LibreOffice 24.8 Help
དཔར་འཕྲིན་དོན་ལུ་ཝི་ཛརཌི་ཁ་ཕྱེཝ་ཨིན། ཝི་ཛརཌི་གིས་ཁྱོད་ལུ་ དཔར་འཕྲིན་དོན་ལུ་ཡིག་ཆ་ཊེམ་པེལེཊིསི་གསར་བསྐྲུན་འབད་ནི་ལུ་ཆ་རོགས་འབད་བཏུབ། དེ་ལས་ ཁྱོད་ཀྱིས་དཔར་འཕྲུལ་ཅིག་ནང་དཔར་འཕྲིན་ཡིག་ཆ་ཚུ་ ཡངན་ དཔར་འཕྲིན་འདྲེན་བྱེད་མཉེན་ཆས་ཡོད་པ་ཅིན་ དཔར་འཕྲིན་མ་འཕྲུལ་ནང་དཔར་བསྐྲུན་འབད།
LibreOffice དཔར་འཕྲིན་ཡིག་ཆའི་དོན་ལུ་ ཊེམ་པེལེཊི་ཅིག་དང་བཅས་འབྱུངམ་ཨིནམ་དང་ འདི་ང་བཅས་ཀྱིས་ རང་གི་དགོ་འདོད་ཚུ་འགྲུབ་ཚུགས་ནི་ལུ་ ཝི་ཛརཌི་དང་བཅས་ལེགས་བཅོས་འབད་ཚུགས། ཝི་ཛརཌི་འདི་གིས་ ཡིག་ཆ་ཊེམ་པེལེཊི་ཅིག་གསར་བསྐྲུན་འབད་ནི་ནང་རིམ་པ་བཞིན་སྟོནམ་ཨིནམ་དང་ སྒྲིག་བཀོད་སྣ་ཚོགས་དང་བཀོད་སྒྲིག་གདམ་ཁ་ཚུ་བྱིནམ་ཨིན། ཁྱོད་ལུ་ ཡིག་ཆའི་སྔོན་ལྟ་གིས་ རྫོགས་སོང་བའི་དཔར་འཕྲིན་འདི་ག་དེ་སྦེ་འབྱུང་འོང་ག་གི་སྤྲོ་སྣང་བྱིནམ་ཨིན།
ཌའི་ལོག་ནང་འཁོད་ལུ་ཁྱོད་ཀྱིས་ ཐོ་བཀོད་དང་གདམ་ཁ་ཚུ་ནམ་འབད་རུང་ལེགས་བཅོས་འབད་ཚུགས། དེ་མ་ཚད་ཁྱོད་ཀྱིས་ ཤོག་ལེབ་ཧྲིལ་བུ་ ཡངན་ ཝི་ཛརཌི་ཤོག་ལེབ་ཆ་མཉམ་ལས་ གོམ་འགྱོ་ཚུགས་ དེ་བསྒང་ལུ་ད་ལྟོའི་(ཡངན་ སྔོན་སྒྲིག་)སྒྲིག་སྟངས་ཚུ་ནུས་ལྡན་སྦེ་སྡོད་འོང་།
ཧེ་མའི་ཤོག་ལེབ་གུ་གདམ་ཁ་བརྐྱབ་ཡོད་པའི་སྒྲིག་སྟངས་ཚུ་སྟོན་ནི་ལུ་ ལོག་ ཨེབ་རྟ་འདི་ལུ་ཨེབ་གཏང་འབད། ཁྱོད་ཀྱིས་ཨེབ་རྟ་འདི་ཨེབ་གཏང་འབད་བ་ཅིན་ ད་ལྟོའི་སྒྲིག་སྟངས་འདི་ལེགས་བཅོས་འབད་ནི་ཡང་ན་ བཏོན་གཏང་མི་བཏུབ་ཨིན། ལོག་འདི་ཤོག་ལེབ་གཉིས་པ་ལས་ ཤུགས་ལྡན་འོངམ་ཨིན།
ཝི་ཛརཌི་འདི་གིས་ ད་ལྟོའི་སྒྲིག་སྟངས་འདི་སྲུང་ནི་དང་ ཤུལ་མའི་ཤོག་ལེབ་ལུ་འགྱོཝ་ཨིན། ཁྱོད་ཀྱིས་མཇུག་གི་ཤོག་ལེབ་ལུ་ལྷོད་ཞིནམ་ལས་ ཤུལ་མམ་ཤུལ་མའི་ཨེབ་རྟ་འདི་ ཤུགས་མེད་འགྱོཝ་ཨིན།
ཁྱོད་རའི་སེལ་འཐུ་དང་འཁྲིལ་ཏེ་ ཝི་རཛཌིསི་དེ་གིས་ ཡིག་ཆའི་ཊེམ་པེལེཊི་ཅིག་གསར་བསྐྲུན་འབད་ཞིནམ་ལས་སྲུངམ་ཨིན། ཊེམ་པེལེཊི་གུ་གཞི་བཞག་ཡོད་པའི་ཡིག་ཆ་གསརཔ་འདི་ ཡིག་སྣོད་མིང་ "UntitledX"དང་བཅས་ ལཱ་གི་མངའ་ཁོངས་ནང་འབྱུངམ་ཨིན།