LibreOffice 24.8 Help
ཊེམ་པེལེཊི་ཡི་གུ་ཅིག་གི་དོན་ལུ་ ཝི་ཛརཌི་འགོ་བཙུགསཔ་ཨིན། ཁྱོད་ཀྱིས་ ཊེམ་པེལེཊི་འདི་དང་ཚོང་འབྲེལ་དང་རང་དོན་ཡིག་འགྲུལ་གཉིས་ཀྱི་དོན་ལུ་ལག་ལེན་འཐབ་ཚུགས།
LibreOfficeའདི་ རང་དོན་ ཡངན་ ཚོང་འབྲེལ་ཡི་གུ་ཚུའི་དོན་ལུ་ དཔེ་ཚད་ཊེམ་པེལེཊིསི་དང་བཅས་འབྱུངམ་ཨིནམ་དང་ དེ་ཡང་ཁྱོད་ཀྱིས་ ཝི་ཛརཌི་གི་ཐོག་ལས་ཁྱོད་རའི་དོན་ལས་ སྲོལ་སྒྲིག་འབད་བཏུབ་ཨིན། ཝི་ཛརཌི་གིས་ ཡིག་ཆ་ཊེམ་པེལེཊི་གསར་བསྐྲུན་འབདཝ་ད་ ཁྱོད་ལུ་རིམ་པ་བཞིན་དུ་འབད་བཅུགཔ་ཨིནམ་དང་ སྒྲིག་བཀོད་སྣ་ཚོགས་དང་བཀོད་སྒྲིག་གདམ་ཁ་ཚུ་བྱིནམ་ཨིན། སྔོན་ལྟ་གིས་ཁྱོད་ལུ་ ཁྱོད་ཀྱིས་གདམ་ཁ་བརྐྱབས་ཡོད་པའི་སྒྲིག་སྟངས་ཚུའི་ཐོག་ལས་ རྫོགས་སོང་བའི་ཡི་གུ་འདི་ག་དེ་སྦེ་འབྱུང་འོང་ག་གི་སྤྲོ་སྣང་བྱིནམ་ཨིན།
ཝི་ཛརཌི་ནང་འཁོད་ལུ་ ཁྱོད་ཀྱིས་ཁྱོད་རའི་ཐོ་བཀོད་དང་གདམ་ཁ་ཚུ་ནམ་འབད་རུང་ལེགས་བཅོས་འབད་བཏུབ། དེ་མ་ཚད་ ཁྱོད་ཀྱིས་ ཤོག་ལེབ་ཧྲིལ་བུ་གོམ་འགྱོ་ཚུགསཔ་འོང་ ཡང་ན་ ཝི་ཛརཌི་ཤོག་ལེབ་ཚུ་ཆ་མཉམ་ནང་ (སྔོན་སྒྲིག་)ད་ལྟོའི་སྒྲིག་སྟངས་ཚུ་ནུས་ལྡན་སྦེ་སྡོད་འོང་།
ཁྱོད་ ཚོང་འབྲེལ་ཡི་གུ་ཅིག་གསར་བསྐྲུན་འབདཝ་ཨིན་པ་ཅིན་ ཁྱོད་ཀྱིས་ ཁྱོད་རའི་ཡིག་ཆའི་གྲངས་སུ་བཙུགས་ནིའི་དོན་ལས་ ཆ་ཤས་འདྲ་མིན་སྣ་ཚོགས་སེལ་འཐུ་འབད་བཏུབ་ དེ་ཡང་ རང་དོན་ཡི་གུ་འཇུག་སྤྱོད་འབད་བཏུབ་མིན་པའི་ དཔེར་ན་ དོན་ཚན་གྲལ་ཐིག་བཟུམ། ཁྱོད་ཀྱིས་ རང་དོན་ ཡི་གུའི་གདམ་ཁ་འདི་གདམ་པ་ཅིན་ ཚོང་འབྲེལ་ཡི་གུ་ལུ་དམིགས་བསལ་གྱིས་ནང་ན་ཆ་ཤས་ཡོད་པའི་ཤོག་ལེབ་ལ་ལོ་ཅིག་ ཝི་ཛརཌི་ཌའི་ལོག་གི་གྲངས་སུ་མི་རྩིསཝ་ཨིན།
ཁྱོད་ཀྱིས་ ཧེ་མའི་རིམ་པ་ཚུ་གུ་བཟོ་ཡོད་པའི་སེལ་འཐུ་ཚུ་བལྟ་བཅུགཔ་ཨིན། ད་ལྟོའི་སྒྲིག་སྟངས་ཚུ་སྲུང་བཞག་འབད་འོང་།
ད་ལྟོའི་སྒྲིག་སྟངས་ཚུ་སྲུང་བཞག་འབདཝ་ཨིནམ་དང་ ཤོག་ལེབ་ཤུལ་མམ་ནང་འཕྲོ་མཐུདཔ་ཨིན།
ཁྱོད་ཀྱི་སེལ་འཐུ་དང་འཁྲིལ་བ་ཅིན་ ཝི་ཛརཌི་གིས་ ཡིག་ཆ་ཊེམ་པེལེཊི་གསརཔ་ཅིག་གསར་བསྐྲུན་འབད་ཞིནམ་ལས་ ཁྱོད་རའི་ཧརཌི་ཌིཀིསི་གུ་སྲུང་བཞག་འབདཝ་ཨིན། LibreOfficeགིས་ ཡོད་བཞིན་པའི་ཊེམ་པེལེཊིསི་ལུ་གཞི་བཞག་སྟེ་ "Untitled X"མིང་(ཨེགསི་འདི་ རིམ་མཐུད་ཨང་རྟགས་ལུ་གོཝ་ཨིན་)དང་གཅིག་ཁར་ ཡིག་ཆ་ཅིག་གསར་བསྐྲུན་འབད་ཞིནམ་ལས་ ལཱ་གི་མངའ་ཁོངས་གུ་བཀྲམ་སྟོན་འབདཝ་ཨིན།
གདམས་ཡོད་པའི་ཊེམ་པེལེཊི་དང་འཁྲིལ་ཏེ་ LibreOffice གིས་ ཝི་ཛརཌི་ནང་སྒྲིག་སྟངས་ཚུ་སྲུང་བཞག་འབདཝ་ཨིན། སྒྲིག་སྟངས་ཚུ་ ཤུལ་ལས་ཁྱོད་ཀྱིས་ཝི་ཛརཌི་ཤུགས་ལྡན་བཟོ་བའི་སྐབས་ལུ་ སྔོན་སྒྲིག་སྒྲིག་སྟངས་སྦེ་ལག་ལེན་འཐབ་ཨིན།