ཚིག་ཡིག

ཁྱོད་ཀྱིས་ གནད་སྡུདགཞི་རྟེན་གྱི་ཀེར་ཐིག་བཙུགས་ཌའི་ལོག་ནང་ ཚིག་ཡིག་གདམ་ཁ་སེལ་འཐུ་འབད་བ་ཅིན་ གནད་སྡུད་འབྱུང་ཁུངས་བརྡ་འཚོལ་ནང་གི་གནད་སྡུད་སེལ་འཐུ་འབད་ཡོད་པའི་ནང་དོན་འདི་ ཡིག་ཆ་ནང་ཚིག་ཡིག་སྦེ་བཙུགས་ཅི། ཌའི་ལོག་ནང་ ཁྱོད་ཀྱིས་ གནད་སྡུད་གཞི་རྟེན་གྱི་ས་སྒོ་ ཡང་ན་ ཀེར་ཐིག་ག་འདི་གནས་སོར་འབད་ཡོདཔ་ཨིན་ན་དང་ཚིག་ཡིག་ག་འདི་རྩ་སྒྲིག་འབད་ཡོདཔ་ཨིན་ན་ ཐག་བཅད་ཚུགས།

གནད་སྡུད་ལས་ཚིག་ཡིགལས་འགན་འདི་གདམ་ཁ་རྐྱབ་པའི་བསྒང་ལུ་སེལ་འཐུ་འབད་ཡོད་པའི་དྲན་ཐོ་ལེ་ཤ་ར་སེལ་འཐུ་འབད་ཡོད་པ་ཅིན་ ཡིག་འཕྲིན་མཉམ་སྡོམ་ས་སྒོ་ཚུ་ དྲན་ཐོའི་ཨང་གྲངས་དང་འཁྲིལ་ཏེ་ བཙུག་འོང་།

ཚིག་ཡིག

Text མངའ་ཁོངས་ནང་ ཁྱོད་ཀྱིས་ས་སྒོའི་ནང་དོན་ཚུ་བཙུག་དགོ་མནོ་བའི་གནད་སྡུད་གཞི་རྟེན་གྱི་ཀེར་ཐིག་ཚུ་སེལ་འཐུ་འབད་ནི་གི་དོན་ལུ་ མདའ་རྟགས་ཨེབ་རྟ་འདི་ལག་ལེན་འཐབ།

གནད་སྡུད་གཞི་རྟེན་གྱི་ཀེར་ཐིག་ཚུ།

དེ་ཚུཕ་ཡིག་ཆ་ནང་བཙུག་ནི་ལུ་ སེལ་འཐུ་ཐོ་ཡིག་ནང་དང་ལེན་འབད་བཏུབ་པའི་གནད་སྡུད་གཞི་རྟེན་ཐིག་ཁྲམ་གྱི་ཀེར་ཐིག་ཚུ་ཐོ་བཀོད་འབདཝ་ཨིན། ཁྱོད་ཀྱིས་ཡིག་ཆ་ནང་བཙུག་དགོ་མནོ་མི་ གནད་སྡུད་གཞི་རྟེན་གྱི་ཀེར་ཐིག་ཚུ་སེལ་འཐུ་འབད།

>

Moves the fields that you selected in the Database columns list box into the selection field. You can also double-click the entry to select it.

སེལ་འཐུ་འབད།

ཁྱོད་ཀྱིས་ ཡིག་ཆ་ནང་བཙུག་ནི་ཨིན་པའི་སེལ་འཐུ་འབད་ཡོད་པའི་གནད་སྡུད་གཞི་རྟེན་གྱི་ཀེར་ཐིག་ཚུ་ཐོ་བཀོད་འབདཝ་ཨིན། དེ་མ་ཚད་ཁྱོད་ཀྱིས་ ནཱ་ལུ་ཚིག་ཡིག་བཙུགས་བཏུབ། ཚིག་ཡིག་འདི་ཡིག་ཆ་ནང་ལུ་ཡང་བཙུགས་བཏུབ་ཨིན། སེལ་འཐུ་ས་སྒོ་ནང་གི་ཐོ་བཀོད་གོ་རིམ་འདི་ ཡིག་ཆ་ནང་ལུ་གནད་སྡུད་གོ་རིམ་དང་ཆ་མཉམ་ཨིན།

རྩ་སྒྲིག།

ཡིག་ཆ་ནང་གནད་སྡུད་གཞི་རྟེན་གྱི་ས་སྒོ་བཙུག་ནི་གི་དོན་ལས་ རྩ་སྒྲིག་གསལ་བཀོད་འབདཝ་ཨིན།

གནད་སྡུད་གཞི་རྟེན་ནང་ལས།

གནད་སྡུད་གཞི་རྟེན་གྱི་རྩ་སྒྲིག་དང་ལེན་འབདཝ་ཨིན།

སེལ་འཐུ་འབད།

གནད་སྡུད་ས་སྒོ་ལ་ལོ་ཅིག་གི་རྩ་སྒྲིག་བརྡ་དོན་དང་ལེན་མ་འབད་བ་ཅིན་ ཐོ་ཡིག་ནང་ལས་རྩ་སྒྲིག་ཅིག་གསལ་བཀོད་འབདཝ་ཨིན། ནཱ་ལུ་བཀྲམ་སྤེལ་འབད་ཡོད་པའི་རྩ་སྒྲིག་ཚུ་ གནད་སྡུད་གཞི་རྟེན་ལ་ལོ་ཅིག་ དཔེར་ན་ ཨང་གྲངས་ ཡངན་ བུ་ལིན་ལུ་རྐྱངམ་ཅིག་ལངམ་ཨིན། ཁྱོད་ཀྱིས་ ཚིག་ཡིག་རྩ་སྒྲིག་ནང་གནད་སྡུད་གཞི་རྟེན་ས་སྒོ་ཅིག་སེལ་འཐུ་འབད་བ་ཅིན་ ཚིག་ཡིག་རྩ་སྒྲིག་འདི་རང་བཞིན་གྱིས་ རྒྱུན་སྐྱོང་འབད་ནི་ཡོདཔ་ལས་ ཁྱོད་ཀྱིས་ སེལ་འཐུ་ཐོ་ཡིག་ནང་ལས་ རྩ་སྒྲིག་གང་ཡང་སེལ་འཐུ་འབད་མི་ཚུགས།

ཁྱོད་ཀྱིས་དགོ་མི་རྩ་སྒྲིག་འདི་ཐོ་བཀོད་མ་འབད་བ་ཅིན་ "Other Formats..." སེལ་འཐུ་འབད་ཞིནམ་ལས་ ཨང་གྲངས་རྩ་སྒྲིག་ ཌའི་ལོག་ནང་ རེ་འདུན་བསྐྱེད་ཡོད་པའི་རྩ་སྒྲིག་འདི་ངེས་འཛིན་འབད།

སེལ་འཐུ་ཐོ་ཡིག་ལག་ལེན་འཐབ་པའི་ཐོག་ལས་འགན་སྤྲོད་འབད་ཡོད་པའི་ཨང་གྲངས་རྩ་སྒྲིག་འདི་ ཨ་རྟག་ར་གནད་སྡུད་གཞི་རྟེན་གྱི་ཀེརཐིག་ ཐོ་ཡིག་སྒྲོམ་ནང་སེལ་འཐུ་འབད་ཡོད་པའི་གནད་སྡུད་གཞི་རྟེན་གྱི་ས་སྒོ་ལུ་གཞི་བསྟུན་འབདཝ་ཨིན།

དོན་མཆམས་ཀྱི་བཟོ་རྣམ།

སྔོན་སྒྲིག་གི་ཐོག་ལས་ བཙུགས་ཡོད་པའི་དོན་མཚམས་ཚུ་ ད་ལྟོའི་དོན་མཚམས་བཟོ་རྣམ་དང་གཅིག་ཁར་ རྩ་སྒྲིག་འབད་ཡི། རྩ་སྒྲིག་འདི་ "none" entry in the དོན་མཚམས་བཟོ་རྣམ་ ཐོ་ཡིག་སྒྲོམ་དང་ཆ་མཉམ་ཨིན། འ་ནི་འདི་ ཁྱོད་ཀྱིས་ཡིག་ཆ་ནང་བཙུག་དགོ་མནོ་མི་དོན་མཚམས་ལུ་འཇུག་སྤྱོད་འབད་ནི་ཨིན་པའི་དོན་མཚམས་བཟོ་རྣམ་སོ་སོ་སེལའཐུ་འབད་ས་ཨིན། ཐོ་ཡིག་སྒྲོམ་འདི་གིས་ LibreOffice ནང་ངེས་འཛིན་འབད་ཡོད་པའི་དོན་མཚམས་བཟོ་རྣམ་ཚུ་བཀྲམ་སྟོན་འབདཝ་ཨིནམ་དང་ བཟོ་རྣམ་ཐོ་གཞུང་ནང་འཛིན་སྐྱོང་འཐབ་ཅི།

Please support us!