LibreOffice 25.2 Help
Opens forms in Design Mode so that the form can be edited.
ཁྱོད་ཀྱི་འབྲི་ཤོག་གི་ཚད་འཛིན་ཤུགས་ལྡན་བཟོ་མི་བཏུབ་ ཡང་ན་ གནད་སྡུད་གཞི་རྟེན་གྱི་དྲན་ཐོ་འདི་ཚུ་གི་ བཀོད་སྒྲིག་ཐབས་ལམ་ནང་ ཞུན་དག་འབད་མི་བཏུབ། ག་དེ་སྦེ་ཨིན་རུང་ ཁྱོདཀྱི་ཚད་འཛིན་གྱི་ གནས་ས་དང་ ཚད་འདི་ཚུ་ བསྒྱུར་བཅོས་འབད་བཏུབ་ཨིནམ་མ་ཚད་ བཀོད་སྒྲིག་ཐབས་ལམ་ནང་ གཞན་མི་རྒྱུ་དངོས་ཚུ་ཞུན་དག་འབད་ཞིནམ་དང་ ཚད་འཛིན་ཚུ་ཁ་སྐོང་ ཡང་ན་ བཏོན་གཏང་བཏུབ།
ཁྱོད་ཀྱི་ ཁྱོད་རའི་འབྲི་ཤོག་འདི་ཞུན་དག་འབད་ཚར་ཞིནམ་ལས་ འབྲི་ཤོག་འགྲུལ་བསྐྱོདཔ་གྱི་ནང་ "Forms"ལུ་ གཡས་ཀྱི་ཨེབ་གཏང་འབད་ཞིནམ་ལས་བཀོད་སྒྲིག་ཐབསལམ་ནང་ཁ་ཕྱེ་ནི་འདི་ སེལ་འཐུ་མ་འབད་བར་བཞག་ ཁྱོད་རང་རྫོགསཔ་དང་ ཁྱོད་རའི་འབྲི་ཤོག་འདི་ཚུ་ སྲུངས་བཞག་འབད།
འབྲི་ཤོག་ཡིག་ཆ་འདི་ འབྲི་མ་བཏུབ་བཟོ་ཡོད་པ་ཅིན་ བཀོད་སྒྲིག་ཐབས་ལམ་ནང་གི་ཁ་ཕྱེ་ནིའིབཀོད་སྒྲིག་འདི་ སྣང་མེད་སྦེ་བཞགཔ་ཨིན།