LibreOffice 26.2 Help
In the གནད་སྡུད་གཞི་རྟེན་གྱི་ཀེར་ཐིག་བཙུགས་ ཌའི་ལོག་ནང་ སེལ་འཐུ་འབད་ཡོད་པའི་གནད་སྡུད་འདི་ཡིག་ཆ་ནང་ཐིག་ཁྲམ་སྦེ་བཙུག་ནི་གི་དོན་ལུ་ ཐིག་ཁྲམ་ གདམ་ཁ་སེལ་འཐུ་འབད། ཌའི་ལོག་ནང་ ཁྱོད་ཀྱིས་ གནད་སྡུད་གཞི་རྟེན་ ཡངན་ ཀེར་ཐིག་ག་འདི་གནས་སོར་འབདཝ་ཨིན་ན་དང་ ཚིག་ཡིག་ཐིག་ཁྲམ་འདི་ རྩ་སྒྲིག་འབདཝ་ཨིན་ན་ ཐག་བཅད་ཚུགསཔ་ཨིན།
ཐིག་ཁྲམ་ མངའ་ཁོངས་ནང་ གནད་སྡུད་གཞི་རྟེན་གྱི་ཐིག་ཁྲམ་སེལ་འཐུ་འབད་ནི་གི་དོན་ལུ་ ཁྱོད་ཀྱིས་ཚིག་ཡིག་ཐིག་ཁྲམ་ལུ་འཇུག་སྤྱོད་འབད་ནི་ཨིན་པའི་མདའ་རྟགས་ལྡེ་མིག་འདི་ ལག་ལེན་འཐབ།
གནད་སྡུད་གཞི་རྟེན་གྱི་ཀེར་ཐིག་ཚུ་ ཚིག་ཡིག་ཐིག་ཁྲམ་ནང་བཙུག་ནི་ཨིན་པའི་གསལ་བཀོད་འབདཝ་ཨིན། ཐིག་ཁྲམ་ཀེར་ཐིག་(ཚུ་) ཐོ་ཡིག་སྒྲོམ་ནང་ལུ་ དང་ལེན་མ་འབད་བའི་གནད་སྡུད་གཞི་རྟེན་གྱི་ཐིག་ཁྲམ་ཀེར་ཐིག་ཚུ་ཆ་མཉམ་ར་ ནཱ་ལུ་ཐོ་ཡིག་བཀོད་དེ་ཡོད། ཐོ་བཀོད་ཚུ་ཀ་ཁའི་གོ་རིམ་བཞིན་དབྱེ་སེལ་འབད་ཡི།
ཡིག་ཆ་ནང་བཙུག་དགོ་པའི་གནད་སྡུད་གཞི་རྟེན་གྱི་ཀེར་ཐིག་ཆ་མཉམ་ར་ ཐོ་ཡིག་བཀོདཔ་ཨིན། ཀེར་ཐིག་འདི་ ཐིག་ཁྲམ་ནང་ལུ་ ཆ་མཉམ་པའི་ཐོ་བཀོད་རེ་རེ་ནང་ འགན་སྤྲོད་འབད་འོང་། ཐིག་ཁྲམ་ཀེར་ཐིག་(ཚུ་)ཐོ་ཡིག་སྒྲོམ་ནང་གི་ཐོ་བཀོད་གོ་རིམ་གྱིས་ ཚིག་ཡིག་ཐིག་ཁྲམ་ནང་ གནད་སྡུད་གོ་རིམ་གཏན་འབེབས་འབདཝ་ཨིན།
ཐོ་ཡིག་བཀོད་ཡོད་པའི་གནད་སྡུད་གཞི་རྟེན་གྱི་ས་སྒོ་ཚུ་ ཐིག་ཁྲམ་ཀེར་ཐིག་(ཚུ་)ཐོ་ཡིག་སྒྲོམ་ནང་ སྤོ་བཤུད་འབདཝ་ཨིན། ཐིག་ཁྲམ་ཀེར་ཐིག་(ཚུ་) ཐོ་ཡིག་སྒྲོ་ནང་ཐོ་ཡིག་བཀོད་ཡོད་པའི་ས་སྒོ་ཚུ་ཆ་མཉམ་ར་ ཡིག་ཆ་ནང་བཙུགས་ཅི།
སེལ་འཐུ་འབད་ཡོད་པའི་གནད་སྡུད་གཞི་རྟེན་གྱི་ས་སྒོ་འདི་ ཐིག་ཁྲམ་ཀེར་ཐིག་(ཚུ་) ཐོ་ཡིག་སྒྲོམ་ནང་ སྤོ་བཤུད་འབདཝ་ཨིན། དེ་མ་ཚད་ཁྱོད་ཀྱིས་ འདི་ཐིག་ཁྲམ་ཀེར་ཐིག་(ཚུ་) ཐོ་ཡིག་སྒྲོམ་ནང་སྤོ་བཤུད་འབད་ནི་གི་དོན་ལུ་ ཐོ་བཀོད་གུ་ཚར་གཉིས་ཨེབ་གཏང་འབད་ཚུགས། Table column(s) ཐོ་ཡིག་སྒྲོམ་ནང་ཐོ་ཡིག་བཀོད་འབད་ཡོད་པའི་ས་སྒོ་ཚུ་ཆ་མཉམ་ ཡིག་ཆ་ནང་ལ་བཙུགས་ཡོདཔ།
སེལ་འཐུ་འབད་ཡོད་པའི་གནད་སྡུད་གཞི་རྟེན་གྱི་ས་སྒོ་འདི་ ཐིག་ཁྲམ་ཀེར་ཐིག་(ཚུ་)ཐོ་ཡིག་སྒྲོམ་ནང་ལས་ རྩ་བསྐྲད་གཏངམ་ཨིན། རྩ་བསྐྲད་བཏང་ཡོད་པའི་ས་སྒོ་འདི་ ཡིག་ཆ་ནང་མ་བཙུགས།
གནད་སྡུག་གཞི་རྟེན་གྱི་ས་སྒོ་ཚུ་ཆ་མཉམ་ར་ ཐིག་ཁྲམ་ཀེར་ཐིག་(ཚུ་)ཐོ་ཡིག་སྒྲོམ་ནང་ལས་ རྩ་བསྐྲད་གཏངམ་ཨིན།
ཡིག་ཆ་ནང་གནད་སྡུད་གཞི་རྟེན་གྱི་ས་སྒོ་བཙུག་ནི་གི་དོན་ལས་ རྩ་སྒྲིག་གསལ་བཀོད་འབདཝ་ཨིན།
གནད་སྡུད་གཞི་རྟེན་གྱི་རྩ་སྒྲིག་དང་ལེན་འབདཝ་ཨིན།
གནད་སྡུད་ས་སྒོ་ལ་ལོ་ཅིག་གི་རྩ་སྒྲིག་བརྡ་དོན་དང་ལེན་མ་འབད་བ་ཅིན་ ཐོ་ཡིག་ནང་ལས་རྩ་སྒྲིག་ཅིག་གསལ་བཀོད་འབདཝ་ཨིན། ནཱ་ལུ་བཀྲམ་སྤེལ་འབད་ཡོད་པའི་རྩ་སྒྲིག་ཚུ་ གནད་སྡུད་གཞི་རྟེན་ལ་ལོ་ཅིག་ དཔེར་ན་ ཨང་གྲངས་ ཡངན་ བུ་ལིན་ལུ་རྐྱངམ་ཅིག་ལངམ་ཨིན། ཁྱོད་ཀྱིས་ ཚིག་ཡིག་རྩ་སྒྲིག་ནང་གནད་སྡུད་གཞི་རྟེན་ས་སྒོ་ཅིག་སེལ་འཐུ་འབད་བ་ཅིན་ ཚིག་ཡིག་རྩ་སྒྲིག་འདི་རང་བཞིན་གྱིས་ རྒྱུན་སྐྱོང་འབད་ནི་ཡོདཔ་ལས་ ཁྱོད་ཀྱིས་ སེལ་འཐུ་ཐོ་ཡིག་ནང་ལས་ རྩ་སྒྲིག་གང་ཡང་སེལ་འཐུ་འབད་མི་ཚུགས།
ཁྱོད་ཀྱིས་དགོ་མི་རྩ་སྒྲིག་འདི་ཐོ་བཀོད་མ་འབད་བ་ཅིན་ "Other Formats..." སེལ་འཐུ་འབད་ཞིནམ་ལས་ ཨང་གྲངས་རྩ་སྒྲིག་ ཌའི་ལོག་ནང་ རེ་འདུན་བསྐྱེད་ཡོད་པའི་རྩ་སྒྲིག་འདི་ངེས་འཛིན་འབད།
སེལ་འཐུ་ཐོ་ཡིག་ལག་ལེན་འཐབ་པའི་ཐོག་ལས་འགན་སྤྲོད་འབད་ཡོད་པའི་ཨང་གྲངས་རྩ་སྒྲིག་འདི་ ཨ་རྟག་ར་གནད་སྡུད་གཞི་རྟེན་གྱི་ཀེརཐིག་ ཐོ་ཡིག་སྒྲོམ་ནང་སེལ་འཐུ་འབད་ཡོད་པའི་གནད་སྡུད་གཞི་རྟེན་གྱི་ས་སྒོ་ལུ་གཞི་བསྟུན་འབདཝ་ཨིན།
གནད་སྡུད་འདི་ཐིག་ཁྲམ་ཅིག་གི་རྣམ་པ་ལུ་སྦེ་ ཡིག་ཆ་ནང་བཙུག་ནི་ལུ་ ཐིག་ཁྲམ་བདེན་པའི་གདམ་ཁ་འདི་ ཤུགས་ལྡན་ཨིན་དགོ དེ་ལས་འབདན་ཁྱོད་ཀྱིས་ གནད་སྡུད་གཞི་རྟེན་ས་སྒོ་གི་རྩ་སྒྲིག་ངེས་འཛིན་འབད་ནི་ལུ་ཐིག་ཁྲམ་ཀེར་ཐིག་(ཚུ་) ཐོ་ཡིག་སྒྲོམ་ནང་ལས་ གནད་སྡུད་གཞི་རྟེན་གྱི་ས་སྒོ་ཅིག་སེལ་འཐུ་འབད་ཚུགས། ཨང་གྲངས་རྩ་སྒྲིག་ལུ་བསྒྱུར་བཅོས་འབད་མི་འདི་ མཇུག་གི་སེལ་འཐུ་ནང་ལུ་འཇུག་སྤྱོད་འབད་འོང་། གནད་སྡུད་གཞི་རྟེན་གྱི་ས་སྒོ་འདི་ གནད་སྡུད་གཞི་རྟཻན་གྱི་ཀེར་ཐིག་ ཐོ་ཡིག་སྒྲོམ་ ཡང་ན་ ཐིག་ཁྲམ་ཀེར་ཐིག་(ཚུ་) ཐོ་ཡིག་སྒྲོམ་ནང་ལས་སེལ་འཐུ་འབད་ཡོད་རུང་ཁྱད་མེད།
Specifies whether to insert a header line for the columns in the text table.
གནད་སྡུད་གཞི་རྟེན་ཐིག་ཁྲམ་གྱི་ས་སྒོའི་མིང་ཚུ་ ཚིག་ཡིག་ཐིག་ཁྲམ་གྱི་ཀེར་ཐིག་རེ་རེ་བཞིན་ལུ་ མགུ་རྒྱན་སྦེ་ལག་ལེན་འཐབ་ཨིན།
ཚིག་ཡིག་ཐིག་ཁྲམ་ནང་ མགུ་རྒྱན་གྲལ་ཐིག་སྟོངམ་ བཙུགསཔ་ཨིན། ཁྱོད་ཀྱིས་ གྲལ་ཐིག་རྐྱངམ་ཅིག་གསར་བསྐྲུན་འབད་ གདམ་ཁ་ལག་ལེན་གྱི་ཐོག་ལས་ གནད་སྡུད་གཞི་རྟེན་གྱི་ས་སྒོའི་མིང་དང་ཆ་མི་མཉམ་པའི་ ཡིག་ཆ་ནང་མགུ་རྒྱན་ངེས་འཛིན་འབད་ཚུགས།
ཁྱོད་ལུ་ མཐའ་མཚམས་དང་རྒྱབ་གཞི་དེ་ལས་ ཀེར་ཐིག་རྒྱ་ཚད་བཟུམ་གྱི་ཐིག་ཁྲམ་རྒྱུ་དངོས་ ངེས་འཛིན་འབད་ནིའི་ནུས་པ་བྱིན་པའི་ ཌའི་ལོག་ཁ་ཕྱེཝ་ཨིན།
Opens the dialog, in which you can select format styles that are immediately applied when inserting the table.