LibreOffice 25.2 Help
གནས་གོང་ཐིག་ཁྲམ་གྱི་ས་སྒོ་ཚུ་ དང་ ཐོ་ཡིག་ཐིག་ཁྲམ་ཚུ་ འབྲེལ་ལམ་ཡོད་མི་ཚུ་ བརྒྱུད་དེ་ བརྡ་སྟོན་འབདཝ་ཨིན།
གནས་གོང་གི་ཐིག་ཁྲམ་འདི་ ཐོ་ཡིག་གི་ས་སྒོ་འདི་ཚུ་བཙུགས་ཡོད་པའི་ ད་ལྟོའི་འབྲི་ཤོག་གི་ཐིག་ཁྲམ་འདི་ཨིན། ཐོག་ཡིག་གི་ཐིག་ཁྲམ་འདི་ ཐོ་ཡིག་གི་ས་སྒོ་ནང་ སྟོན་ནི་ཨིན་མི་ གནད་སྡུད་ ཐིག་ཁྲམ་ཅིག་ཨིན། ཐིག་ཁྲམ་གཉིས་ཆ་རང་ མཐུན་མོངས་གྱི་གནད་སྡུད་ས་སྒོའི་ ལྟགས་ལས་སྦེ་ འབྲེལ་མཐུད་འབད་དགོཔ་ཨིན། འ་ནི་འབྲེལ་མཐུད་དེ་ཚུ་ ཝི་ཛརཌི་གི་ ཤོག་ལེབ་གུར་ ཐོ་བཀོད་འབད་ནི་ཨིན་མས། ས་སྒོ་གི་མིང་འདི་ཚུ་ ཨིན་ཅི་མེན་ཅི་ ཅོག་འཐདཔ་སྦེ་ མི་དགོ་ (ཐིག་ཁྲམ་གཉིས་ཆ་རང་ནང་ ས་སྒོ་གི་མིང་ཚུ་ ག་དེ་སྦེ་ ངེས་འཛིན་འབད་ཡོདཔ་ཨིན་ན་ལུ་ རག་ལསཔ་ཨིན།)འདི་འབདཝ་ད་ ས་སྒོ་གཉིས་ཆ་རང་ལུ་ ས་ས་སྒོའི་དབྱེ་བ་ ཅོག་འཐདཔ་དགོཔ་ཨིན།
འབྲེལ་མཐུད་ཡོད་པའི་ ཐིག་ཁྲམ་ནང་ ས་སྒོ་ཅིག་ལུ་ འབྲེལ་བ་ཡོད་མི་ ད་ལྟོའི་འབྲི་ཤོག་གནད་སྡུད་ཀྱི་ས་སྒོ་འདི་ གསལ་བཀོད་འབདཝ་ཨིན། ཁ་སྐོང་ལུ་ ཐོ་ཡིག་ས་སྒོ་གི་འོག་ལུ་ དང་འདོད་ཡོད་མི་གནད་སྡུདཀྱི་ ས་སྒོ་འདི་ལུ་ ཨེབ་གཏང་འབད།
ཚད་འཛིན་ - རྒྱུ་དངོས་ཚུ་གི་ནང་ གསལ་བཀོད་འབད་ཡོད་པའི་ ས་སྒོ་འདི་གིས་ གནད་སྡུད་ ཨེབ་ལྡེ་ ཤོག་ལེབ་ཀྱི་ནང་ གནད་སྡུད་ ས་སྒོ་གི་འོག་ལུ་ཐོ་བཀོད་སྦེ་ འབྱུང་འོང་།
གསལ་བཀོད་འབད་ཡོད་པའི་ གནས་གོང་ཐིག་ཁྲམ་གི་ས་སྒོ་འདི་ལུ་ འབྲེལ་བ་ཡོད་མི་ འབྲེལ་ལམ་ཡོད་པའི་ ཐིག་ཁྲམ་གནད་སྡུད་ ས་སྒོ་འདི་གསལ་བཀོད་འབདཝ་ཨིན། ཁ་སྐོང་ལུ་ འོག་གི་ཐོ་ཡིག་ས་སྒོའི་ནང་ གནད་སྡུད་ཀྱི་སྒོ་འདི་ལུ་ ཨེབ་གཏང་འབད།
ཚད་འཛིན་ - རྒྱུ་དངོས་ཚུ་ནང་གསལ་བཀོད་འབད་ཡོད་པའི་ ས་སྒོ་འདི་གིས་ ཨེསི་ཀིའུ་ཨེལ་གསལ་བཤད་གྱི་ གནད་སྡུད་ཨེབ་ལྡེ་ཤོག་ལེབ་ ཐོ་ཡིག་ ནང་དོན་གྱི་འོག་ལུ་འབད་མི་ནང་འབྱུང་འོང་།