འབདཝ་ད་ ཨེཅ་ཊི་ཊི་པི་སར་བར་གྱིས་ སྣོད་ཐོའི་ཐོ་ཡིག་ཚུ་སྟོན་ནི་མེདཔ་འབད་དགོ
LibreOffice ཨིམ་པེརེསི་ཡིག་ཆ་ཅིག་ནང་ཕྱིར་འདྲེན་འབད་ནི་ལུ་ ཡིག་སྣོད་ - ཕྱིར་འདྲེན་འདི་་གདམས། འདི་གིས་ ཕྱིར་འདྲེན་ཌའི་ལོག་ ཁ་ཕྱེཝ་ཨིནམ་དང་ དེ་ནང་ ཁྱོད་ཀྱིས་ ཨེཅ་ཊི་ཊི་ཨེམ་ཨེལ་ འདི་ ཡིག་སྣོད་དབྱེ་བ་སྦེ་ སེལ་འཐུ་འབད་ཡི། སྣོད་འཛིན་སེལ་འཐུ་འབད་བའི་ཤུལ་དང་ ཡིག་སྣོད་མིང་ཅིག་ཐོ་བཀོད་འབད་བའི་ཤུལ་ལས་ སྲུངས་ལུ་ ཨེབ་གཏང་འབད། འདི་གིས་ ཨེཅ་ཊི་ཨེམ་ཨེལ་ ཕྱིར་འདྲེན་ཝི་ཛརཌི་ཁ་ཕྱེཝ་ཨིན། འདི་གིས་ ཁྱོད་ཀྱིས་སེལ་འཐུ་འབད་ཡོད་པའི་སྣོད་འཛིན་ལུ་ ཡིག་སྣོད་ལ་ལོ་ཅིག་འབྲི་འོང་།
ཐོ་བཀོད་འབད་ཡོད་པའི་ཡིག་སྣོད་མིང་འདི་ བཤུད་ནི་ལས་བརྒྱུད་དེ་སོར་བསྒྱུར་འབད་ནི་ལུ་ གསལ་སྟོན་པ་གིས་ལག་ལེན་འཐབ་འོང་། སྣོད་ཐོ་སྟོངམ་ སེལའཐུ་འབད།
ཨེཅ་ཊི་ཨེམ་ཨེལ་ ཕྱིར་འདྲེན་ཤོག་གི་ཤོག་ལེབ་གཉིས་པམ་ནང་ ཝེབ་ཀསིཊི་འདི་ དཔེ་བསྐྲུན་དབྱེ་བ་སྦེ་ སེལའཐུ་འབད།
ཝེབ་ཀསིཊི་དོན་ལུ་ གདམ་ཁ་མངའ་ཁོངས་ནང་ པརཱལ་སེལ་འཐུ་འབད།
ཉན་མི་ ཚིག་ཡིག་སྒྲོམ་གྱི་དོན་ལུ་ ཡུ་ཨར་ཨེལ་ནང་ ལྟདམོ་ལྟ་མི་གིས་ལག་ལེན་འཐབ་ནི་ཨིན་པའི་ཨེཅ་ཊི་ཨེམ་ཨེལ་ཡིག་ཆ་གི་མིང་ ཐོ་བཀོད་འབད། གསལ་སྟོན་ གྱི་དོན་ལུ་ ཡུ་ཨར་ཨེལ་ནང་ གསལ་སྟོན་གྱི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པའི་སྣོད་ཐོའི་ཡུ་ཨར་ཨེལ་ ཐོ་བཀོད་འབད་ དེ་ལས་ ཡུ་ཨར་ཨེལ་ པརཱལ་ཡིག་ཚུགས་ནང་ སི་ཇི་ཨའི་ཡི་ཚུགས་སྣོད་ཐོའི་དོན་ལུ་ ཡུ་ཨར་ཨེལ་ཐོ་བཀོད་འབད། ད་འབདན་ཁྱོད་ཀྱིས་ ཝི་ཛརཌི་གི་འོག་ལུ་ཡོད་པའི་ཤོག་ལེབ་ཚུ་གུ་ སྒྲིག་སྟངས་ཧེང་བཀལ་ངེས་འཛིན་འབད་ཚུགས་ ཡང་ན་ Create ཨེབ་རྟ་གུ་ཨེབ་གཏང་འབད་ཐོག་ལས་ ཕྱིར་འདྲེན་ལས་སྦྱོར་འདི་འགོ་བཙུགས་ཚུགས།
ཕྱིར་འདྲེན་གྱི་སྐབས་ལུ་གསར་བསྐྲུན་འབད་ཡོད་པའི་ཡིག་སྣོད་ཚུ་ ད་ལས་ཕར་ པརཱལ་ལྕོགས་ཅན་བཟོ་ཡོད་པའི་སར་བར་ནང་ གཞི་སྒྲིག་འབད་དགོ པརཱལ་རྒྱབ་སྐྱོར་དང་ལྡན་པའི་ཨེཅ་ཊི་ཊི་པི་སར་བརསི་འདྲ་མིན་སྣ་ཚོགས་ལས་བརྟེན་ འདི་རང་བཞིན་གྱིས་འབད་མི་བཏུབ། ཤུལ་དཔྱད་འབད་ནིའི་དོན་ལུ་ རིམ་པ་ཚུ་ཤུལ་ལས་འགྲེལ་བཤད་འབད་འོང་། རིམ་པ་འདི་ཚུ་ཁྱོའ་རའི་སར་བར་གུ་འཇུག་སྤྱོད་ག་དེ་སྦེ་འབད་ནི་ཨིན་ན་ ཁྱོད་རའི་སར་བར་ལག་དེབ་འདི་གཞི་བསྟུན་འབད་ ཡང་ན་ ཁྱོད་རའི་ཡོངས་འབྲེལ་བདག་སྐྱོང་པ་ལུ་དྲི།
ཁྱོད་ཀྱིས་དང་པ་ར་ ཕྱིར་འདྲེན་སྐབས་གསར་བསྐྲུན་འབད་ཡོད་པའི་ཡིག་སྣོད་ཚུ་ ངེས་ལྡན་སྣོད་་ཐོའི་ཨེཅ་ཊི་ཊི་པི་སར་བར་གུ་ སྤོ་བཤུད་འབད།
གསལ་སྟོན་གྱི་དོན་ལུ་ ཚིག་ཡིག་སྒྲོམ་ ཡུ་ཨར་ཨེལ་ནང་གཞི་བསྟུན་འབད་ཡོད་པའི་ཡིག་སྣོད་ ཨེཅ་ཊི་ཨེམ་དང་ཇེ་པི་ཇི་ དེ་ལས་ཇི་ཨའི་ཨེཕ་རྒྱ་བསྐྱེད་དང་ལྡན་མི་ཚུ་ སྣོད་ཐོ་ནང་ཁྱོད་རའི་ཨེཅ་ཊི་ཊི་པི་སར་བར་གུ་ སྤོ་བཤུད་འབད།
པརཱལ་ཡིག་ཚུགས་ ཚིག་ཡིག་སྒྲོམ་གྱི་དོན་ལས་ ཡི་ཨར་ཨེལ་ནང་ལུ་ གཞི་བསྟུན་འབད་དེ་ཡོད་པའི་ pl དང་ txt རྒྱ་བསྐྱེད་ཅན་དང་ལྡན་པའི་ཡིག་སྣོད་ཚུ་ཆ་མཉམ་ སྣོད་ཐོ་ནང་ཁྱོད་རའི་ཨེཅ་ཊི་ཊི་པི་སར་བར་གུ་ སྤོ་བཤུད་འབད་དགོཔ་ཨིན། དེ་ནང་་ཡོད་པའི་པརཱལ་ཡིག་ཚུགས་ཚུ་གིས་ཡང་ ཨེཅ་ཊི་ཊི་པི་ཞུ་བ་གི་ཐོག་ལས་ གཡོག་བཀོལ་བཏུབ་པའི་སྒོ་ལས་ སྣོད་ཐོ་འདི་རིམ་སྒྲིག་འབད་དགོཔ་ཨིན།
ཨེཅ་ཊི་ཊི་སར་བར་གྱིས་ pl རྒྱ་བསྐྱེད་དང་བཅས་ ལག་ལེན་འཐབ་བཏུབ་པའི་རང་དབང་ཡོད་པའི་ཡིག་སྣོད་ཚུ་ ཡུ་ནིགསི་རིམ་ལུགས་གུ་ གནང་བ་བྱིན། སྤྱིར་བཏང་ལུ་ འ་ནི་འདི་ chmod བརྡ་བཀོད་ཀྱི་ཐོག་ལས་ བཟོཝ་ཨིན། currpic.txt ཡི་སྣོད་ཀྱི་རང་དབང་འདི་ འབྲི་བཏུབ་འབད་ཨེཅ་ཊི་ཊི་པི་སར་བར་གྱིས་གཞི་སྒྲིག་་འབད་དགོ
ད་འབདན་ ཁྱོད་ཀྱིས་ ཝེབ་ཀསིཊི་འདི་ལག་ལེན་འཐབ་ཚུགསཔ་འབད་དགོ
དཔེར་བརྗོད་:
དཔེར་བརྗོད་འདི་ནང་ ཁྱོད་ལུ་ ཨེཅ་ཊི་ཊི་པི་སར་བར་དང་བཅས་ལི་ནགསི་གློག་རིག་ཅིག་འདུག ཁྱོད་ཀྱི་ཨེཅ་ཊི་ཊི་སར་བར་གྱི་ཡུ་ཨར་ཨེལ་འདི་ http://myserver.com ཨིནམ་དང་ ཁྱོད་ཀྱི་ཨེཅ་ཊི་ཨེམ་ཨེལ་ཡིག་ཆའི་ཨའུཊི་པུཊི་སྣོད་ཐོ་འདི་ //user/local/http/སྣོད་ཐོ་ཨིན། ཁྱོད་ཀྱི་ པརཱལ་ཡིག་ཚུགས་ཚུ་//user/local/http/cgi-bin/ སྣོད་ཐོ་ནང་ཡོདཔ་ཨིན། ཉན་མི་ཚུའི་དོན་ལུ་ secret.htm འདི་ ཕྱིར་འདྲེན་ཡིག་སྣོད་མིང་སྦེ་བཀོད་འབད་ནི་དང་ presentation.htmའདི་ ཡུ་ཨར་ཨེལ་སྦེ་ཐོ་བཀོད་འབད། ཡུ་ཨར་ཨེལ་ནང་གསལ་སྟོན་ཚིག་ཡིག་སྒྲོམ་གྱི་དོན་ལས་ http://myserver.com/presentation/ དང་ ཡུ་ཨར་ཨེལ་ པརཱལ་ཡིག་ཚུགས་ དོན་ལུ་ http://myserver.com/cgi-bin/ཐོ་བཀོད་འབད།
//user/local/http/presentation/ སྣོད་ཐོ་ནང་ཕྱིར་འདྲེན་འབད་བའི་སྐབས་ ཁྱོད་རའི་ཨེཅ་ཊི་ཊི་པི་སར་བར་གུ་གསལ་བཀོད་འབད་ཡོད་པའི་ སྣོད་ཐོའི་ནང་ལས་ *.htm, *.jpg and *.gif ཡིག་སྣོད་ཚུ་ཆ་མཉམ་འདྲ་བཤུས་རྐྱབས་ དེ་ལས་ *.pl and *.txt རྒྱ་བསྐྱེད་དང་བཅས་ ཡིག་སྣོད་ཚུ་ཆ་མཉམ་ //user/local/http/cgi-bin/ སྣོད་ཐོ་ནང་ལུ་ ཡིག་སྣོད་ཚུ་ཆ་མཉམ་ འདྲ་བཤུས་རྐྱབས།
ཁྱོད་རའི་སར་བར་གུ་རྩ་བ་སྦེ་ ནང་བསྐྱོད་འབད་ཞིནམ་ལས་ //user/local/http/cgi-bin/ སྣོད་ཐོ་ལུ་སོར་བསྒྱུར་འབད། ཁྱོད་ཀྱིས་ chmod བརྡ་བཀོད་ལག་ལེན་གྱི་ཐོག་ལས་ མཉམ་པའི་ཐོབ་དབང་ཚུ་ངེས་འཛིན་འབད་ཚུགས།
ཁྱོད་ཀྱིས་ པརཱལ་ཡིག་སྣོད་ཚུ་གཞི་བཙུགས་འབད་ནི་ཚི་ཚར་ཅིག་རྫོགས་ཞིནམ་ལས་ གསལ་སྟོན་པ་གིས་གསལ་སྟོན་འབད་ཚུགས། ཉན་མི་ཚུ་གིས་ ཡུ་ཨར་ཨེལ་ http://myserver.com/presentation/presentation.htm.གི་འོག་ལུ་ གསལ་སྟོན་འདི་མཐོང་ཚུགས།